གནས་ཚུལ་ཚུ་གེ་ར་ འགོ་ལེགས་ཤོམ་སྦེ་བཙུགས་ཏེ་ མཇུག་ལེགས་ཤོམ་སྦེ་བསྡུ་དགོ། འགོ་དང་མཇུག་གཉིསཔོ་འདི་ འབྲི་རྩོམ་ག་ཅི་ནང་ཨིན་རུང་ ཆ་ཤས་ནུས་ཤུགས་ཅན་ཅིག་ཨིན། འགོ་ལེགས་ཤོམ་བཙུགས་པ་ཅིན་ ལྷག་མི་འདི་ཚུ་གི སེམས་བཀུག་སྟེ་ འདི་གིས་ གནས་ཚུལ་ཆ་ཚང་ ག་དེ་སྦེ་ཡོད་ག་སྟོན་འོང་། ཞིབ་འཚོལ་དང་འཁྲིལཝ་ད་ འགོ་བཙུགས་འདི ་ལེགས་ཤོམ་མེད་པ་ཅིན་ དོན་ཚན་འདི་ ག་ཅི་བཟུམ་ཨིན་རུང་ མི་ཚུ་གིས་ འཕྲོ་འཐུད་དེ་ མི་ལྷག་དོ་ཡོད་པའི་ མངོན་གསལ་བྱུང་ནུག། འདི་བཟུམ་སྦེ་ མཇུག་བསྡུ་ཐངས་འདི་གིས་ ལྷག་མི་ཚུ་གི་རྒྱུད་ལུ་ བག་ཆགས་བཞག་ཚུགསཔ་ཨིན།
འབཟོ་མི་འགོ་བཙུགས་ཀྱི་ཐབས་ལམ་གྲངས་སུ་ གཤམ་འཁོད་ཚུ་ཚུདཔ་ཨིན།
- > པར་རིས་ ཡང་ན་ མཐོང་སྣང་སྒྲིག་མི།
- > སྲུང་གཞིའི་བཅུད་བསྡུས། བརྗོད་ཚིག་གཅིག་ནང་།
- > གྲུབ་འབྲས། འདི་ག་དེ་སྦེ་བྱུང་ཡི་ག་ སྟོན་འོང་།
ག་དེ་སྦེ་ཨིན་རུང་ ལྷག་མི་འདི་ཚུ་གིས་ གནས་ཚུལ་འདི་ ག་ཅི་གི་སྐོར་ལས་ཨིན་ན་ ཤེས་ནི་ལུ་ གནམ་མེད་ས་མེད་བསྒུག་བཅུག་ནི་མི་འོང་། ཐབས་ཤེས་ལེགས་ཤོམ་ཅིག་ ངོ་སྤྲོད་འདི་ གནས་ཚུལ་ཡོངས་བསྡོམས་ཀྱི་ བརྒྱ་ཆ་ ༡༠ ལས་ལྷག་ནི་མི་འོང་། དེ་འབདཝ་ད་ ཁྱོད་ཀྱིས་གནས་ཚུལ་གྱི་བཅུད་དོན་འདི་ ཡུན་བསྣར་ཏེ་ བཞག་པའི་གྲངས་སུ་བརྩི་ནི་མི་འོང་། ཁྱོད་ཀྱི་གནས་ཚུལ་འདི་ འགོ་བཙུགས་ས་ལས་ བཙུགས་ནི་མ་གཏོགས་ གནས་སྟངས་གཞན་དང་ འཁྲིལ་དགོཔ་མེད།
ཁྱོད་ཀྱི་མཇུག་སྡུད་འདི་ཡང་ འདི་དང་ཅོག་འཐདཔ་འོང་དགོ། ཡིད་ཚིམ་པའི་མཇུག་སྡུད།
- > མཇུག་མ་བསྡུ་བར་ཡོད་མི་ཚུ་ མཇུག་བསྡུ་དགོ། (གནས་ཚུལ་ནང་ཡོད་མི་ཚུ་ལུ་ ག་ཅི་བྱུང་ཡི། འདི་གི་ཤུལ་ལས་ ག་ཅི་བྱུང་འོང་།)
