༡.༢. དྲི་བ་ཚུ་ཧེ་མ་ལས་བརྩམ་དགོཔ།


ཁྱོད་ཀྱིས་དྲི་བ་གི་དོན་ལུ་ གྲ་སྒྲིག་འབད་བའི་སྐབས་ དྲི་བཀོད་ལས་རིམ་འདི་ཁྱོད་ར་གིས་རེ་བ་བསྐྱེད་དོ་བཟུམ་ཅིག་རང་ མཐར་འཁྱོལ་ཅན་ཅིག་འགྱོ་མ་ཚུགས་རུང་ དགོས་མཁོ་དང་བསྟུན་བརྡ་དོན་ལ་ལུ་ཅིག་ལག་ལེན་འཐབ་བཏུབ་སྦེ་བཟོ་དགོཔ་དེ་ཡང་།

  1. ༡. གྲབས་སྦྱོང་། (མི་དང་འབྲེལ་བ་བཟོ་ནི་དང་ ཕན་ཚུན་མཐུན་འབྲེལ)
  2. ༢. གཞི་རྟེན་བརྡ་དོན། ཡོངས་གྲགས་ལུ་ཡོད་པའི་གནས་སྟངས་ཚུ་ བདེན་དཔྱད་འབད་ནི།
  3. ༣. དྲི་བ་འཇམ་ཏོང་ཏོ།
  4. ༤. དྲི་བ་སྲ་ཀྲག།

གནས་ཚུལ་བྱིན་མི་འདི་གིས་ གནས་ཚུལ་ཚུ་ ཁྱོད་ལུ་སླབ་ནིའི་བློ་སྤོབས་འཐོབ་ཚུགས་ཚུགས་ལུ་ དུས་ཡུན་ག་དེམ་ཅིག་འགོར་ནི་ཨིན་ན་ཚོད་དཔག་དགོ། ཐོག་མའི་དྲི་བ་ཚུ་འཐུང་སུ་དང་འཇམ་སུ་སྦེ་བཞག་དགོ།འགྲོ་ལུགས་དང་བསྟུན་ཏེ་- དོན་ཚན་ངོ་མ་དེ་ག་དེ་མགྱོགས་མགྱོགས་འདྲི་དགོ། ཁྱོད་ཀྱི་དྲི་བ་འདི་ རིག་ལམ་དང་མཐུན་པའི་གནད་དོན་གུ་ གཞི་བཞག་ཞིནམ་ལས་ དྲི་བ་ལཱ་ཁག་ཚུ་ ཤུལ་ལས་འདྲི་དགོ། ཁྱོད་ཀྱི་དྲི་བ་ཚུ་ ཧ་གོཝ་འཇམ་ཏོག་ཏོ་དང་དྭངས་འཕྲོས་འཕྲོས་ གནད་དོན་དང་མཐུནམ་སྦེ་བཀོད་དགོ། དྲི་བ་རིངམ་གཅིག་བཀོད་མི་ལས་ དྲི་བ་ཐུང་ཀུ་དག་པ་ཅིག་བཀོད་མི་འདི་དྲག། དྲི་བ་ ་རདྲི་བ་རིང་དྲགས་་ཅིན་ གནས་ཚུལ་འབྱུང་ཁུངས་འདི་ མགུ་འཐོམ་སྟེ་གསལ་ ག་སླབ་གུ་སླབ་མེདཔདྲི་བ་འདི་ཚུ་ཧེ་མ་ལས་ ཁྱོད་རའི་སེམས་ཁར་བཙུགས་བཞག་དགོ

