༡.༣.༡. གནས་ཚུལ་གྱི་ བཟོ་བཀོད་དང་བཟོ་རྣམ།


གནས་ཚུལ་ཚུ་ལུ་ གཞི་རྟེན་གྱི་གཞི་བཀོད་ གསུམ་ཡོདཔ་ཨིན།

  1. ༡. འབྱུང་རིམ་- གནས་ཚུལ་ཚུ་ དུས་ཚོད་དང་བསྟུན་ཏེ་ འབྱུངམ་ཨིན། བྱ་རིམ་དང་ གནས་སྟངས་འདི་ཚུ་ལས་ གནས་ཚུལ་འབྱུངམ་ཨིན།
  2. ༢. འགྲེལ་བཤད་- དུས་ཚོད་དང་བསྟུན་ གནས་སྟངས་ལུ་གོ། འབྱུང་བའི་སྐབས་ ཞིབ་དཔྱད་ངོ་མ་ འབད་ནི་འདི་ཨིན།
  3. ༣. བྱ་རིམ- འདི་ནང་ གནད་དོན་དང་ རྩོད་རྙོག་ཐོག་ལུ་ གནས་ཚུལ་འབྱུངམ་ཨིན།

ཁྱོད་ཀྱིས་གནས་ཚུལ་གྱི་ རྒྱུ་ཆ་འདི་ཚུ་ སྡེ་ཚན་སྦེ་བཟོ་ཞིནམ་ལས་ འབྲི་ནི་འགོ་བཙུགས་དགོ། དེ་ཡང་ གནད་དོན་ག་ཅི་ཨིན་ན་ ཉམས་རྒུདཔ་ག་ཨིན་ན་ རྩོད་རྙོག་ག་ཅི་ཨིན་ན་དང་ ཁྱོད་ཀྱིས་ག་ཅི་ཐོབ་ཅི་ག་ཚུ་ བཀོད་དགོ། ཟླཝ་དང་ལོ་འབད་ མ་འགོར་བར་ བདུན་ཕྲག་དག་པ་ཅིག་ནང་ དཀའ་ངལ་སེལ་ཚུགས་པའི་ བརྟག་ཞིབ་གནས་ཚུལ་གྱི་དོན་ལུ་ ངོ་སྤྲོད་དང་མཇུག་བསྡུའི་འཆར་གཞི་གིས་ མཐའ་དཔྱད་ཀྱི་གནས་ཚུལ་གྱི་དོན་ལུ་ འཆར་གཞི་ཕུལ་དུ་ཕྱིན་པ་ཅིག་ཨིན།

ཞིབ་བརྟག་གནས་ཚུལ་འབྲི་ནིའི་ནང་ རྩོམ་རིག་གི་ འཇོན་ཐངས་འདི་ ཨང་གཉིས་པ་ཨིན། དངོས་དོན་འདི་ དམིགས་ཡུལ་སྦེ་བཞག་དགོ། ག་དེ་སྦེ་ཨིན་རུང་ ཞིབ་བརྟག་གནས་ཚུལ་རབ་འདི་ རང་བཞིན་གྱིས་འབྱུང་འོང་། (In any case, a good investigative story tends to write itself). འདི་ལུ་ ལོ་རྒྱུས་ཐེབས་བཀལ་ནི་དང་ སྤྲོས་བཏགས་ནི་ཚུ་འབད་མི་དགོ།

ཞིབ་བརྟག་གནས་ཚུལ་འདི་ རིང་སུ་སྦེ་འོངམ་མ་ཚད་ སྤྱིར་བཏང་གི་གནས་ཚུལ་ (hard news) དང་ཕྱདཔ་ད་ མགོ་རྙོག་དྲགས་འོང་། སྒྲིག་བཀོད་ལེགས་ཤོམ་ཡོད་པ་ཅིན་ ལྷག་མི་ཚུ་ལུ་ བརྡ་དོན་མགོ་རྙོག་དྲགས་ཚུ་ ཧ་གོ་ནི་ལུ་ ཕན་ཐོགས་འོང་། ཞིབ་བརྟག་གནས་ཚུལ་གྱི་ སྒྲིག་བཀོད་གསུམ་ཡོད་མི་དེ་ཡང་།

