༡.༣.༦ གནས་སྡུད་ཀྲེག་གཏང་ནི།


གལ་སྲིད་ ཁྱོད་ཀྱི་གནས་ཚུལ་དེ་ ཕྱིར་བཏོན་འབད་མ་བཅུག་པར་ བཀག་ནིའི་དོན་ལུ་ མི་ཚུ་གིས་ ཁྱོད་ཀྱི་རྟིང་བདའ་དོ་ཟེར་མནོ་བ་ཅིན་ ཁྱོད་རའི་ཐབས་འཕྲུལ་ཚུ་ནང་གི་ གནད་སྡུད་གེ་ར་ ཀྲེག་གཏང་དགོཔ་འོང་། གལ་སྲིད་ གནས་སྡུད་ཀྲེག་གཏངམ་ཨིན་པ་ཅིན་ ཐབས་འཕྲུལ་ནང་ཡོད་པའི་ བཏོན་གཏང་ནི་ ཡང་ན་ བྱ་ལས་ཀྲེག་གཏང་ནི་ཙམ་ཅིག་ལུ་བརྟེན་ཏེ་ སྡོད་ནི་མི་འོང་། དེསྦེ་འབདཝ་ཙམ་གྱིས་ ཁྱོད་ཀྱི་སྲ་མཛོད་ནང་གི་ ཡིག་ཆ་ངོ་མ་ཚུ་ འཐོན་མ་འགྱོཝ་ལས་ འཉམ་ཏོང་ཏོ་སྦེ་ ལོགསྟེ་སོར་ཆུད་འབད་བཏུབ། ཨང་ཅན་པར་ཆས་བཟུམ་ཚུ་ནང་ ལག་ལེན་འཐབ་མི་ འོད་ཀེམ་ཐབས་འཕྲུལ་ (flash drive) ཚུ་གི་དོན་ལུ་ཡང་ ཐབས་རིག་འདི་དང་འདྲ། དེ་གི་ཚབ་ལུ་ ཁྱོད་རའི་གནས་སྡུད་དེ་ལུ་ འབྲི་བསུབ་འབད་བ་ཅིན་ ཡིག་སྣོད་ངོ་མ་ཚུ་གི་ཚབ་ལུ་ ཡིག་སྣོད་གསརཔ་ ཉེན་ཁ་ཆུང་ཀུ་ཚུ་ འཛུལ་སྡོདཔ་ཨིན། དེ་སྦེ་འབད་ནིའི་ལག་ཆས་ཡང་ ཝིན་ཌོསི་གི་དོན་ལུ་ ‘Eraser’, ‘Secure Eraser’ ཡང་ན་ མེཀ་གི་དོན་ལུ་ ‘Super Eraser’ ཚུ་ཡོདཔ་ཨིན།

དེ་གི་མཉེན་ཆས་ཚུ་ http://eraser.heidi.ie, http://www.secure-eraser.com ཡང་ན་http://www.doyourdata.com/data-erase-software/super-eraser.html. ནང་ལས་ཐོབ་ཚུགས།