༡. དྲི་བ་གི་དོན་ལུ་གྲ་སྒྲིག་འབད་ཐངས།

༡. དྲི་བ་གི་དོན་ལུ་གྲ་སྒྲིག་འབད་ཐངས།


བརྡ་དོན་སྤྲོད་ལེན་གཞན་བཟུམ་སྦེ་ དྲི་བ་བཀོད་ནི་དེ་ཡང་ ཕྱོགས་གཉིས་ཚང་དགོ་པའི་ བྱ་རིམ་ཅིག་ཨིན། ཁྱོད་ལུ་དགོ་མི་འདི་འཐོབ་ནིའི་དོན་ལུ་ ཁྱོད་ར་དང་ དྲི་བ་བཀོད་སའི་ཡུལ་གཉིས་ཆ་ར་ལུ་རག་ལསཔ་ཨིན། དྲི་བ་རབ་འདི་ ང་བཅས་ར་སྤྱིར་བཏང་བློ་སླབ་དོ་བཟུམ་མའི་ཚོར་བ་འབྱུངམ་ཨིན། དེ་འབདཝ་ཁྱོད་ར་དགོ་མི་འདི་འཐོབ་ནིའི་ཐབས་ལམ་གྱི་ཡན་ལག་ཅིག་ཨིན།

དྲི་བ་མ་བཀོད་པའི་ཧེ་མ་རང་ ཁྱོད་རའི་དོན་ཚན་འདི་ཞིབ་འཚོལ་མཐིལ་ཕྱིན་སྦེ་འབད་དགོཔ་དང་ དྲི་བ་བཀོད་སའི་མི་ངོམ་འདི་དང་དོན་ཚན་འདི་གི་འབྲེལ་བ་ཚུ་དབྱེ་ཞིབ་འབད་དགོ། འདི་གི་གྲངས་སུ་ ཁྱོད་རའི་དོན་ཚན་འདི་གི་རྒྱབ་ཁུངས་དང་ ལོ་རྒྱུས་ཚུ་གི་སྐོར་ལས་བྲིས་ཡོད་པའི་ཡིག་ཆ་དང་ བྲིས་རྩོམ་ཚུ་ཡང་ཚུདཔ་ཨིན། འདི་གིས་ཁྱོད་རའི་དྲི་བ་ཚུ་ལེགས་ཤོམ་སྦེ་བཀོད་སྒྲིག་འབད་ནི་ལུ་ཕན་ཐོགས་ཡོདཔ་མ་ཚད་ ཁ་གསལ་ཚུ་འཐོབ་ནི་ལུ་ལམ་སྟོན་འབད་འོང་། མི་ངོམ་མ་འདྲཝ་ཚུ་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནིའི་འཆར་གཞི་བརྩམ་དགོ། འདི་མེན་པ་ཅིན་ མི་དག་པ་ཅིག་དང་གནས་སྟངས་ངོ་མ་བྱུང་ས་ལས་ ཐག་རིང་སར་སྡོད་མི་ འབྱུང་ཁུངས་བརྟེན་དགོཔ་བྱུང་སྟེ་ ཉེན་ཁ་ཡོད། དཔེར་ན་ སོ་ནམ་ཞིང་ལཱ་འབད་མི་དང་ བཟོ་གྲྭ་ཁང་ནང་ལཱ་འབད་མི་ དེ་ལས་གཞན་ སྦུང་སྒུལ་གྱི་ལཱ་འབད་མི་ཚུ་ལུ་རྒུད་འཐུས་མ་སྤྲོད་པར་ བཏོན་བཏང་ཡོད་པའི་ ་ས་ཁོངས་ཚུ་ནང་འགྱོ་བལྟཝ་ད་རྐྱངམ་གཅིག་ཇོ་བདག་ཚུ་གིས་ ལཱ་འབད་མི་ཚུ་ ལོག་སྤྱོད་འབད་དོ་ཡོད་པའི་སྐོར་ལས་ ལེགས་ཤོམ་སྦེ་ཤེས་ཚུགས། འདི་བཟུམ་མའི་བརྡ་དོན་ཚུ་ ཁྲོམ་ཚོགས་སྦོམ་ནང་ཡོད་པའི་ གཞུང་མིན་ལས་ཚོགས་ཀྱི་ལས་བྱེདཔ་ཚུ་ལས་ འཐོབ་ཚུགས་པར་ལཱ་ཁག་འོང་། ཁྱོད་ར་གིས་མིག་མཐོང་ལག་བཟུང་གི་ཉམས་མྱོང་དང་ སྲིད་བྱུས་ཡིག་ཆ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་དང་ མ་དངུལ་ཚུ་ ག་བསྡུར་འབད་དེ་བལྟ་དགོ། འདི་གི་གྲུབ་འབྲས་ཚུ་ གནས་སྟངས་འདི་དང་འདྲ་བའི་ ས་ཁོངས་ཚུ་དང་ འདས་པའི་དུས་ཚོད་ཚུ་ནང་ འདི་བཟུམ་མའི་གནས་སྟངས་བྱུང་ཡོད་མི་ཚུ་དང་ ག་བསྡུར་རྐྱབ་སྟེ་བལྟ་དགོ། གྲ་སྒྲིག་འབད་མི་འདི་གིས་འབྲེལ་བ་ཡོད་པའི་དྲི་བ་ཚུ་འདྲི་ཚུགས་ནི་དང་ ཁྱོད་ར་ལུ་དགོ་པའི་བརྡ་དོན་ཚུ་འཐོབ་ཚུགས།