༡. ཝཱལ་ཨིསི་ཊིག་གནས་དེབ་ནང་གི་ ཐབས་གཞི་ནང་ ག་ཅི་ཚུདཔ་སྨོ་ ཟེར་བ་ཅིན།

  1. ༡. གནད་དོན་དང་ དཀའ་ངལ་གྱི་བར་ན་ མཐོང་སྣང་བཟོ་ནིའི་དོན་ལུ་ མི་ཅིག་ ཡང་ན་ གནས་སྟངས་ཅིག་ལས་ འགོ་བཙུགས་ནི། ༼སྤྱིར་བཏང་ལུ་ ལོ་རྒྱུས་ཐུང་ཀུ་དང་འབྲེལ་བའི་ བཅུད་དོན་༽
  2. ༢. རང་རྐྱང་གི་གནས་སྟངས་འདི་དང་ གནད་དོན་སྦོམ་གཉིས་ཀྱི་ བར་ནའི་འབྲེལ་བ་ འགྲེལ་བཤད་རྐྱབ་ཐོག་ལས་ གནད་དོན་སྦོམ་བསལ་ནིའི་དོན་ལུ་ གནས་སྟངས་འདི་ལས་ རྒྱ་སྦོམ་བཟོ་ནི།
  3. ༣. ལོག་ཁྱོད་རའི་ གནད་དོན་ཞིབ་འཇུག་ནང་འོང་སྟེ་ མིའི་སེམས་ལྷུ་ཚུགས་པའི་ གནད་དོན་ཁྱད་པར་ཅན་ཅིག་སྦེ་ མཇུག་བསྡུ་ནི།

༢) ཆེ་བ་ལྔ། ཡུ་ཨེསི་ལས་ཨིན་མི་ ཀེ་རོལ་རིཅ་གིས་ གཤམ་འཁོད་ཚུ་ རྒྱབ་སྣོན་འབད་ཡོདཔ་ཨིན࿒

  1. ༡. གནས་ཚུལ་ (ག་ཅི་བྱུང་ཡི། ཡང་ན ག་ཅི་བྱུང་བཞིན་དུ་འདུག་ག?)
  2. ༢. སྐབས་དོན། (རྒྱབ་ཁུངས་ག་ཅི་སྨོ?)
  3. ༣. རྒྱ་ཚད (དཀའ་ངལ་འདི་ བྱུང་རྐྱེན་ཨིན་ན་། ས་གནས་ཀྱི་གནས་སྟངས་ཨིན་ན། རྒྱལ་ཡོངས་ཀྱི་དཀའ་ངལ་ཨིན་ན?)
  4. ༤. གཞན་ལས་ལྷག་པའི་ཁྱད་ཆོས་ (ཕྱོགས་ག་ཏེ་ལུ་འཁྱིདཔ་སྨོ?)
  5. ༥. ཕན་གནོད་ (ག་ཅི་སྦེ་ ལྷག་མི་ཚུ་གིས་ དོ་སྣང་བསྐྱེད་དགོཔ་སྨོ?)

གཞི་བཀོད་འདི་དང་འཁྲིལ་བ་ཅིན་ འཕོ་འགྱུར་གྱི་གནས་སྟངས་ ལེགས་ཤོམ་སྦེ་ འབྲི་ཚུགས་པའི་ནུས་པ་དགོ། འདི་གིས་ ཡན་ལག་ལྔཔོ་ཆ་ར་ གཅིག་ཁར་བསྡོམ་ཚུགས། འདི་མེན་པ་ཅིན་ སྲུང་ཐུང་ཀུ་ལྔ་ གཅིག་གི་ཤུལ་ལས་གཅིག་ འཐོན་དོ་བཟུམ་སྦེ་ཚོར་འོང་། འདི་འབདཝ་ད་ ཡོངས་འབྲེལ་ཐོག་ལུ་ བམ་ཚན་སྦེ་ བཏོགས་ཏེ་བཙུགས་པ་ཅིན་ འདི་གིས་གནས་ཚུལ་རིངམ་ཚུ་ ཁྱད་དུ་འཕགས་པའི་ གཞི་བཀོད་ལུ་འགྱུར་འོང་།

༣. གཏོར་གཟུགས་མཆོད་རྟེན།

སྔར་སྲོལ་གྱི་ གནས་ཚུལ་་ཐངས་ཀྱི་ ལུགས་ལྟར་དུ་ཨིན་པ་ཅིན་ མཆོད་རྟེན་ཁ་ནང་ན་བསྒོར་ཡོད་པའི་ དབྱིབས་དང་འདྲ། (དེ་ཡང་ གནས་ཚུལ་གཙོ་ཆེ་ཤོས་ དང་པ་དང ཁག་མ་ཆེ་མི་རིགས་དང་ རྒྱབ་ཁུངས་ཚུ་ ཤུལ་ལས་ཁ་སྐོང་སྦེ་ བཙུགསཔ་ཨིན།) ཞིབ་བརྟག་གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ མཆོད་རྟེན་གྱི་བཟོ་བཀོད་འདི་ གཡས་ཕྱོགས་ལས་ ཁ་ཡར་བལྟ་སྟེ་བསྒོར་ཡོད། ཁྱོད་ལུ་གནས་ཚུལ་ལྷག་མི་ཚུ་ ཁྱོད་རའི་གསར་ཐོབ་ཀྱི་ གནས་ཚུལ་དང་གཅིག་ཁར་ སྤྲོ་བ་འབྱུང་བཅུག་ནི་གི་ གནས་ཚུལ་ཡོངས་རྫོགས་ཡོད།

