༣. བསྟོད་བཤད་རྐྱབ་མི་ ་དང་གཅིག་ཁར་འབྲེལ་བ་འཐབ་ཐངས།

༣. བསྟོད་བཤད་རྐྱབ་མི་ ་དང་གཅིག་ཁར་འབྲེལ་བ་འཐབ་ཐངས།


བསྟོད་ཤད་རྐྱབ་མི་གཡོ་ཅན་-གཞུང་འབྲེལ་མགྲིན་ཚབ་དང་ མི་མང་མཐུན་འབྲེལ་འགོ་དཔོན་ཚུ-་ གཞུང་གི་འགོ་དཔོན་དང་ གནས་ཚུལ་བསྡུ་བཀོདཔ་ཚུའི་བར་ན་ འབྲེལ་བ་འཐབ་མི་གཙོ་བོ་ཅིག་ཨིན། འཕྲལ་འཕྲལ་ཁོང་གིས་ དྲི་བཀོད་ནང་བཅའ་མར་གཏོགས་ནི་དང་ ཡང་ན་ དྲི་བ་བཀོད་མ་ཆོག་པའི་རིགས་ཚུ་ཐོ་རྐྱབ་སྟེ་བྱིན་འོང་།

ཡུ་ཀེ་ལུ་ཡོད་པའི་ གར་དྲི་ཡཱན་གསར་ཤོག་ནང་གི་གནས་ཚུལ་བསྡུ་བཀོདཔ་བགྲེསཔ་ ཌེ་ནིསི་བར་ཀར་གྱིས་ཕྱི་གླིང་གཞུང་གི་མགྲིན་ཚབ་ལས་(མིང་གསང་བ་འབད་བཞག་ཡོདཔ) བསྟོད་བཤད་རྐྱབ་མི་སྐོར་ལས་ གཤམ་འཁོད་ཚུ་ མངོན་གསལ་བྱུང་ཡོདཔ་སྦེ་བཀོད་ནུག།

ཁོང་གིས་ཧད་བཏགས་འཕུལ་མི་འདི་བདེན་སྲིད། ཨིན་རུང་ ཧད་བཏགས་འདིནི་ཧད་བཏགས་ར་ཨིན། ཁྱོད་ཀྱིས་ཁོང་ལུ་ དོ་འགྲན་འབད་ནིའི་དལ་དབང་ཡོད། “ཁྱོད་ཀྱིས་ང་ལུ་མ་སླབ་པ་ཅིན་ ག་གིས་སླབ་ནི་སྨོ?” ཟེར་མི་འདི་ དྲི་བ་གལ་ཅན་ཅིག་ཨིན། ཁྱོད་ཀྱིས་དྲི་བ་བཀོད་མི་དབང་འཛིན་ཚུ་ མང་ཤོས་ཅིག་ར་གོང་མའི་བཀའ་རྒྱ་དང་འཁྲིལ་ཏེ་ ལཱ་འབད་དོ་ཡོདཔ་འོང་། དེ་འབདཝ་ལས་ ཁོང་ར་ཡང་ བརྡ་དོན་མ་ཐོབ་པར་ཡོདཔ་འོང་། ཁོང་གིས་ བཀག་རྐྱབ་སྟེ་ ཕྱོགས་སྲུང་སྦེ་བཞག་མི་འདི་ ཁོང་རའི་ལཱ་འགན་འབགཔ་ཨིན། འདི་ཚུ་མགྲིན་ཚབ་ཚུ་གི་དཀའ་ངལ་ཨིན། ཁྱོད་ཀྱི་མེན། གཞུང་གིས་ ཁོང་ར་ལུ་འཛོལ་བ་ཡོད་རུང་ དམིགས་བསལ་གྱི་གནས་སྟངས་སྐབས་མ་གཏོགས་ ཁོང་རང་གིས་ཁོང་ར་ལུ་སྐྱོན་བརྗོད་འབད་མི་བཅུག། མགྲིན་ཚབ་འདི་ཚུ་ལུ་ གནས་ཚུལ་བཟང་པོ་ཚུ་ ངན་པ་དང་གཅིག་ཁར་སླབ་ནིའི་གོ་སྐབས་བྱིན་ཁོའམ་མོ་ཁ་སངས་ཧིང་གསལ་འགྱོ་འོང་།

གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ཞི་བའི་མི་སྡེ་གིས་མནོ་མི་གནད་དོན་འདི་ ཁག་ཆེ་ཟེར་བའི་ཚ་གྱང་ཡོདཔ་ཨིན། གལ་སྲིད་འདི་ཚུ་གཞུང་ལུ་ཁག་མ་ཆེ་བ་ཅིན་ ཁྲིམས་ལུགས་མཐུན་་གྱི་ཚ་གྱང་ཨིན། ཁྱོད་ཀྱིས་ “ག་ཅི་སྦེ་འདི་ཚུ་གྲོས་བསྟུན་མ་འབདཝ་སྨོ?” ཡང་ན་ “ག་ཅི་སྦེ་གན་དདོན་འདི་ལུ་ གཞུང་གིས་ཚ་གྱང་མ་ལངམ་སྨོ?་” ཟེར་འདྲི་དགོ། གནས་ཚུལ་བསྡུ་བཀོད་པའི་གཙོ་རིམ་འདི་ གཞུང་གི་གཙོ་རིམ་མི་འོང་། གཞུང་གི་ཚ་གྱང་འདི་རྒྱ་ཆེ་སུ་འོང་། མགྲིན་ཚབ་འདི་ཚུ་ལུ་ དོན་ཚན་དམིགས་སུ་བཀར་ཏེ་འདྲི་བའི་སྐབས་ ལན་སླབ་ནི་ལུ་ སྟབས་མ་བདེ་ཁག་ཁག་བཟོ་་ཨིན།

དོན་ཚན་ཧ་གོ་མི་དང་ ཉམས་མྱོང་ཅན་ གཞི་ལྷོད་ལྷོད་ཡོད་མི་གནས་ཚུལ་བསྡུ་བཀོདཔ་དང་འཕྱདཔ་ད་ ཞེ་སྡང་ཅན་དང་ ཉམས་མྱོང་མེད་མི་ གནས་ཚུལ་བསྡུ་བཀོདཔ་ཚུ་ ཡིད་ཚིམ་ནི་འཇམ་དོ་ཡོདཔ་ཨིན། མགྲིན་ཚབ་ཚུ་གིས་འབད་བ་ཅིན་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ སྤྱིར་བཏང་གི་བརྡ་དོན་ཚུ་གིས་ ཡིད་ཚིམ་ཚུགས་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན། གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ བརྡ་དོན་ཅིག་ནང་ གནས་ཚུལ་གཙོ་དོན་མིན་འདུག་ཟེར་མནོཝ་ཅིག་རང་བཞིན་གྱིས་ སྤྲོ་བ་ཉམས་འགྱོ་དོ་ཡོདཔ་ཨིནམ། དོན་ངོ་མ་འདི་ བསྟོད་བཤད་རྐྱབ་མི་ཚུ་གིས་ ཐབས་བྱུས་ གནས་ཚུལ་ཚུ་ཁག་མ་ཆེཝ་བཟུམ་བཟོ་སྟེ་ གནས་ཚུལ་བསྡུ་བཀོདཔ་ཚུ་ ཁ་སྒྱུར་བཅུག་ནི་་ཨིན། བརྡ་བརྒྱུདཔ་ལ་ལུ་ཅིག་ བརྡ་དོན་གསརཔ་འཚོལ་ཏེ་ བདེན་པ་ཚུ་ སྤྲོ་བ་ཆེ་ཏོག་ཏོ་མེད་རུང་བརྩོན་ཤུགས་བསྐྱེད་མི་ཚུ་གིས་ གནས་ཚུལ་ལེགས་ཤོམ་ འཐོབ་དོ་ཡོདཔ་ཨིན།

གལ་སྲིད་ཁྱོད་ཀྱི་བརྡ་དོན་འདི་ འཛོལ་བ་ཨིན་པས་ཟེར་སླབ་རུང་ འཛོལ་བ་ཨིནམ་སྦེ་ཆ་བཞག་ནི་། “གལ་སྲིད་ང་གིས་འཛོལ་སོ་པ་ཅིན་ ང་གིས་བཟོད་གསོལ་ཞུ་འོང་དེ་འབདཝ་ད་་་་་” ཟེར་སླབ་ཆོག་ཆོག་སྦེ་སྡོད་དགོ། དེ་དང་སྦྲགས་ཏེ་ལྷན་ཐབས་ཀྱི་དྲི་བ་ཚུ་དྲིས་ཏེ་ཁྱོང་རའི་འདོད་ཚུལ་གྱི་ རྒྱབ་རྟེན་ས་བཟོ་དགོ། གལ་སྲིད་ཁོང་གིས་ཚུར་དྲི་བ་གཏང་པ་ཅིན་ ལོག་ཕར་གཏང་དགོ། བསྟོད་བཤད་རྐྱབ་མི་ ་ལ་ལུ་ཅིག་གིས་ ཁྱོད་ཀྱི་དྲི་བ་འདི་ ཁོང་རའི་དྲི་བ་ཁ་བསྒྱུར་གཏང་འོང་། དཔེར་ན་ ཁྱོད་ཀྱིས་ “བློན་པོ་འདི་ད་ལྟོ་ཡང་ བརྩེ་འབྲེལ་ཡོད་ཟེར་མི་འདི་བདེན་ག?” ཟེར་དྲི་བ་ཅིན་ ཁོང་གིས་ “ཁྱོད་གནས་ཚུལ་བསྡུ་བཀོདཔ་ཚུ་ག་ཅི་སྦེ་དོན་ཚན་འདི་ནང་སྤྲོ་བ་བསྐྱེད་དེ་ཐིམ་ལུས་སོངམ་སྨོ?” ཟེར་དྲིས་འོང་། འདི་ལུ་ ཁྱོད་ཀྱི་ལན་འདི་ “མགྲིན་ཚབ་ཁྱོད་ཀྱིས་ཤེས་ས་ཨིན་ བརྡ་བརྒྱུདཔ་ཚུ་གི་ བསམ་འཆར་ལུ་སྤྲོ་བ་བསྐྱེད་མི་ག་ཡང་མེད། ང་ནཱ་ལུ་ མི་སེར་ལུ་དགོ་པའི་ལན་འཚོལ་བ་ཨིན། དེ་མ་ཚད་ ང་བཅས་ལུ་བློན་པའི་གཉེན་གྱི་སྐོར་ལས་ཡི་གུ་གཅིག་ཤུལ་གཉིས་སྦེ་ལྷོད་དེ་ཡོད་། དེ་འབདཝ་ལས་་་་་་?” ཟེར་སླབ་དགོ

