༢. དྲི་བ་འགོ་འདྲེན་འཐབ་ཐངས།


བརྡ་བརྒྱུདཔ་ཚུ་ སྐྱོན་བརྗོད་འབད་སའི་ཡུལ་ཅིག་ཨིན། ཁོང་ཆ་ཁྱབ་རྩིས་དག་ཚ་དྲགས་དང་རྣམ་རྟོག་ལང་སི་སི་ མི་ཚུ་གི་མིང་གཏམ་མེདཔ་གཏང་མི་ ལྡོག་ཕྱོགས་ཀྱི་ཕྱོགས་བཟུང་མི་ ལཱ་རྩ་འགེངས་ཏེ་འབད་མི་ཚུ་ལུ་བར་ཆད་རྐྱབ་མི་དང་གུས་ཞབས་མེད་མི་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན། ཉེས་འཛུགས་འདི་ཚུ་ལ་ལུ་ཅིག་ལུ་བདེན་ཁུངས་ཡོདཔ་འོང། ལྟ་ཚུལ་ངན་པ་འདི་ཚུ་བཟློག་ནིའི་ཐབས་ཤེས་འདི་ ཚུལ་དང་མཐུན་ཏོག་ཏོ་དང་ ཀུན་སྤྱོད་རྣམ་གཞག་དང་ལྡན་པའི་སྤྱོད་ལམ་ཐོག་ལུ་གནས་ནི་འདི་ཨིན། ཨརྟག་ར་ གུས་ཞབས་དང་ལྡན་དགོ་པའི་ཕོག་ཚོད་མེད་པའི་ཐོབ་བརྗོད་བཀོད་ནི་མི་འོང་། ཁྱོད་ལུ་གནས་ཚུལ་གྱི་ཐོབ་ལམ་ཡོད་པའི་སྤྱོད་ལམ་སྟོན་པ་ཅིན་ གནས་ཚུལ་འབྱུང་ཁུངས་དང་ མི་སྡེ་གིས་ མ་དགའཝ་བསྐྱེད་འོང་།

རང་ལེགས་ཤོམ་དང་ ང་ཉིད་དྲང་པོ་ཨིན་ཟེར་མནོཝ་ཨིན། དེ་འབདཝ་ལས་ཁྱོད་ཀྱི་གནས་ཚུལ་བྱིན་མི་ཚུ་ཡང་གཞི་འདི་ལུ་བཞག་སྟེ་ དྲི་བ་འགོ་འདྲེན་འཐབ་བཏུབ་ཨིན།དྲི་བ་ཚུ་ཡངདཔེར་ན་ “འདི་ཚུ་ག་དེ་སྦེ་ འབདཝ་ཨིན་ན་ ང་གནམ་མེད་ས་མེད་ཤེས་དགོ་མནོ་ཡི?”ཡང་ན་ “ང་བཅས་རའི་མི་སྡེའི་མཐའ་དོན་ལུ་བལྟ་སྟེ་ དཀའ་ངལ་འདི་གི་སྐོར་ལས་ ང་ལུ་འགྲེལ་བཤད་རྐྱབ་གནང་མས” ཟེར་བའི་དྲི་བ་ཚུ་གིས་ ལན་གསལ་ཡང་ ལེགས་ཤོམ་འཐོབ་ཨིན། གནས་སྟངས་ལེ་ཤ་ཅིག་ནང་ གནས་ཚུལ་བྱིན་མི་ཚུ་གིས་ བརྡ་བརྒྱུདཔ་ཅིག་གིས་ མི་སྡེ་ལུ་ཕན་ཐོག་ནིའི་དོན་ལུ་ ཞིབ་འཚོལ་འབདཝ་ཨིན་པའི་ ཡིད་ཆེས་བསྐྱེད་ཚུགས་པ་ཅིན་ བརྡ་དོན་ཚུ་བྱིནམ་ཨིན།

