༢.༢. ཞིབ་བརྟག་གི་དྲི་བ་ཚུ་ ག་དེ་སྦེ་མ་འདྲཝ་ཡོདཔ་ཨིན་ན།

༢.༢. ཞིབ་བརྟག་གི་དྲི་བ་ཚུ་ ག་དེ་སྦེ་མ་འདྲཝ་ཡོདཔ་ཨིན་ན།


དྲི་བ་ག་རའི་ནང་ གྲ་སྒྲིག་འབད་ནི་དང་ ་ཏོག་ཏོ་ བློ་ཁོག་ཡངས་ཏོག་ཏོ་སྦེ་སྡོད་དགོཔ་འདི་ གལ་ཅན་ཨིན། ཞིབ་བརྟག་གནས་ཚུལ་གྱི་དོན་ལུ་ དྲི་བ་བཀོད་པའི་སྐབས་ འདི་ནང་ཚུད་དགོཔ་མ་འདྲཝ་ལེ་ཤ་ཡོད། འདི་གིས་དྲི་བ་འབད་ཐངས་ནང་ རྒྱུ་རྐྱེན་འབདཝ་ཨིན། ལཱ་འདི་གི་རང་བཞིན་ཅིག་ཨིནརུང་ ཁྱོད་ཀྱིས་གནས་ཚུལ་བྱིན་མི་ཚུ་གི་ འཁོན་སྡང་དངརང་ཕྱོགས་སྲུང་བ་ གསང་བཞག་དངསྦ་གཞག་པའི་གནས་སྟངས་ཚུ་ལུ་ གདོང་ལེན་འབད་དགོཔ་འཐོནམ་ཨིན། ཞིབ་བརྟག་གནས་ཚུལ་གྱི་དོན་ལུ་ དྲི་བ་དྲིས་ལན་འབད་བའི་སྐབས་ ཁྱོད་ཀྱིས་སེམས་ཁར་ངེས་པར་བཞག་དགོ་པའི་ ཁྱད་ཆོས་དག་པ་ཅིག་གཤམ་ལུ་བཀོད་ཡོདཔ་ཨིན།

འོས་འབབ་ལྡན་པའི་དུས་ཚོད།

ཁྱོད་ཀྱིས་ཞིབ་དཔྱད་ནང་གི་ མི་ངོམ་གཙོ་བོ་དང་ དུས་ནམ་འཕྱད་དགོཔ་སྨོ? ཧ་དྲགས་པ་ཅིན་ ཁྱོད་ཀྱི་གནས་ཚུལ་འདི་གསལ་སྟོན་མ་འབདཝ་ལས་ ཁོང་གིས་གསང་བརྡ་འཐོབ་སྟེ་བྱོག་འགྱོ་ནི་དང་ སྐབས་འབབ་བཀག་སྡོམ་ལེན་ནི་ སྒྲུབ་བྱེད་ཚུ་སྦ་བཞག་ནི་ལ་སོགས་པ་འབད་འོང་། ཕྱི་སོང་པ་ཅིན་ ཁོང་ཆ་ཁྱབ་ བྱོག་འགྱོ་ཡར་སོ་འོང་།ཡང་ན་ ལན་དེ་ཚུ་ཁོང་རའི་མནོ་ལུགས་དང་འཁྲིལ་གྲ་སྒྲིག་བཟོ་སྟེ་ ཁྲིམས་འབྲེལ་ལག་ཆ་ཚུ་བཟོ་སྟེ་ ཞིབ་དཔྱད་ཚུ་འབད་མི་ཚུགས།ལག་ལེན་ལམ་ལུགས་(Rule of Thumb)ཀྱི་ དགོངས་དོན་བཞིན་དུ་གནས་ཚུལ་དང་འབྲེལ་བའི་གཙོ་ཅན་ཚུ་དང་འཕྱད་པར་མ་འགྱོ་བའི་ཧེ་མ་ལས་སྒྲུབ་བྱེད་ག་དེ་མང་་བསྡུ་ལེན་འབད་དགོ།དཔེར་ན་ ཡིག་ཆའི་རྒྱབ་རྟེན་ཚུ་རང་དབང་ཅན་གྱི་གཙུག་སྡེ་གང་མང་ལས་ བདེན་དཔྱད་འབད་ཡོད་པའི་ངོ་སྦྱོར་ལ་སོགས་པ་བཟུམ།

