༡.༣ ཁྱོད་རའི་མཁོ་ཆས་གྲ་སྒྲིག


སྒྲ་བཟུང་འཁོར་ལོ་དང་ འབྲི་ནིའི་མཁོ་ཆས་ཚུ་ གཡོག་བཀོལ་བཏུབ་ཡོད་མེད་བརྟག་དཔྱད་འབད་དགོཔ་དང་ སྨྱུ་གུ་དང་ སྒྲ་བཟུང་འཁོར་ལོ་འཕྲུལ་ལྟོ་མཛོད་བྱང་ལ་སོགས་པ་ཚུ་ སོར་ཐེབས་འབག་དགོ། གལ་སྲིད་ མི་ངོམ་འདི་ དྲི་བ་གི་དོན་ལུ་ འཛིན་གྲོལ་གྱི་འབྲི་ཤོག་གུ་མཚན་རྟགས་བཀོད་དགོ་པ་ཅིན་ འདྲ་གཅིག་ཁྱོད་ར་དང་གཅིག་ཁར་བཞག་དགོ། འདི་ཡང་ དྲི་བ་ཡུན་འགྱངས་སྦེ་འགོར་མི་དང་ རྒྱང་མཐོང་གི་དོན་ལུ་བཏོག་དགོ་པའི་རིགས་ལུ་དགོས་མཁོ་ཡོདཔ་ཨིན། འབྲི་ཤོག་འདི་ ལས་འཛིན་དང་ སྲིད་དོན་ཚོགས་པའི་ མགྲིན་ཚབ་ཀྱི་དོན་ལུ་དགོཔ་མེད། དེ་ཡང་ ཁོང་རའི་ལཱ་གི་ཁ་གསལ་དང་འཁྲིལ་ཏེ་ དྲི་བ་གི་དོན་ལུ་ མོས་མཐུན་འབད་ནི་དང་གནས་ཚུལ་འདི་ཚུ་ ཁྱོད་ར་ག་དགའ་སར་ ལག་ལེན་འཐབ་ཆོག། ཨིན་རུང་ ཁྱོད་ཀྱིས་གསལ་སྟོན་འབད་ཐངས་འདི་ ཁོང་གི་སེམས་ལུ་མ་འབབ་པ་ཅིན་ ཉོག་བཤད་བཀོད་ནིའི་དབང་ཚད་ཡོད།