ལེའུ་༤ པ གནད་སྡུད་ཉེན་སྲུང་གི་ཐབས་ལམ།

ལེའུ་༤ པ གནད་སྡུད་ཉེན་སྲུང་གི་ཐབས་ལམ།

ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ ཞིབ་འཚལ་གྱི་སྐབས་ལུ་ བརྡ་དོན་མང་རབས་ཅིག་ བསྡུ་བསྒྱོམ་དང་ ཕྱིར་འདོན་འབད་མི་ཚུ་ མང་ཆེ་ཤོས་ཅིག་ འགྲུལ་འཕྲིན་ ཡང་ན་ གློག་རིག་ཐབས་འཕྲུལ་ (device) ཚུ་ནང་ བསག་བཞགཔ་ཨིན། ཁྱོད་ཀྱིས་ རང་གི་ཨང་ཅན་གནས་སྡུད་ (digital data) ཚུ་ ཉེན་སྲུང་འབད་དེ་ གནོད་ཉེན་ཚུ་བཀག་དགོ། ཞིབ་བརྟག་གི་སྐབས་ལུ་ ཚ་གྱང་གཙོ་བོ་གཅིག་ ཨ་རྟག་ར་ གནས་ཚུལ་འབྱུང་ཁུངས་ ༼གནས་ཚུལ་བྱུང་ས༽ ཚུ་དང་གཅིག་ཁར་ ཉེན་སྲུང་ཅན་གྱི་ བརྒྱུད་འབྲེལ་འཐབ་ནི་འདི་ཨིན། ལེའུ་འདི་ནང་ ཨང་ཅན་གནས་སྡུད་ཀྱི་གནོད་ཉེན་སྐོར་ལས་ གྲོས་བསྡུར་འབད་ནི་དང་ ཉེན་སྲུང་ལྡན་པའི་ ལཱ་གི་གནས་སྟངས་བཟོ་ནི་ལུ་ རྒྱབ་སྐྱོར་འབད་མི་ མཉེན་ཆས་དང་ལག་ཆས་ ལེ་ཤ་ཅིག་ ངོ་སྤྲོད་འབད་ནི་ཨིན། འདི་ནང་ལུ་ ཁྱབ་ཆེའི་སྤྱིར་བཏང་གློག་རིག་རིམ་ལུགས་ (Mac, Windows) དང་ ཆས་ཚང་འགྲུལ་འཕྲིན་ (smartphone) (Androrid, iOS) ཚུ་ལུ་ གཙོ་བོར་བཏོན་ནི་ཨིན།