ཉེན་ཁ།

ཁྱོད་ཀྱི་གནས་ཚུལ་འདི་ མཇུག་མ་བསྡུ་རུང་འདྲ་ མ་ཕོག་རུང་འདྲ་ ཁྱོད་ར་ག་ཅི་ཅིག་གུ་བརྩོན་སྡོད་འོང། གནས་སྟངས་འདི་བཟུམ་ནང་ ཁྱོད་ཀྱིས་བསམ་འཆར་དགོ་པའི་ཞུ་བ་འབད་བའི་སྐབས་ དབང་ཚད་ཅན་གྱི་མི་ངོམ་དང་ གཙུག་སྡེ་ཚུ་གི་སྣང་བ་ལུ་ ཁྱོད་ཀྱིས་ཁོང་ཆ་ཁྱབ་ཀྱི་སྐོར་ལས་ ཞིབ་བརྟག་འབད་དེས་ཟེར་མནོ་སྟེ་ སྟབས་མ་བདེ་བའི་གནས་སྟངས་སྦེ་བརྩི་འོང་།ཁོང་གིས་ངོས་ལེན་འདྲ་མིན་སྣ་ཚོགས་ཀྱི་ཐོག་ལས་འབད་འོང་། འདི་ཚུ་ལུ་ སྣང་མེད་སྦེ་བཞག་ནི་འདི་ གདོང་ལེན་འབད་ཐངས་འཇམ་ཤོས་ཅིག་ཨིན། འཕྲོ་མཐུད་དེ་ ཞིབ་་འབད་དགོ། འབྱུང་སྲིད་པའི་འཇིགས་སྐུལ་གྱི་རིགས་ཚུ་ཡང་ དངོས་སུ་ འཇིགས་སྐུལ་འབད་ནི་དང་ ཁྲིམས་འབྲེལ་གྱི་འཇིགས་སྐུལ་ འདི་བ་ཡང་ལྷགཔ་སྦེ་ གང་ཟག་གསུམ་པའི་ཐོག་ལས་(ཁྱོད་རའི་རྩོམ་སྒྲིགཔ་དང་ལས་སྡེ) གནས་ཚུལ་གསལ་སྟོན་མ་འབདཝ་ལས་ ཁྲིམས་འདུན་ལུ་བསྐྱེལ་ནི་ཚུ་ཨིན། “ཁ་ཉེས་” ཟེར་བའི་ཚིག་འདི་ གནད་དོན་འདི་ནང་གཙོ་བོ་ཅིག་ཨིན་རུང་ ཚད་ལྡན་ཁ་ཉེས་ཀྱི་ ཉེས་པ་འདི་ཕོག་མི་སྲིད།