བསླབ་བྱ࿒

  • > དྲི་བ་ཅིག་ལུ་ ནང་གསེས་དབྱེ་བ་ལེ་ཤ་ཡོད་མི་ཚུ་སྤང་དགོ། དཔེར་ན་ “བློན་པོ་ལགས་ ནཱ་གིས་རིན་བསྡུར་གྱི་ལམ་ལུགས་ཚུལ་མིན་ཡོད་པའི་སྐོར་ལས་མཁྱེན་ག་ལགས། ནཱ་གིས་བྱ་རིམ་འདི་ཚུ་ལྟ་རྟོག་གནང་དོ་ག་ལགས། དེ་ལས་ འདི་དང་འདི་གིས་ ཁག་འབག་འདི་ག་དེ་སྦེ་འཐོབ་ཅི་ག? ཟེར་བཀོད་པ་ཅིན་ ལན་གསལ་ཆ་ཤས་ཙམ་རེ་ལས་བརྒལ་མི་འཐོབ། འདི་ཡང་ཁོ་རང་གིས་ སླབ་དགོ་མནོ་མི་རྐྱངམ་གཅིག་སླབ་འོང་།
  • > དགག་ཚིག་ཡོད་པའི་དྲི་བ་གཉིས་མུ་མཐུད་དེ་འདྲི་ནི་མི་འོང་། འདི་གིས་མགུ་འཐོམ་འོང་། དཔེར་ན་ “ཁྱོད་ཀྱིས་དངུལ་འདི་ལོག་མ་བཏབ་མི་འདི་ བདེན་པ་ཨིན་ན་ མེན་ཡ? འདི་བཟུམ་མའི་དྲི་བ་གིས་ ཡང་ཅིན་དངུལ་གྱི་སྐོར་ལས་དང་ཡང་ཅིན་ བདེན་པ་མེན་ཟེར་བའི་ བརྗོད་ཚིག་གཉིས་ལས་ག་ཨིན་མི་རྐྱངམ་གཅིག་ལུ་ ལན་གསལ་འཐོབ་འོང། “ཁྱོད་ཀྱིས་དངུལ་ལོག་མ་བཏབ་མི་འདི་བདེན་ག?” ཟེར་བ་ཅིན་ ལན་གསལ་ཨ་ཙི་གསལ་ཏོག་ཏོ་འོང་ནི་དང་ “ཁྱོད་ཀྱིས་དངུལ་ལོག་བཏབ་ཅི་ག?”་ཟེར་བ་ཅིན་ ལེ་ཤ་གིས་དྲག།
  • > བདེན་དཔྱད་འབད་ནིའི་དྲི་བའི་རིགས་ཚུ་ཡང་བཙུགས་དགོ། དྲི་བ་འདི་ཚུའི་ལན་ ཁྱོད་ར་གིས་ཤེས་རུང་ ཁོང་གིས་ཁ་ཐུག་ལས་གཞི་ག་ཅི་ལས་བརྟེན་ཏེ་ཨིན་ན་ཚུ་ གསལ་སྟོན་འབད་དེ་ གནས་ཚུལ་འབྱུང་ཁུངས་འདི་འཁྲུལ་མེད་ཨིན་པའི་ངེས་ཤེས་འཐོབ་ཚུགས། མི་ངོམ་འདི་ཁྱོད་ཀྱིདྲི་བ་འཇམ་ཏོག་ཏོ་ལུ་བལྟ་སྟེ་ དགོད་བྲ་བ་ཅིན་ ཁྱོད་རང་སེམས་ཁར་ཕོག་ནི་མི་འོང་། ཁྱོད་ར་ལུ་དགོས་མཁོ་མེད་རུང་ གནས་ཚུལ་ལྷག་མི་འདི་ཚུ་ གནས་ཚུལ་བྱིན་མིའི་ཁ་ལས་ ཉན་བཅུག་དགོ་ཟེར་སླབ་དགོ། མཐའ་བསྡོམས་ཡོད་པའི་དྲི་བ་ཚུ་ ཐོ་བཀོད་འབད་དགོ།(ཨིན/མིན་ཟེར་བའི་ལན་དགོ་པའི་དྲི་བའི་རིགས་ཚུ)
  • > མཐའ་བསྡོམས་ནི་མེད་པའི་ དྲི་བ་ཚུ་ཡང་ཚུད་དགོ། དྲི་བ་འདི་ཚུ་གིས་ ཁོང་རའི་ཐབས་ཤེས་ཚུ་ བཤད་ནིའི་གོ་སྐབས་བྱིནམ་ཨིན། མཐའ་བསྡོམས་མེད་པའི་དྲི་བ་གིས་ སྤྲོས་པ་ཆེ་སུ་དང་རྒྱས་སུ་བཟོཝ་ཨིན། འཐའ་བསྡོམས་ཡོད་པའི་དྲི་བ་གིས་ བརྡ་དོནངོ་མ་གུ་གཞི་བཞགཔ་ལས་ གཉིས་ཆ་ར་ མཉམ་སྡེབ་འབད་དགོ