༣.༡ གལ་གནད་ཅན་ཚུ་ གཙོ་རིམ་བཟོ་དགོཔ།

༣.༡ གལ་གནད་ཅན་ཚུ་ གཙོ་རིམ་བཟོ་དགོཔ།


མི་གེ་ར་ ལཱ་འབད་ཐངས་སོ་སོ་ཨིནམ་ལས་ རང་མགུ་འཐོམས་ཏེ་ མི་ལུས་ནི་གི་དོན་ལུ་ རང་གི་འཛོལ་བའམ་ སྐྱོན་ཆ་ཚུ་ ངོས་འཛིན་འབད་དགོ། དཔེར་ན་ ཞིབ་དཔྱད་ཅིག་ འགོ་བཙུགས་པའི་སྐབས་ལུ་ ཁྱོད་ཀྱིས་ཡིག་ཆ་ག་དེ་མང་མང་ ལྷག་ནི་ལུ་བརྩོན་འོང་། འདི་འབདཝ་ད་ ཡིག་ཆ་ལྷག་ནི་དེ་ལུ་ དུས་ཚོད་ལེ་ཤ་འགོར་བའི་ཁ་ལུ་ རང་གི་དུས་ཚོད་ནང་འཁོད་ལུ་ འབད་མ་ཚར་བའི་ ཞིབ་འཚོལ་འབད་དགོ་པའི་ འབྲེལ་གཏུགས་ཡིག་ཆ་ཚུ་དང་འཕྱད་འོང་། དེ་གིས་སྦེ་ གློག་རིག་ཡོངས་འབྲེལ་ནང་ བརྡ་དོན་ཚུ་ དུས་ཚོད་ལེ་ཤ་མ་འགོར་བར་ མགྱོགས་པར་ཐོབ་ཚུགས་པའི་ཐབས་རིག་ དཔེར་ན་ མིང་ཚིག་གཙོ་ཅན་ཚུ་ལུ་ ལུང་འདྲེན་གྱི་རྟགས་བཀལ་ནི་དང་ ཡོངས་འབྲེལ་ནང་གི་ འབྲེལ་གཏུགས་ཡིག་ཚུ་ལུ་ བུག་མར་ཀིང་ (book marking) འབད་ནི་ཚུ་ ལག་ལེན་འཐབ་དགོ།

འདི་བཟུམ་སྦེ་ འཕྱད་ཚུགས་པར་ ལཱ་ཁག་ཡོད་མི་ མཁས་མཆོག་ཕུད་རྡོག་གཅིག་ལུ་ བརྟེན་ཏེ་མ་སྡོད་པར་ འབྲེལ་བ་ཡོད་པའི་མི་ངོ་ ག་དེ་མང་མང་ལུ་ འབྲེལ་གཏུགས་འབད་དགོ། ཁྱོད་ཀྱི་ཞིབ་དཔྱད་འདི་ འགོ་བཙུགས་པའི་གནས་སྐབས་འདི་ནང་ གཏིང་ཟབ་འཚོལ་ནི་བ་ རྒྱ་ཆེཝ་འཚོལ་ནི་དེ་ཁག་ཆེ།

ཁྱོད་ཀྱི་ཞིབ་འཚོལ་གྱི་ཡན་ལག་ རེ་རེ་བཞིན་དུ་ལུ་ དུས་ཚོད་ག་དེམ་རེ་དགོཔ་ཨིན་ན་ ངེས་འཛིན་འབད་ནི་ལུ་ དུས་ཚོད་རེའུ་མིག་ཅིག་ཡང་བཟོ་དགོ། ཞིབ་དཔྱད་ཅིག་ལུ་ འགྱུར་བ་མ་འདྲཝ་འབྱུང་སྲིད་རུང་ རང་ལུ་དྲན་གསོ་འབད་མི་ འགོ་ཐོག་གི་ལམ་སྟོན་དེ་ ལག་ལེན་འཐབ་དགོ་ ཡང་ན་ རང་ལུ་དགོ་མི་ཚུ་ཐོབ་ནི་གི་ ཐབས་ལམ་གཞན་ཅིག་འཚོལ་དགོ།