ལེའུ་ ༧ པ འོས་འབབ་ལྡན་པའི་དྲི་བ་བཀོད་ནི།

ལེའུ་ ༧ པ འོས་འབབ་ལྡན་པའི་དྲི་བ་བཀོད་ནི།

བརྡ་བརྒྱུད་རིང་ལུགས་ནང་ དྲི་བལ་འབད་ནི་འདི་ ཡན་ལག་གཙོ་བོ་ཅིག་ཨིན། དེ་འབདཝ་ད་ ཞིབ་བརྟག་གནས་ཚུལ་གྱི་སྐབས་ གྲ་སྒྲིག་མང་སུ་འབད་དགོཔ་དང་ ཞིབ་འཚོལ་དང་ གནས་ཚུལ་འབྱུང་ཁུངས་སྐོར་ལས་ལེགས་ཤོམ་སྦེ་ཧ་གོ་ཞིནམ་ལས་ འདི་དང་འཁྲིལ་བའི་ དྲི་བ་ཚུ་བཀོད་དགོ། ཞིབ་བརྟག་བརྡ་བརྒྱུད་རིང་ལུགས་འདི་ དྲན་པ་བཏོན་དགོཔ་ཅིག་དང་ རྩོད་རྙོག་ཅན་ དེ་ལས་ མིང་གཏམ་ལུ་གནོད་པ་ཡོད་པའི་ རང་བཞིན་ཅན་ཅིག་ཨིན། དེ་འབདཝ་ལས་ དྲི་བ་བཀོད་ཐངས་ཀྱི་རིག་རྩལ་ཚུ་ཕུལ་ཕྱིན་ཐོག་ལས་ དྲི་བ་ག་ཅིག་བཟུམ་ བཀོད་ནི་ཨིན་ན་ ག་དེ་སྦེ་བཀོད་ནི་ཨིན་ན་དང་ རིམ་པ་ག་དེ་སྦེ་བསྒྲིག་ནི་ཨིན་ན་ཚུ་ གྲ་སྒྲིག་འབད་དགོ། དྲི་བ་བཀོད་པའི་སྐབས་ ཀུན་སྤྱོད་རྣམ་གཞག་ཚུ་ཡང་སེམས་ཁར་བཞག་དགོཔ་གལ་ཆེ།