ལེའུ་༢ པ་ གནས་ཚུལ་འཚོལ་བར་འགྱོ་ནི།

ལེའུ་༢ པ་ གནས་ཚུལ་འཚོལ་བར་འགྱོ་ནི།

གནས་ཚུལ་གེ་ར་ གནས་སྐབས་ཅིག་གི་ཐོག་ལས་ འགོ་བཙུགས་དགོཔ་བཞིན་དུ་ ལེའུ་འདི་ནང་ གནས་སྐབས་འདི་ཚུ་ ག་ཏེ་ལས་ འཐོབ་ཚུགསཔ་ཨིན་ན་ བཤད་ནི་ཨིན། དེ་ཡང་ གསར་ཤོག་དང་ འབྱུང་ཁུངས་ཚུ་དང་གཅིག་ཁར་བློ་སླབ་ནི་ དབང་ནུས་ཡོད་པའི་མི་ཚུ་དང་འཕྱད་ནི་ ཡང་ན་ གསར་འབྱུང་སྣ་ཚོགས་ཚུ་ལུ་ བལྟ་ནི་ལས་ གནས་ཚུལ་གྱི་གནས་སྐབས་ མ་འདྲཝ་ཚུ་ཐོབ་ཚུགསཔ་ཨིན། ལེའུ་འདི་ནང་ མི་སྡེའི་ཡོངས་འབྲེལ་ས་ཁོངས་དང་ ས་ཁོངས་དེ་ཚུ་གིས་ གནས་ཚུལ་གསར་བཏོན་དང་ གཙོ་དོན་ཚུ་ལུ་ བལྟ་རྟོག་གི་ལཱ་འགན་འབག་པའི་སྐོར་ལས་ཡང་ གཙོ་བོར་བཏོན་ནི་ཨིན། ཞིབ་བརྟག་བརྡ་བརྒྱུད་ཀྱི་དོན་ལུ་ ཁྱོད་ར་བདེ་ཉམས་ཅན་གྱི་ས་ཁོངས་ནས་ ཕྱི་ཁར་འཐོན་ཏེ་ མ་ཤེས་མ་ཐོང་པའི་གནད་དོན་ཚུ་ གསར་འཚོལ་འབད་དགོཔ་དང་ དེ་དང་བསྟུན་པའི་ ཉེན་ཁ་ཚུ་ཡང་འབག་དགོ།