- > གནས་ཚུལ་གྱི་གཞི་འདི་ ཚར་གཅིག་བཅུད་བསྡུ་སྟེ་ ང་བཅས་ཚུ་ ག་ཅི་སྦེ་ སྤྲོ་བ་བསྐྱེད་དགོཔ་ཨིན་ན་ དྲན་གསོ་འབད་དགོ
- > ཧང་སྟོང་གྱི་བྱུང་རྐྱེན། (ལུང་འདྲེན་ཅིག་ཨིན་མི་ མི་ཚུ་མནོ་བསམ་གཏང་བཅུག་མི་ཅིག)
- > སྐབས་དོན་ གཙོ་བོར་བཏོན་དགོ། འདི་གིས་ ལྷག་མི་ཚུ་ལུ་ རེ་བ་དང་ བར་འགེགས་ དེ་ལས་ གནས་ཚུལ་དང་འབྲེལ་བ་ཡོད་པའི་ གནད་དོན་ཚུ་གི་སྐོར་ དྲན་གསོ་འབད་འོང་།
- > གོང་ལུ་འཐོན་མི་ མི་ངོ་ཚུ་འབད་སར་ ལོག་སོང་སྟེ་ ཁོང་ལུ་མཐའ་མཇུག་གི་གཏམ་ བཤད་བཅུག་དགོ
- > མཇུག་སྡུད་སུན་ཁག་ཁ་ དཔེར་ན་ མཚམས་ཚོད་དུས་ཀྱིས་རནམ་ད་ཤེས་ ཟེར་བའི་ཚིག་གིས་ མཇུག་བསྡུ་ནི་མི་འོང་། ཁྱོད་ཞིབ་་ཨིནམ་ལས་ ཁྱོད་ཀྱིས་མཐའ་མཇུག་ལུ་ གྲུབ་འབྲས་ངེས་ཏིག་ཅིག་ བཏོན་ནི་མེད་པར་ གནས་ཚུལ་མཚམས་འཇོག་འབད་བ་ཅིན་ གནས་ཚུལ་ལྷག་མི་ཚུ་ ཡིད་ཆེས་མེདཔ་བཟོ་འོང་།
གནས་ཚུལ་ཚུ་གེ་ར་ གོ་རིམ་ལེགས་ཤོམ་སྦེ་ འོང་ནིའི་དོན་ལུ་ གནས་ཚུལ་གྱི་འཕོ་འགྱུར་འདི་ཡང་ ཁག་ཆེ་ཤོས་ཅིག་ཨིན། དཔེར་ན་ སྲུང་འདི་ བམ་ཚན་གཅིག་ལས་གཅིག་ལུ་ སྤོ་ཐངསདང་ དོན་མཚམས་ལས་གཅིག་ལུ་ སྤོ་ཐངས་ཚུ་བཟུམ། འབྲེལ་བ་ཚུ་གེ་ར་ གཅིག་སྒྲིལ་བཟོ་ནིའི་ ཐབས་ལམ་ཁག་ཆེ་ཤོས་ འདི་ཚུ་ཡང་།
- > ཞིབ་འཚོལ་གྱི་ཁས་ལེན་དེ་ལུ་ འཕྲལ་འཕྲལ་ར་ ལོག་བལྟ་དགོ།
- > དཔེ་འདི་ཚུ་ ལག་ལེན་འཐབ་སྟེ་ ཐབས་བྱུས་ཚུ་ མཉམ་སྡེབ་འབད་དེ་ གསལ་རིལ་རི་བཟོ་དགོ། དཔེར་ན་ མཐའ་འཁོར་གནས་སྟངས་འདི་ མིའི་གཟུགས་ལུ་དཔེ་བཞག་སྟེ་ ཡན་ལག་ཚུ་གེ་ར་ གཅིག་ཁར་ལཱ་འབད་དགོ་པའི་སྐོར་ལས་གྲོས་བསྡུར་འབད་དགོ
- > པར་དང་ ཅ་ཆས་ དཔེ་གཏམ་ གཞན་ཡང་ ཞིབ་དཔྱད་འདི་ནང་ རྒྱུན་མ་ཆད་པར་ གནས་ཚུགས་པའི་རིགས་ཚུ་ལག་ལེན་འཐབ་དགོ
