ལེའུ་༣ པ་ འཆར་གཞི་བརྩམ་ཚུལ།

ལེའུ་༣ པ་ འཆར་གཞི་བརྩམ་ཚུལ།

ལེའུ་འདི་ནང་ ཞིབ་བརྟག་གནས་ཚུལ་ཅིག་གི་ འཆར་གཞི་བརྩམ་ཐངས་ཀྱི་ རིམ་པ་མ་འདྲཝ་ཚུ་སྟོན་ནི་ཨིན། རང་གིས་རང་ལུ་ དྲི་བ་བཀོད་ནི་དང་ འབྱུང་ཁུངས་ཚུ་ལུ་ ཞིབ་དཔྱད་འབད་ནི་ལས་ འགོ་བཟུང་སྟེ་ གནས་ཚུལ་ངོ་སྤྲོད་འབད་ནི་དང་ འཆར་དངུལ་གྲ་སྒྲིག་འབད་ནི་ལ་སོགས་པ་ཚུ་ ལེའུ་འདི་ནང་སྟོན་མི་ དཔེ་སྟོན་ཆ་མཉམ་གྱིས་ ཞིབ་བརྟག་གནས་ཚུལ་གྱི་ ལས་འགུལ་གྱི་དོན་ལུ་ འཆར་གཞི་བརྩམ་དགོཔ་འདི་ ངེས་མཁོ་ཅན་ཅིག་སྦེ་ སྟོནམ་ཨིན། དེ་གིས་མ་དོ་བར་ བློ་གཏད་རུང་བའི་ གནས་ཚུལ་འབྱུང་ཁུངས་ཚུ་ ངོས་འཛིན་འབད་ཐངས་དང་ གནས་ཚུལ་གྱི་ཁ་གསལ་ཚུ་ སྤྲོ་བ་ཅིན་གྱི་འགྲེལ་བཤད་ཀྱི་སྒོ་ལས་ སྒྲུབ་བྱེད་དང་བཅསཔ་སྦེ་ བཀོད་ཐངས་ཚུ་ ངོ་སྤྲོད་འབདཝ་ཨིན།