༡.༣. ཟིན་བྲིས་བཏབ། ལོག་བྲིས།


གནས་རིམ་འདི་ནང་ལྷོདཔ་ད་ ཁྱོད་རའི་ཡིག་ཆ་་ཚུ་གེ་ར་ སྡེ་ཚན་སྦེ་ བཟོ་ཚར་དགོ། དེ་ལས་ ལུང་འདྲེན་ཚུ་དང་ བརྡ་དོན་ཚུ་གེ་ར་ བསྡུ་ལེན་འབད་ཚར་དགོ། ཁྱོད་ཀྱིས་སྲུང་གི་ཟིན་བྲིས་དང་པ་ འབྲི་ནིའི་དུས་ཚོད་ཨིན། མི་མང་ཤོས་ཅིག་གིས་ ཟིན་བྲིས་དང་པའི་རྒྱུ་མཚན་ ཕྱི་འགྱུར་སྦེ་ གོ་བ་ལེན་དོ་ཡོདཔ་ཨིན། ཟིན་བྲིས་དང་པ་འདི་ གནས་ཚུལ་ཆ་ཚང་མེན། གནས་ཚུལ་འདི་གི་བཟོ་རྣམ་ ག་བཟུམ་ཅིག་འོང་ནི་ཨིན་ན་དང་ ད་རུང་ ཁ་སྐོང་ག་ཅི་འབད་དགོཔ་ཨིན་ན་གི་ བཀོད་རིས་ཨིན། འདི་བསྒང་ ཡིད་འཕྲོག་སི་སི་གི་ ངོ་སྤྲོད་དང་ མཇུག་དོན་ཧུམ་ཆི་ཆི་ དེ་ལས་ སྡེབ་སྦྱོར་ཧན་ཏོང་ཏོ་ཚུ་གི་སྐོར་ལས་ ཚ་གྱང་ལང་དགོཔ་མེད། འདི་གི་སྐབས་ ཁྱོད་ཀྱིས་འབྲི་བའི་བསྒང་ཨིན། ཞུ་དག་འབདཝ་མེན། ཁྱོད་ཀྱིས་འབྲི་རྩོམ་རྒྱུ་ཆ་ཡོད་ཚད་ཅིག་ ཤོག་ཀུ་ཐོག་ལུ་ མཉམ་སྡེབ་འབདཝ་ཨིན།