འདི་ཐབས་ཤེས་རྐྱངམ་གཅིག་མིན།: བརྡ་བརྒྱུདཔ་ཚུ་ལུ་ ནུས་དབང་བཞི་པ་ (fourth estate) ཟེར་བའི་ མིང་གཏམ་སྦོམ་ཐོབ་ཡོད་རུང་ བརྡ་བརྒྱུདཔ་ཕུད་རྡོག་གཅིག་ཡང་ གཞུང་གི་འགོ་དཔོན་ཚུ་གི་བྱ་སྤྱོད་ལྟ་རྟོག་འབད་ནིའི་དོན་ལུ་ དམངས་གཙོའི་ལམ་ལུགས་ཐོག་ལས་ བཙག་འཐུ་འབད་འབདཝ་མེད།བརྡ་བརྒྱུདཔ་ཚུ་ གཞུང་གིས་མི་སེར་ལུ་ཞབས་ཏོག་ཞུ་ཡོདཔ་ངེས་བརྟན་བཟོ་ནིའི་འགན་འཁུར་འབག་མི་ཞི་བའི་མི་སྡེའི་ཁོངས་སུ་ གཏོགས་མི་ཅིག་ཨིན། འདི་ལུ་བརྟེན་ཏེ་ བརྡ་བརྒྱུདཔ་ཚུ་ལུ་གསར་ཤོག་ལས་ཁང་དང་ རྒྱང་བསྒྲགས་ལས་ཁང་ལ་སོགས་པའི་ བརྒྱུད་འབྲེལ་དང་བརྡ་དོན་གྱི་ རྒྱ་ཆེ་བའི་བརྒྱུད་ལམ་ཚུ་ལུ་ དམིགས་བསལ་གྱི་དལ་དབང་ཡོདཔ་ཨིན།དཀའ་ངལ་ཡོད་པའི་ལས་འཛིན་དང་ ངན་ལྷད་ཅན་གྱི་སྲིད་དོན་ཚོགས་པའི་འཐུས་མི་ཚུ་གིས་ གསང་བའི་བྱ་ངན་བརྩམས་ཏེ་ ཁྲིམས་ལུགས་ལས་ཟུར་ནི་དང་ ཁྲིམས་འགལ་འབད་ནི་ལ་སོགས་པའི་ཐབས་ལམ་ཚུ་བསྒྲིགཔ་ད་ བརྡ་བརྒྱུདཔ་ཚུ་གིས་ སྤྱོད་ལམ་བཟང་པོ་དང་ དྲང་པོ་དྭངས་གསལ་ཚུ་སྟོན་དགོཔ་འདི་ཁག་ཆེ། (དྭངས་གསལ་ག་དེ་དྲག་དྲག་ཡོདཔ་བཟོ་དགོ)

མ་ཆོག་པའི་དབང་ཚད་ལག་ལེན་འཐབ་ནི་མེདཔ་ངེས་བརྟན་བཟོ་ནིའི་དོན་ལུ་ རང་གིས་རང་ལུ་དྲི་བ་བཀོད་དགོཔ་ཡང་ དཔེར་ན་: གལ་སྲིད་ཞིབ་་འབད་སའི་ཡུལ་འདི་ང་ཨིན་པ་ཅིན་ང་གིས་ གནས་སྟངས་འདི་གི་མཐོང་སྣང་འདི་ག་དེ་སྦེ་མཐོང་འོང་ག? ཡང་ན་ བརྡ་བརྒྱུད་པའི་ལཱ་འགན་འདི་ག་ཅི་བཟུམ་ཅིག་འོང་ག? ང་ལུ་འགན་འཁྲི་ག་ཅི་ར་ཡོདཔ་ཨིན་ན? ད་ལྟོ་ང་ར་གིས་ ཞིབ་་འབད་མིའི་རེ་བ་འདིའི་དབང་ལུ་ མི་ཐལ་ག? ང་ལུ་ དགག་བཤེར་དང་ཚད་མཉམ་ཡོད་ག? ཟེར་བའི་དྲི་བ་ཚུ་བཀོད་དགོ