གསང་རྒྱ།

ཞིབ་བརྟག་གནས་ཚུལ་གྱི་དམིགས་ཡུལ་འདི་ གསང་བ་སྦེ་ལུས་མི་ཚུ་ ཕྱི་ཁར་སྟོན་ནི་འདི་ཨིན། འདི་ཚུ་མནོ་བཞིན་བསམ་བཞིན་དོན་ཆེད་སྦེ་ཤོབ་རྐྱབ་སྟེ་བཞག་པ་དང་ འཛོལ་བཅུག་མི་ལས་བརྟེན་ཏེ་འབྱུངམ་ཨིན། དཔེར་ན་ གཞུང་གི་བློན་པོ་ཅིག་གིས་ སྤྱི་ཚོགས་དང་ མི་སྡེ་ལུ་ཤོབ་རྐྱབ་སྟེ་ བུམོ་གཞོནམ་དང་ཉམས་ཆུང་ཚུ་ནག་ཚོང་དང་འབྲེལ་བའི་གསུང་གྲོས་མ་གནང་པར་བཞག་དོ་བཟུམ། གནས་ཚུལ་ངོ་མ་གོཝ་ད་ རྣམ་རྟོག་ལང་སི་སི་གི་གནས་སྟངས་ཅིག་འོང་སྲིད། དེ་འབདཝ་ལས་ ཁྱོད་ཀྱིས་དྲི་བ་གི་དོན་ལུ་ དྲན་པ་བཏོན་ཏེ་ འགོ་འདྲེན་འཐབ་དགོ། ཁྱོད་ཀྱིས་དྲི་བ་དྲིས་ལན་སྐབས་དགོ་པའི་དོན་ཚན་ཚུ་ འགོ་དང་འགོ་ལས་ཤེས་བཅུག་པ་ཅིན་ ་དེ་ནང་བཅའ་མར་གཏོགས་མི་བཏུབ། གལ་སྲིད་ དྲིས་ལན་འདི་ མི་མང་གི་ས་གོ་ནང་ཨིན་པ་ཅིན་ གནས་ཚུལ་བྱིན་མི་འདི་ ཉེན་ཁ་ནང་བཙུགས་དོ་བཟུམ་ཅིག་ཨིན།

དྲི་བ་གི་དོན་ལུ་ཐབས་བྱུས།

དྲི་བ་གི་དོན་ལུ་ ཐབས་བྱུས་ཁག་གསུམ་འདེ་ཅིག་ཡོད། ལུགས་ཡངས་ ཡང་ན་ ཐད་ཀར་ དབྱེ་ཞིབ་འབད་བའི་སྐབས་ཨིན་པ་ཅིན་ དྲི་བ་ཚུ་འཇམ་སུ་ཅིག་སྦེ་འདྲི་དགོ། དྲི་བ་ཚུ་འདྲི་བའི་སྐབས་ལུ་ཡང་ ཧེང་སྐལ་ཁག་ཆེ་ཏོག་ཏོ་མ་འགྱོཝ་མ་ཚད་ ཉེན་ཁ་ཆེཝ་སྦེ་ཡང་མི་འགྱོ། དེ་མ་ཚད་ ལན་རྐྱབ་ནི་ལུ་ ལཱ་ཁག་དྲགས་ཡང་མ་འགྱོ་བར་ཐང་ཐིག་གཅིག་སྦེ་རང་སྡོད་འོང་། མི་ངོམ་ཅིག་གི་ལོ་རྒྱུས་འབྲི་ནིའི་དོན་ལུ་ཨིན་པ་ཅིན་ དེའི་ བཀོད་པ་དྲི་བ་ཚུ་ རྒྱ་ཆུང་སུ་ཅིག་སྦེ་ མི་ངོམ་འདི་ལུ་ དམིགས་ཏེ་བཀོད་འོང་། ཁོང་སློབ་གྲྭ་ག་ཏེ་ལྷབ་ཅི? ག་དང་གཅིག་ཁར་གཉེན་རྐྱབ་ཅི? ག་ཅི་སྦེ་? ཁོ་གིས་ སྙན་ངག་བྲིས་ནི་འདི་ ག་དེ་སྦེ་འགོ་བཙུགས་ཅི? ཟེར་བ་ལ་སོགས་པ་ཚུ་བཟུམ་དང་ འདི་ཚུ་མང་ཆེ་བ་ཅིག་ མི་ངོམ་འདི་གི་ མི་ཚེའི་སྐོར་ལས་ བདེན་པ་འཚོལ་བའི་ མཇུག་བསྡོམས་དྲི་བའི་རིགས་ཨིན། དེ་འབདཝ་ད་ གནས་ཚུལ་ལྷག་མི་ཚུ་གིས་ མི་ངོམ་འདི་གི་ བསམ་ཚུལ་གྱི་སྐོར་ལས་ཡང་ཤེས་ནི་གི་སྤྲོ་བ་འོང་། དེ་འབདཝ་ལས་ དྲི་བ་བཀོད་ཡི་རང་ དོན་ཚན་འདི་ རྒྱ་ཆེ་སུ་འགྱོ་འོང་། ཁོང་གིས་ དེང་སང་གི་སྲུང་དེབ་ཚུ་ གནས་སྟངས་ཚུ་ལུ་མནོ་བསམ་ག་དེ་སྦེ་གཏངམ་སྨོ? ཁོང་གིས་ རྩོམ་སྒྲིག་གི་གསོལ་རས་ལུ་ ཡིད་ཆེས་འདུག་ག? དུས་ཅི་ལོ་གི་དྲག་ཤོས་ཀྱི་ངོ་བཏོན་དེ་ལུ་བསམ་འཆར་ག་དེ་སྦེ་འདུག? དུང་ག་ང་བཟོ་བཀོད་དང་འདྲཝ་སྦེ་ དྲི་བ་ཚུ་ རྒྱ་ཆུང་སུ་ལས་འགོ་བཙུགས་ཏེ་ རིམ་པ་བཞིན་དུ་ གོ་ཡངས་སུ་དང་ རྒྱ་ཆེ་སུ་འགྱོཝ་ཨིན།

