སྲུང་གྱང་(firewalls) ཚུ་གིས་ ཡོངས་འབྲེལ་ནང་འགྱོ་མི་དང་ ཡོངས་འབྲེལ་ནང་ལས་འོང་མི་ བརྡ་དོན་ཚུ་ལུ་ ལྟ་ཏོག་དང་དམ་འཛིན་འབད་དེ་ ཆང་གི་སྒོ་སྲུང་པ་བཟུམ་ཅིག་སྦེ་ ལཱ་འབདཝ་་ཨིན། སྲུང་གྱང་རེ་རེ་བཞིན་དུ་གིས་ དེ་ནང་འོང་མི་རེ་རེ་བཞིན་དུ་ ནང་ན་འཛུལ་བཅུག་ནི་ཨིན་ན་ ཡང་ན་ ཁྱོད་ཀྱི་ཡོངས་འབྲེལ་ལུ་ ཁ་གསལ་གཏང་ནི་ཨིན་ན་ གྲོས་ཐག་བཅདཔ་ཨིན། སྲུང་གྱང་མེད་པར་བཞག་ནི་འདི་ སྒོ་ཕྱེ་སྟེ་བཞག་དོ་བཟུམ་ཅིག་ཨིནམ་ལས་ གནོད་ཉེན་ཚུ་ ཁྱོད་རའི་ཐབས་འཕྲུལ་ནང་ འཇམ་ཏོང་ཏོ་སྦེ་ འཛུལ་བཅུགཔ་ཨིན། ཐབས་འཕྲུལ་མང་ཆེ་བ་ཅིག་གུ་ སྲུང་གྱང་ཚུ་ རང་གིས་ལྕོགས་ཅན་བཟོ་ཚུགས་ནི་དང་ ཕྱིའི་སྲུང་སྐྱོབ་མཉེན་ཆས་ དཔེར་ན་ McAfee, BitDefenderདང་ Kaspersky.བཟུམ་ཚུ་ ལག་ལེན་འཐབ་གནང་ཟེར་ རྒྱབ་སྣོན་འབདཝ་ཨིན།
ཁྱོད་རའི་ཐབས་འཕྲུལ་ནང་ལས་ གནས་སྡུད་ཚུ་ བློ་གཏད་མེད་པའི་ཡོངས་འབྲེལ་ནང་ ཕྱིར་འཐོན་འགྱོ་མི་ཚུ་ལུ་ དམ་འཛིན་འབད་ནི་གིས་མ་དོ་བར་ ཁྱོད་རའི་གསང་ཡིག་ལྟ་བུའི་ བརྡ་དོན་གལ་ཅན་ཚུ་ལུ་ ལྟ་རྟོག་དང་ འཛུལ་སྤྱོད་འབད་མི་ གནོད་ཉེན་ཚུ་ལས་ཡང་ སྲུང་སྐྱོབ་འབད་དགོ། ཟློག་མཉེན་མཉེན་ཆས་ (anti-virus software) ཚུ་གིས་ ཁྱོད་ཀྱི་ཐབས་འཕྲུལ་ཚུ་གུ་ གནོད་ཉེན་ཡོད་མེད་བལྟ་སྟེ་ ཡོད་པ་ཅིན་ དེའི་འཛུལ་སྤྱོད་བཀག་ཐབས་འབད་དེ་ གསད་གཏངམ་ཨིན། གློག་རིམ་དེ་ཚུ་ ཁྱོད་རའི་གློག་རིག་གི་དོན་ལུ་ གལ་ཆེཝ་མ་ཚད་ འགྲུལ་འཕྲིན་གྱི་དོན་ལུ་ཡང་།
རྒྱབ་སྣོན་འབད་ཡོད་པའི་ མཉེན་ཆས་ཚུ།
ཝིན་ཌོསི་དང་ ལི་ནགསི་གློག་རིག་གི་དོན་ལུ་ – ESET, Kaspersky དང་BitDefender
ཨེ་པཱལ་གློག་རིག་གི་དོན་ལུ་ – Microworld, BitDefenderདང་ AVG
ཨེན་ཌོ་ཡིད་ འགྲུལ་འཕྲིན་གྱི་དོན་ལུ་ – Avast Mobile Security
ཨའི་ཕཱོན་གྱི་དོན་ལུ་ – Norton དང་ Lookout