  1. ༡. གནས་ཚུལ་གྱི་བརྗོད་དོན་ མདོར་བསྡུས་ཀྱིས་ འགོ་བཙུགས་དགོ།
  2. ༢. ཁྱོད་ཀྱིས་གསར་བཏོན་འབད་ནི་ཨིན་པའི་ གནས་ཚུལ་ལ་ལུ་ཅིག་གི་ སྔོན་རྟགས་གསལ་སྟོན་འབད་ནི།
  3. ༣. ཁྱོད་རའི་ཞིབ་དཔྱད་ཚུ་ རིམ་པ་བཞིན་དུ་ སྤོ་འགྱོ་ནི། མི་ཚུ་སེམས་འཚུབ་ཀྱི་ ངང་ལུ་བཞག་སྟེ་ ཧ་ལས་སི་སི་དང་ སྤྲོ་བ་ཆེ་ཏོག་ཏོ་གི་ གནས་ཚུལ་ཅིག་བཟོ་ནི། དཔེར་ན་ ཚན་རིག་གི་གསར་གཏོད་དང་ ཡ་མཚན་ཆེ་བའི་སྲུང་དེབ་ཅིག་ འབྲི་དོ་བཟུམ་སྦེ་འབྲི་ནི།
  4. ༤. གནམ་མེད་ས་མེད་ སྤྲོ་བ་ཆེ་ཤོས་དང་ ཁག་ཆེ་བའི་བརྡ་དོན་ཚུ་ མཇུག་ལུ་བཞག་ནི

བསླབ་བྱ་འདི་ཚུ་ རེ་རེ་བཞིན་དུ་ རྟོག་བཟོའི་སྲུང (fiction) བྲིས་མི་གི་ ཐབས་ལམ་ལས་ བཏོན་བཏོནམ་ཨིན། ཁྱོད་རྟོག་བཟོའི་སྲུང་འབྲིཝ་མེན། དེ་འབདཝ་ད་ འབྲི་རྩོམ་གྱི་རིག་རྩལ་ཚུ་ ལག་ལེན་འཐབ་ཨིན། འདི་ལུ་དོན་དག་ཡོད། ག་ཅི་སྦེ་ཟེར་བ་ཅིན་ བརྡ་བརྒྱུདཔ་གེ་ར་ སྲུང་གཏང་མི་ཨིན། འདི་ལུ་དེང་སང་ལུགས་ཀྱི་ གནས་ཚུལ་འབྲི་ཐངས་ “འགྲེལ་བཤད་བརྡ་བརྒྱུད་རིང་ལུགས་” ཟེར་སླབ་ཨིན།

དྲན་གསོ་ཅིག་ཞུ་བ་ཅིན། ཨེ་མི་རི་ཀའི་ ཞིབ་བརྟག་བརྡ་བརྒྱུདཔ་ ཌོན་ནི་ཤེསི་ཊར་ (Danny Schechter) གྱིས་ ཨི་རག་གི་དམག་འཁྲུག་སྐབས་ལུ་ གནས་ཚུལ་སྙན་ཞུ་ བཀོད་ཡོད་པའི་སྐོར་ལས་ བཟོ་སྐྲུན་འབད་ཡོད་པའི་གློག་བརྙན་ Weapons of Mass Deception ཟེར་མི་ནང་ གནས་ཚུལ་བཤད་ཐངས་ལུ་ བྱ་སྟབས་མ་བདེ་བའི་གནད་འགག ་གཙོ་བོ་དེ་ མི་ཅིག་གི་ལོ་རྒྱུས་ལུ་ སེམས་གཡེང་སྟེ་ འདི་གི་འགྲེལ་བཤད་འདི་ལུ་བརྟེན་ཏེ་ ཡུ་ཨེསི་གི་གནས་ཚུལ་ལས་ཁང་ཚུ་གིས་ གནམ་མེད་ས་མེད་ རྩོད་རྙོག་ཆེ་བའི་དཀའ་ངལ་སྦོམ་ཚུ་ སྣང་མེད་བསྐྱུར་བཞག་ནུག་ ཟེར་བཤད་ནུག། ཁོ་གིས་བཤད་མི་འདི་གིས་ འགྲེལ་བཤད་རིང་ལུགས་འདི་ ནུས་པ་མེདཔ་བཟོ་ཡི་ཟེརཝ་མེན། འདི་དྲན་གསོའི་ཚུལ་ཙམ་ཨིན། འབྲི་ནིའི་རིག་རྩལ་གཞན་བཟུམ་སྦེ་ གནས་ཚུལ་བཤད་ནི་ལུ་ཡང་ རིག་རྩལ་ཚུ་ དྲན་པ་བཏོན་ཏེ་ ཐབས་རིག་ཅན་གྱི་ཐོག་ལས་ འོས་འབབ་ཡོད་པའི་སྐབས་དོན་གུ་ ལག་ལེན་འཐབ་དགོཔ་ཨིན།

