ལེའུ་ ༨ པ གནས་ཚུལ་འབྲི་ཐངས།

ལེའུ་ ༨ པ གནས་ཚུལ་འབྲི་ཐངས།

བློ་རིག་ཅན་གྱི་ཐོག་ལས་ ཞིབ་དཔྱད་འབད་བའི་གནས་ཚུལ་འདི་ ལེགས་ཤོམ་སྦེ་ བཀོད་སྒྲིག་མ་འབད་བ་དང་ འབྲི་མ་ཚུགས་པ་ཅིན་ སྤྲོ་བ་མེདཔ་འགྱོ་འོང་། གནས་ཚུལ་འདི་ ལྷག་མི་ཚུ་གིས་ བློ་གཏད་བཏུབ་སྦེ་འོང་དགོ། དེ་འབདཝ་ལས་ གནས་སྟངས་ཚུ་ དུས་མཐུན་བཟོ་སྟེ་ དུས་ཐོག་ལུ་བཏོན་དགོ། ཁྱོད་རའི་ཞིབ་དཔྱད་ཀྱི་བཅུད་དོན་ལུ་ ངོས་ལེན་འབད་མི་ འབྲེལ་བ་ཡོད་མི་དང་ ཡོངས་གྲགས་ཅན་གྱི་ མི་ངོམ་ཚུ་གི་ ལུང་འདྲེན་ཚུ་ ཁྱོད་རའི་གནས་ཚུལ་ནང་ བཙུགས་པ་ཅིན་ ཁྱོད་ཀྱི་གནས་ཚུལ་གྱི་བརྩི་མཐོང་ལུ་ ཕན་ཐོགས་འོང་། ཐིག་ཁྲམ་དང་ ཤོག་ཁྲམ་ པར་རིས་ཚུ་གིས་ཡང་ གནས་ཚུལ་ལྷག་མི་ཚུ་ལུ་ ཁྱོད་ཀྱི་ཞིབ་འཚོལ་ མགུ་འཐོམ་སི་སི་ཚུ་ ཧ་གོ་ནི་ལུ་ ཕན་ཐོགས་ཚུགས།