ཞིབ་བརྟག་བརྡ་བརྒྱུད་ལག་དེབ་འདི་ ཀཱོན་རེཌི་ ཨེ་ཌི་ནུརསི་ཊིཕ་ཏུང་ ༼ཀེ་ཨེ་ཨེསི་༽ (KAS) གི་ ལས་འགུལ་ཅིག་ཨིན། ལག་དེབ་འདི་ སིང་ག་པོར་ལུ་ཡོད་པའི་ ཀེ་ཨེ་ཨེསི་གི་ ཨེ་ཤི་ཡ་བརྡ་བརྒྱུད་ལས་རིམ་གྱིས་ ཤར་ལྷོ་ཡུ་རོབ་དང་ སོ་ཕི་ཡ་ བཱལ་ག་རི་ཡའི་ ཀེ་ཨེ་ཨེསི་ བརྡ་བརྒྱུད་ལས་རིམ་དང་ མཉམ་འབྲེལ་འབད་དེ་ བཟོ་སྒྲིག་འབད་ཡི། ང་བཅས་ཀྱིས་ ལག་དེབ་འདི་ དུས་རྒྱུན་དུ་ དུས་མཐུན་བཟོ་བཞིན་དུ་ རིམ་གྱིས་སྦེ་ སྐད་ཡིག་ག་དེ་མང་མང་ཅིག་ནང་ སྐད་སྒྱུར་རྐྱབ་པའི་བསྒང་ཡོད།

ཀེ་ཨེ་ཨེསི་དེ་ ཇར་མཱན་གྱི་གཞི་ཚོགས་ཅིག་ཨིནམ་ད་ མིང་དེ་ཡང་ ཧོ་ལོ་ཀཱསི་དང་ འཛམ་གླིང་དམག་ཆེན་༢ པ་ལུ་བརྟེན་པའི་ དཀའ་སྡུག་མྱོངས་པའི་ཤུལ་ལུ་ ཇར་མཱན་རྒྱལ་ཁབ་དང་ མི་སེར་ཚུ་ ལོག་སྟེ་ར་ དམང་གཙོའི་རིང་ལུགས་ལུ་ བཀོད་ནི་ལུ་ འགོ་ཁྲིད་འབད་མི་ ཇར་མ་ནི་གི་དབུ་ཁྲིད་ ཀཱོན་རེཌི་ཨེ་ཌི་ནུར་གྱི་ མཚན་གྱི་རྗེས་སུ་དྲངས་ཏེ་བཏགས་ནུག། ད་རེས་ནངས་པར་ འཛམ་གླིང་ནང་ ཡིག་ཚང་༡༢༠ ཡོད་མི་ ཀེ་ཨེ་ཨེསི་དེ་ དམངས་གཙོའི་རིང་ལུགས་དང་ མི་སྡེའི་ཚོང་འབྲེལ་དཔལ་འབྱོར་ ཁྲིམས་ཀྱི་རིང་ལུགས་ཚུ་ དར་ཁྱབ་གཏང་ནི་ལུ་ འཛམ་གླིང་ནང་ བརྡ་དོན་སྐུལ་ཁྱབ་འབད་མི་ཅིག་ཨིན།
དཔར་དབང་-