འགྲེལ་བཤད་བརྡ་བརྒྱུདཔ་ལུ་མཁོ་བའི་ ལག་ཆས་འདི་ཚུ་ཡང།

འདྲ་རིས་དང་ མཐོང་སྣང་སྒྲིག་ཐངས།: ཝཱལ་ཨིསི་ཊིག་གནས་དེབ་ཀྱི་ ཐབས་ལམ་གདམ་ཁ་རྐྱབ་པ་ཅིན་ ཞིབ་བརྟག་འབད་བའི་སྐབས་ བྱ་རིམ་ཚུ་གེ་ར་ གསལ་རིལ་རི་སྦེ་ བལྟ་ནིའི་དོན་ལུ་ ཁྱོད་ལུ་ མིག་གི་དབང་པོ་རྣོན་པོ་ཅིགདགོ། ཁྱོད་ཀྱིས་གནས་ཚུལ་འབྱུང་ཁུངས་ གཙོ་བོ་དང་ མཐོང་སྣང་ལྷག་མི་ཚུ་ལུ་ ངོ་མ་ཨིན་པའི་ སྣང་བ་དང་ ཚུགས་པའི་ ཐབས་ལམ་གྱི་ཐོག་ལས་བཤད་དགོ། དེ་འབདཝ་ད་ ལཱ་ཁག་སྦེ་ ཡོད་ཚད་གཅིགཔོ་ ཐོ་བཀོད་འབད་དགོ་པའི་ ལོ་རྒྱུས་མེན། (དེ་གི་དོན་ལུ་ ཁྱོད་ལུ་ས་སྟོང་ཡང་མེད) ཁྱོད་རའི་གནས་ཚུལ་ལུ་ ལེགས་འགྱུར་འབག་འོང་ཚུགས་པའི་ ཁུངས་ལྡན་གྱི་མཐོང་སྣང་དག་པ་ཅིག་ འགྲེལ་བཤད་རྐྱབ་པ་གིས་འཐུས།

བརྡ་མཚོན་དང་ ཟུར་བརྡ།: ཞིབ་བརྟག་གནས་ཚུལ་འབྲི་བའི་སྐབས་ འགོ་དང་འགོ་ལས་ ལྷག་མི་ཚུ་ལུ་ གནས་ཚུལ་འདི་གིས་ག་ཏེ་འཁྱིདཔ་ཨིན་ན་གི་སྐོར་ལས་ བརྡ་མཚོན་དང་ ཟུར་བརྡ་ཚུ་བྱིན་དགོ། གལ་སྲིད་ ཁྱོད་ཀྱིས་མཆོད་རྟེན་གཏོར་གཟུགས་ཀྱི་གཞི་བཀོད་འདི་ ལག་ལེན་འཐབ་པ་ཅིན་ ཐབས་ལམ་འདི་ཚུ་ ལག་ལེན་འཐབ་དགོ། གནས་ཚུལ་གྱི་ མཐའ་དཔྱད་ཞིབ་འབྲས་མ་སྟོན་ཚུན་ འགྲེལ་བཤད་རྒྱས་ཤིང་རྒྱསཔ་རྐྱབ་སྟེ་ ལྷག་མི་ཚུ་ སྤྲོ་སྣང་དང་བཅསཔ་སྦེ་བཞག་དགོ།