ཁྱོད་ཀྱི་དྲི་བ་འདི་ལུ་ལན་མ་འཐོབ་མནོ་བ་ཅིན་ རྩ་འགེངས་དགོ། “ང་ལན་འདི་ལུ་ངོས་ལེན་འབད་མ་ཚུགས་། དོ་རུང་ཚར་ཅིག་བཤད་མི་གནང་ག་?” ཡང་ན་ “ཁྱོད་ཀྱིས་ངེ་དྲི་བ་གི་ལན་ཚངམ་སྦེ་རྐྱབ་ག་མ་རྐྱབ་མ་ཤེས་” ཟེར་སླབ་ནི་འདི་ གུས་ཞབས་ཐོག་ལས་སླབ་པའི་ཚུལ་ཨིན། གཞན་ཡང་ “དྲི་བ་འདི་གི་ལན་མི་རྐྱབ་ནི་སྦེ་ཨིན་ན?” ཡང་ན་ “ག་ཅི་སྦེ་དྲི་བ་འདི་གི་ལན་མ་རྐྱབ་སྨོ?” “གལ་སྲིད་ཁྱོད་ཀྱིས་ང་ལུ་སླབ་པ་ཅིན་ ག་ཅི་འབད་འོང?” ཡང་ན་ “ལན་འདི་ག་འབད་ས་ལས་འཐོབ་ག?” ལ་སོགས་པ་ཚུ་འདྲི་དགོ

དྲི་བ་ཁག་དྲགས་ཚུ་འདྲི་ནི་ལུ་ ཐབས་ལམ་སྣ་ཚོགས་མནོ་བསམ་གཏང་དགོ། འཕྲལ་འཕྲལ་སྦེ་བརྡ་དོན་ལཱ་ཁག་ཤོས་འདྲི་ནིའི་ཐབས་ལམ་འཇམ་ཤོས་འདི་ ཕྲང་སྟེ་འདྲི་ནི་འདི་ཨིན། དེ་འབདཝ་ད་ གལ་སྲིད་ཁྱོད་ཉམས་མྱོང་ཅན་གྱི་ མགྲིན་ཚབ་ཅིག་དང་འབྲེལ་བ་འཐབ་པའི་སྐབས་ཨིན་པ་ཅིན་ དྲི་བ་ཐབས་ལམ་ཐོག་ལས་འདྲིཝ་ཅིག་འགྱོ་བཏུབ་ནི་དང་ འདི་མིན་ཕྲངམ་ཕྲང་ས་དྲི་བ་ཅིན་སྣང་མེད་སྐྱུར་བཞག་འོང་། འདི་ནང་ལུ་ བསམ་འཆར་དག་པ་ཅིག་ཡོད། ཉེན་བརྡ་བྱིན་ཏེ་ གོ་སྐབས་བྱིན་དགོ། “མ་པ་ཁྱོད་ཀྱིས་སྙན་ཞུ་འདི་ལྷག་ཡོདཔ་འོང་ལྷག་ཅི་ག་?” “འདི་བྱ་སྟབས་མ་བདེ་བའི་གནད་དོན་ཅིག་ཨིན་ཟེར་ང་གིས་ཤེས་”དེ་འབདཝ་ད་ ང་བཅས་ཀྱི་གསར་ཤོག་ལྷག་མི་ཚུ་གིས་ ང་ལས་རེ་བ་འདི་གནད་དོན་འདི་ཕྲང་སྟེ་” “སྙན་ཞུ་འབད་ནི་འདི་ཨིན། ང་ལུ་སླབ་ནི་ལུ་ ཆ་རོགས་འབད་གནང་” “སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་ཁྱོད་ལུ་་་་་་་ཟེར་སླབ་དེས” ཡང་ན་ “གནད་དོན་་་་་གི་སྐོར་ལས་ བསམ་འཆར་བཤད་ནི་ཡོད་ག?”