མི་མང་ཤོས་ཅིག་གིས་ སྲུང་གྱང་ཚུ་ ག་ཅི་ཨིན་ན་ཤེས་དོ་ཡོདཔ་ལས་ ཉུང་མཐའ་ལུ་ ཟློག་མཉེན་རིམ་ལུགས་ཅིག་ གཞི་བཙུགས་འབདཝ་ཨིན། ཨིན་རུང་ ལག་ལེན་འཐབ་བཞིན་ཡོད་པའི་ གནས་སྡུད་ཚུ་ལུ་ ཉེན་སྲུང་ཧྲིལ་བུམ་གྱི་དོན་ལས་ གློག་བདག་གི་ཧམ་འཛུལ་སྔོན་འགོག་གློག་རིམ་ཅིག་ (HIP) གཞི་བཙུགས་འབད་དགོཔ་གལ་ཆེ། ཁ་སྐོང་སྔོན་འགོག་ཐབས་ཤེས་འདི་གིས་ གློག་རིམ་དང་ ཡོངས་འབྲེལ་ལུ་ ལྟ་རྟོག་འབད་དེ་ བྱ་རིམ་ཚུ་གེ་ར་ ཁྲིམས་མཐུན་ཡོདཔ་ ངེས་གཏན་བཟོ་སྟེ་ གལ་སྲིད་ སྲིད་བྱུས་ལས་འགལ་བ་བྱུང་ཚེ་ ལག་ལེན་པ་དེ་ལུ་ བརྡ་སྐུལ་འབདཝ་ཨིན་མས། གནོད་ཉེན་ཚུ་ངོས་འཛིན་འབད་ཐབས་ལུ་ གློག་བདག་གི་ཧམ་འཛུལ་སྔོན་འགོག་གློག་རིམ་ཅིག་ (HIP) འདི་གིས་ ད་ལྟོའི་ལག་ལེན་པའི་སྤྱོད་ཚུལ་དང་ ཁྱོད་རའི་སྤྱོད་ཐངས་གཉིས་ ག་བསྡུར་རྐྱབ་ཨིན། ཉེན་སྲུང་མཉེན་ཆས་འདི་ བྱིན་མི་གཅིག་ ‘McAfee’ ཨིན།
འགོ་ཐོག་བལྟཝ་ད་ ཉེན་སྲུང་མཉེན་ཆས་འདི་ཚུ་ ཆ་མཉམ་ར་ གཞི་བཙུགས་འབད་ནི་འདི་ དཀའ་ངལ་ཅན་གྱི་ལཱ་ཅིག་སྦེ་མཐོངམ་ཨིན། ཨིན་རུང་ མཉེན་ཆས་ལ་ལོ་ཅིག་གིས་ ལག་ཆས་འདི་གསུམ་ཆ་ར་ གཅིག་སྡུད་སྦེ་བྱིནམ་ཨིན། སྣ་སྡུད་ཐོན་སྐྱེད་འདི་ཚུ་གི་སྐོར་ལས་ བཤད་དགོ་མི་འདི་ གློག་རིམ་གསུམ་ཆ་ར་ སོ་སོ་སྦེ་ བཙུགས་དགོ་པའི་ བྱ་བ་ལུ་ མི་ཐུག་ནི་གི་དོན་ལས་ཨིན། གློག་རིམ་གེ་ར་གི་དོན་ལུ་ གཅིག་སྡུད་ལག་ཆས་ཡོད་པའི་དཔེ་ཡང་ ‘McAfee’, ‘BitDefender’ ཡང་ན་ ‘Kaspersky’ ཚུ་ཨིན། ལས་ཚོགས་དང་ གསར་དེབ་སོ་སོ་ཚུ་གིས་ ལོ་ལྟར་བཞིན་དུ་ དེང་སང་མཐའ་མཇུག་ལུ་ཐོན་མི་ གནོད་ཉེན་ཚུ་ལས་ ཉེན་སྲུང་གི་ཕན་ཐོགས་ཆེ་ཤོས་ གློག་རིམ་ག་དང་ག་ཨིན་ན་ བརྟག་དཔྱད་འབདཝ་ཨིན། དེ་ཚུ་མ་ལེན་པའི་སྔ་གོང་ལས་ དྲན་པ་བཏོན་དགོཔ་གལ་ཆེ། དེའི་དོན་ལུ་ ཁྱོད་ལུ་ཆ་རོགས་འབད་ཚུགས་པའི་ ཕན་ཐབས་ཅན་གྱི་ཡོངས་འབྲེལ་འཆར་སྒོ་ཅིག་ https://www.av-test.org/en/ ཨིན།