མགྱོགས་ཚད་ གཞི་བཀོད་དང་ ཚིག།: འབྲི་བའི་སྐབས་ མགྱོགས་ཚད་ཀྱིས་ ཁྱད་པར་བཟོཝ་ཨིན། འགྲལ་བཤད་རེ་རེ་རྐྱབ་ད་ འདིའི་མགྱོགས་ཚད་འདི་ ཁྱོད་ཀྱིས་གདམ་ཁ་རྐྱབ་ཡོད་པའི་ གཞི་བཀོད་དང་ ཚིག་ལུ་རག་ལས་འོང་། བརྗོད་ཚིག་དང་ཚིག་ཐུང་ཀུ་གིས་ འགྲལ་བཤད་འགྱོགས་སུ་ཨིན། བརྗོད་ཚིག་རིངམོ་གིས་ འགྲལ་བཤད་ལྷོད་ལྷོད་དང་ གོ་ལེར་སྦེ་་ཨིན། དོན་མཚམས་གཅིག་ནང་ ཁྱད་ཚིག་ལེ་ཤ་ཡོད་པའི་བརྡ་དོན་ཨིན་པ་ཅིན་ བརྗོད་ཚིག་ཐུང་ཀུ་ཨིན་རུང་ ལྷག་མི་ཚུ་ ཧེང་སྐལ་ར་ འགྲོས་ཀྱིས་སྦེ་ འགྱོ་བཅུགཔ་ཨིན། དགོས་མཁོ་མེད་པའི རྒྱབ་ཁུངས་དང་ སྐབས་དོན་མང་དྲགས་པ་ཅིན་ ཁྱོད་ཀྱི་གནས་ཚུལ་འདི་ བཤད་མ་ཚརཝ་ལས་ མཇུག་བསྡུ་འོང་། ཨ་རྟག་ར་ ཁྱོད་ཀྱིས་ཁྱོད་ར་ལུ་ “འདི་གིས་ ཚིག་ཐེབས་ཙམ་མ་གཏོགས་ དོན་ལུ་ཁྱད་པར་བཟོ་འོང་ག? ཟེར་འདྲི་དགོ། གནས་ཚུལ་ནང་མ་དགོ་པའི་བློ་འདི་ཚུ་ བཏོག་གཏང་དགོ།

ཁྱོད་ཀྱི་གནས་ཚུལ་འདི་ སྐད་ཤུགས་སྦེ་ལྷག་པ་ཅིན་ མགྱོགས་ཚད་དང་ འགྲེལ་བཤད་ཀྱི་འགྲོས་ཚོར་འོང་། དེ་མ་ཚད་ འགྲེལ་བཤད་འདི་ ལྷོད་དྲགས་པའི་ཁར་ སྤོབས་པ་ཞུམ་དོ་བཟུམ་དང་ དབང་པོ་ངལ་དོ་བཟུམ་གྱི་ ཚོར་བ་འབྱུང་འོང་། ཁྱོད་རའི་རྣམ་ཅོ་འདི་ ཁྱོད་ཀྱི་ཞུན་དགཔ་ དྲག་ཤོས་ཨིན་། འདི་གིས་ ཁྱོད་གནས་ཚུལ་བྲིས་མི་ཅིག་ཨིན་པའི་ཆ་ལས་ ཁྱོད་རའི་རང་བཞིན་གྱི་མི་དང་ འབྲེལ་བའི་ཚོར་བ་ ནམ་བྱང་དཔ་ཨིན་ན་དང་ ཁྱོད་ཀྱི་བརྗོད་ཚིག་ཚུ་ ག་ཏེ་ལུ་ རྒྱ་ཆེ་དྲགས་སོང་ཡོདཔ་ཨིན་ན་ཚུ་ སྟོན་བྱིན་འོང་། གནས་ཚུལ་འདི་ ང་བཅས་ར་ མི་དང་མི་གི་བར་ན་ བློ་སླབ་པའི་གྱི་ཚུལ་སྦེ་འབྲི་བ་ཅིན་ ལྷག་མི་ཚུ་གིས་ ཁྱོད་ཀྱི་ཚོར་ཤུགས་ཀྱི་ ངོས་འཛིན་འབད་ཚུགས། ཡི་གུའི་སྦྱོར་བ་དང་ བརྡ་གཞུང་གི་ཐོབ་ཐངས་དང་འཁྲིལ་ཏེ་ ལག་ལེན་འཐབ་པ་ཅིན་ རྩོམ་འབྲིའི་ཁྱད་ཆོས་དང་ གཙོ་རིམ་ཚུ་ལུ་ ཕན་ཐོགས་ཚུགས། འདི་ཚུ་གིས་ ང་བཅས་ར་ བློ་སླབ་པའི་སྐབས་ལུ་ ལགཔ་དང་ མིག་ཏོ་དང་ གདོང་དང་ རྩ་འདི་ཚུ་བཟུམ་སྦེ་ ཤོག་ཀུ་ཐོག་ཁར་ ལཱ་འབད་འོང་།