དེ་འབདཝ་ད་ ཞིབ་བརྟག་གནས་ཚུལ་གྱི་དྲི་བ་ཚུ་ ཐབས་བྱུས་མགོ་མཇུག་སྦེ་འོངམ་ཨིན། དེ་ཡང་ འགོ་བཙུགས་པའི་སྐབས་ རྒྱ་ཆུང་སུ་སྦེ་ སྤྱིར་བཏང་གི་དྲི་བ་དང་སྤྱིར་བཏང་གི་གནས་སྟངས་ཚུ་ལས་འགོ་བཙུགཔ་ཨིན། (དཔེར་ན་ “གཞུང་གི་རིན་བསྡུར་ཐོག་ལས་ཁ་འབག་ལུ་བྱིན་ནིའི་ལམ་ལུགས་ག་དེ་སྦེ་ཡོད?” “ལམ་ལུགས་འདི་ལུ་བསམ་པ་རྫོགས་ཚུགས་པས་ག?” གཞུང་གིས་ག་དེ་སྦེ་ལྟ་རྟོག་མཛདཔ་སྨོ?”) ཟེར་དྲི་བ་དྲིས་ལན་རིམ་བཞིན་བཀོད་པའི་སྐབས་ རྒྱ་ཆེ་སུ་ཆེ་སུ་སོང་སྟེ་ གནད་དོན་གུ་དམིགས་སུ་བཀར་འོང་། ཞིབ་བརྟག་གནས་ཚུལ་གྱི་དྲི་བ་བཀོད་པའི་སྐབས་ ལཱ་ཁག་ཤོས་རང་ མཇུག་བསྡོམས་ཅན་དང་ གནད་དོན་གཞན་ཡོད་པའི་བརྡ་མཚོན་བྱུང་པའི་སྐབས་ཨིན། དཔེར་ན་ “ཁྱོད་ཀྱིས་ གནད་དོན་འདི་གི་ཐད་ཁ་ རིན་བསྡུར་གྱི་ལམ་ལུགས་ལུ་མ་གནསཔ་ཨིན་ན? ག་ཅི་སྦེ་ མ་གནསཔ་སྨོ?” ཟེར་བའི་དྲི་བ་ཚུ་ མཇུག་ལུ་འདྲི་དགོ། ག་ཅི་སྦེ་ཟེར་བ་ཅིན་ དུས་ཚོད་འ་ནེམ་ཅིག་གུ་ལྷོདཔ་ད་ཁོང་གིས་ མཚམས་འཇོག་འབད་དེ་དྲི་བ་གཞན་ཚུ་ལུ་ ལན་མི་རྐྱབ་ནིའི་ཉེན་ཁ་ཡོད། དྲི་བ་དེ་ཚུ་སྤྱིའུ་གི་བཟོ་བཀོད་བཟུམ་སྦེ་ རྒྱ་ཆེ་ས་ལས་འགོ་བཙུགས་ཏེ་ རྒྱ་ཆུང་ཀུ་སྦེ་མཇུག་བསྡུ་དགོ