༣.༡. གནས་ཚུལ་འབྱུང་ཁུངས་ཀྱིས་ ངོས་ལེན་མ་འབད་མི་འདི་ སྙན་ཞུ་ནང་ལན་སྦེ་བཙུགས་དགོཔ།

༣.༡. གནས་ཚུལ་འབྱུང་ཁུངས་ཀྱིས་ ངོས་ལེན་མ་འབད་མི་འདི་ སྙན་ཞུ་ནང་ལན་སྦེ་བཙུགས་དགོཔ།


གནས་ཚུལ་འབྱུང་ཁུངས་ལ་ལུ་ཅིག་གིས་ ཁྱོད་ཀྱི་དྲི་བ་ལུ་ལན་རྐྱབ་ནིའི་དང་འདོད་མེད་པར་ གནས་ཚུལ་མི་བྱིན་ཟེར་སླབ་མི་འཐོན་པ་ཅིན་ ཁྱོད་ར་གྲ་སྒྲིག་སྦེ་སྡོད་དགོ། རྒྱང་མཐོང་རྒྱང་བསྒྲགས་ཚུ་གི་ཐོག་ལུ་ སྒྲ་བཟུང་ཡོད་མི་ནང་ ཐད་ཀར་ཨིན་རུང་ སྐོར་ཏེ་ཨིན་རུང་ ལན་སླབ་མ་བཏུབ་པ་ཅིན་ འདི་ཚུ་ཐབས་ཤེས་ཀྱི་ཐོག་ལས་གནས་ཚུལ་ནང་ ལག་ལེན་འཐབ་ཚུགས། གསར་ཤོག་ནང་ཨིན་པ་ཅིན་ ཁྱོད་ཀྱིས་ “མི་ངོམ་ག་འབད་རུང་ཅིག་གིས་དྲི་བ་་་་་་གི་ལན་རྐྱབ་མ་བཏུབ་།” ཟེར་བཙུགས་དགོ། ཁྱོད་ཀྱིས་བྲིས་མི་འདི་གི་གོ་དོན་འདི་ ལན་སླབ་མ་བཏུབ་པའི་སྐོར་ལས་ འགྲེལ་བཤད་རྐྱབ་ནི་མེན་པར་སྙན་ཞུ་འབད་ནི་རྐྱངམ་གཅིག་ཨིན། ལན་རྐྱབ་མ་བཏུབ་པའི་ དོན་དག་ག་ཅི་ཨིན་ན་ གནས་ཚུལ་ལྷག་མི་ཚུ་གིས་ཐག་བཅད་འོང་།

རྒྱུ་མཚན་མེད་པར་ འོས་འབབ་ཅན་དང་ ་གྱི་དྲི་བ་ལུ་ ལན་མ་རྐྱབ་པར་བཞག་པ་ཅིན་ དྲི་བ་དེ་ཆ་མེད་གཏང་དགོ་པའི་གནས་སྟངས་ལུ་ཐུག་འོང་། འཕྲལ་འཕྲལ་སྦེ་ འདི་གིས་ཡང་ཕན་ཐོགསཔ་ཨིན།ཁྱོད་ཀྱིས་ “དགོངསམ་མ་ཁྲེལ་ལགས་བློན་པོ། ང་གིས་ མི་རྗེ་བློན་པོའི་ཧོངས་ལས་ དོན་ཚན་འདི་གི་སྐོར་ལས་ག་ནི་ཡང་གསུང་ནི་མེདཔ་འོང་ཟེར་མ་ཤེས་ལགས། དོན་ཚན་འདི་ ངེའི་གནས་ཚུལ་གྱི་སྙིང་དོན་ཨིན། ང་ལུ་ཡོད་རུང་མེད་རུང་ ང་རའི་འཆར་སྣང་དང་ མཁས་མཆོག་དང་ དཔང་པོ་ཚུ་ འཆར་བཀོད་ཚུ་རྐྱངམ་གཅིག་ཨིན་ལགས། ང་གིས་ མི་རྗེ་ལས་ ཐུགས་འཆར་ག་ནི་ཡང་བཀོད་ནི་མིན་འདུག་ཟེར་བཀོད་པ་ལུ་ཁྱད་མེད་ག་ལགས?” ཟེར་འདྲི་དགོ། འདི་གི་སྐབས་ལུལན་རྐྱབ་མི་འདི་ བློ་གྲོས་དང་ལྡནམ་ཅིག་ཨིན་པ་ཅིན་ དེ་འཕྲལ་ལས་ གནས་ཚུལ་ནང་ལས་ ཕྱིར་འཐོན་འབད་ནི་བ་ ག་ཅི་གུ་ཅི་ཅིག་སླབ་པ་ཅིན་ དྲག་ནི་མས་ཟེར་གྲོས་ཐག་བཅད་འོང་། གལ་སྲིད་ཁོང་གིས་རྩ་ལས་ར་ མཉམ་འབྲེལ་འབད་མ་བཏུབ་པ་ཅིན་ གུས་ཞབས་དང་བཅས་པའི་སྒོ་ལས་དགོངསམ་ཞུ་དགོ

གལ་སྲིད་ཁྱོད་ལུ་ཧེ་མ་ལས་ར་དྲི་བ་གང་རུང་ཅིག་ལུ་ ལན་མི་རྐྱབ་ཟེར་སླབ་སྟེ་ཡོད་རུང་ དྲི་བ་འདི་ཚུ་ གེ་ར་བཙུགས་པ་ཅིན་དྲག། འདི་ཚུ་རྒྱང་བསྒྲགས་ཐོག་ལུ་ལེགས་ཤོམ་འགྱོ་འོང་། ཁྱོད་རའི་དྲི་བ་འབད་མི་མི་ངོམ་འདི་དང་ མི་མང་གིས་ ཁྱོད་རའི་ཁ་ཐུག་ལས་དྲི་བ་འདི་ བཀོད་ཅི་ཟེར་ཤེས་ཚུགས།གལ་སྲིད་ཁྱོད་ཀྱིས་མ་འདྲི་བ་བཞག་པ་ཅིན་ ཁྱོད་ཀྱི་འཐུས་ཤོར་ཨིནམ་སྦེ་ ཁ་གཏང་འོང་། ཤུལ་ལས་ དྲི་བ་འབད་སའི་མི་ངོམ་འདི་གིས་གལ་སྲིད་དྲི་བ་འདི་ང་ལུ་དྲིས་དྲིསཝ་ཨིན་པ་ཅིན་ང་གིས་ལན་སླབ་སླབ་འོང་ཟེར་བདེན་པ་བཟང་སྲིད།