མགོ་རྙོག་ཅན་གྱི་ གྲོས་བསྡུར་འབད་བའི་སྐབས་ ལྷག་མི་ཚུ་ གཡེང་མ་བཅུག་པར་ བཞག་ཐབས་ལུ་ ཐ་སྙད་འཇམ་ཏོང་ཏོ་ཚུ་ ནུས་ཤུགས་ཡོདཔ་ཨིན། དོན་མཚམས་འདི་ ཧེ་མའི་དོན་མཚམས་ཀྱི་ འཕྲོ་མཐུད་ཨིནམ་མེནམ་ བརྡ་མཚོན་སྟོན་ནིའི་དོན་ལུ་ ལམ་བརྡ་ཚུ་ ལག་ལེན་འཐབ་དགོ། དཔེར་ན་ (དང) ཕྱོགས་སོར་བ། (དེ་འབདཝ་ད) དེ་གྲུབ་འབྲས་ཨིན། (དེ་འབདཝ་ལས) ཤུལ་བདའ་ནི། (དེ་ལས) ལ་སོགས་པ་བཟུམ།
ཁྱོད་ཀྱིས་ཟིན་བྲིས་དང་པ་ བྲིས་ཚརཝ་ད་ གནས་ཚུལ་འདི་ ཕུལ་དུ་ཕྱིན་པའི་ ལོ་རྒྱུས་མེན། མཐའ་མཇུག་ལུ་ འབད་དགོཔ་ཁག་ཆེ་ཤོས་འདི་ ཧེ་མ་བསྡུ་སྒྲིག་འབད་ཡོད་པའི་ བརྡ་དོན་ཚུ་ ད་ལྟོ་ཡང་ དུས་མཐུན་ཨིན་ན་མེན་ན་ བལྟ་ནི་དང་ འདི་ཚུ་ཤུལ་ལས་ གསརཔ་འཐོབ་མི་ཚུ་དང་ རྒྱབ་འགལ་ཨིན་མིན་བལྟ་དགོ། འདི་བཟུམ་སྦེ་ གནས་སྟངས་གསརཔ་ ཚན་རིག་སྙན་ཞུ་ བརྟག་ཞིབ་སྙན་ཞུ་ལ་སོགས་པ་ཚུ་ཡང འགྱུར་བ་འགྱོ་སྲིད། དེ་འབདཝ་ལས་ ལོག་སྟེ་ར་ཚར་གཅིག་ ཡོངས་སུ་རྫོགསཔ་སྦེ་ བལྟ་དགོཔ་འདི་གལ་ཆེ།
ཁྱོད་ཀྱི་གནས་ཚུལ་འདི་ ཞུན་དག་རྐྱབ་ཅི་རང་འགྱོཝ་ད་ ཁྱོད་ཀྱི་རྩོམ་བྲིས་ནང་ ལྷག་ངོ་མ་བདེ་བའི་ སྐྱོན་ལེ་ཤ་མཐོང་འོང་། འདི་ཚུ་ཕྱིར་བཏོན་འབད་དེ་ ལོགས་ཅིག་ཁ་ལུ་ བཞག་དགོ། གནས་ཚུལ་དྲག་ཤོས་ཚུ་ ཚར་གཅིག་ལས་ལྷག་སྟེ་ ལོག་འབྲི་སྲོལ་ཡོདཔ་ཨིནམ་ཤེས་དགོ། ཁྱོད་ཀྱིས་བྲིས་མི་ཚུ་ ཞུན་དག་འབད་ནི་འདི་ དལ་ཉམས་དང་ སྤྲོ་བ་ཞན་པའི་ལཱ་མེན། འདི་ཚུ་ གནས་ཚུལ་དྲག་ཤོས་འབྲི་ཐངས་ཀྱི་ བྱ་རིམ་ཅིག་ཨིན། གལ་སྲིད་ ལོག་ཟིན་བྲིས་བཏབ་ནི་དང་ ཞུན་དག་འབད་ནི་ཚུ་ དབང་པོ་ངལ་སི་སི་ཅིག་ཨིན་པ་ཅིན་ ཆ་རོགས་ ཡང་ན་ སྡེ་ཚན་ནང་གི་ འཐུས་མི་གཞན་ཅིག་ལས་ ཞུན་དག་དང་ བྱ་རིམ་དབྱེ་དཔྱད་འབད་ནིའི་ རྒྱབ་སྐྱོར་ལེན་དགོ། སྡེ་ཚན་གྱི་ལཱ་ལུ་བརྟེན་ཏེ་ གནས་སྐབས་ལེགས་ཤོམ་འཐོན་འོང་།