ཁྱོད་ཀྱིས་ ཁྱོད་རའི་གནས་ཚུལ་གྱི་དོན་ལུ་ འབྲེལ་བ་འཐབ་དགོ་པའི་ མི་གི་ཡོངས་འབྲེལ་དེ་ མགུ་འཐོམ་སི་སི་སྦེ་མཐོང་འོང་། བདེ་ཐབས་ཀྱི་དོན་ལུ་ འབྱུང་ཁུངས་ཚུ་གི་ཤོག་ཁྲམ་ཅིག་བཟོ་ཞིནམ་ལས་ འབྲེལ་གཏོགས་ཅན་སོ་སོའི་བར་ན་ འབྲེལ་མཐུན་སྟོན་ནིའི་དོན་ལུ་ མདའ་རྟགས་ ཡང་ན་ ཚོས་གཞི་སོ་སོ་ཚུ་ ལག་ལེན་འཐབ་དགོ། གལ་སྲིད་ འོས་མེད་ཀྱི་གནད་རེ་འཐོན་པ་ཅིན་ དྲན་ཐོ་བཀོད་དགོ། དེ་ཡང་ དཔེར་ན་ ཤིང་དུམ་བཏོག་ནིའི་ལས་སྡེ་ཅིག་གི་ འགོ་འཛིན་དེ་ ནགས་ཚལ་མེདཔ་གཏང་ནི་ལུ་དགའ་མི་ སྲིད་དོན་པ་ཅིག་གི་ ཉེ་ཚན་ཨིན་པ་ཅིན་ ཤུལ་ལས་ འབྲེལ་བ་དེའི་སྐོར་ གཏིང་ཟབ་སྦེ་ བལྟ་ནིའི་དོན་ལུ་ དྲན་ཐོ་བཀོད་བཞག་དགོ། ལཱ་འདི་ལཱ་ཁག་ཅིག་འོང་། ཨིན་རུང་ ཁྱོད་ཀྱིས་མི་སྡེའི་ལྟ་རྟོག་པ་བཟུམ་ཅིག་སྦེ་ རང་གི་མནོ་བསམ་ སླབ་ས་མ་ཐོབ་མི་ཚུ་ལུ་ སླབ་སའི་ས་གོ་བྱིན་ནི་གི་ ལཱ་འབད་མི་ཅིག་ཨིནམ་སྦེ་ རང་གིས་རང་ལུ་ དྲན་བསྐུལ་འབདདེ་ ལཱ་དེ་བཤོལ་མ་བཞག་པར་ གཙོ་བོར་བཏོན་དགོ།

བརྡ་བརྒྱུདཔ་ མཱརག་ཧཱན་ཊར་དང་ ལུག་སེན་ཇརསི་གཉིས་ལུ་ གནད་སྡུད་ཀྱི་རེའུ་མིག་བཟོ་སྟེ་ བདེ་ཐབས་སྒྲིག་ཐངས་ཀྱི་ ཕན་བསླབ་ཡོད་མི་ཚུ་ གཤམ་གསལ་ལྟར་དུ་ཨིན།

  • > ལས་སྣའི་འབྱུང་རིམ་ཅིག་འབྲི་དགོ ༼དེ་ནང་ ཚེས་གྲངས་དང་ ས་གནས་ མི་ག་འདུག་ག་ ག་ཅི་སླབ་ཅི་ག་ ག་ཅི་འབད་ཡི་ག་ གེ་ར་བཀོད་དགོ།༽ བརྡ་དོན་འདི་ ངེས་གཏན་སྒྲིག་བཀོད་ཅིག་ནང་བཀོད་པ་ཅིན་ རང་ལུ་དགོ་པའི་བརྡ་དོན་དེ་ འཇམ་ཏོང་ཏོ་སྦེ་ཐོབ་ཚུགས།
  • > འབྱུང་ཁུངས་ཀྱི་ཐོ་ཡིག་ཅིག་ ཁོང་གི་འབྲེལ་གཏུགས་ཁ་བྱང་དང་བཅསཔ་སྦེ་ བཟོ་ཞིནམ་ལས་ བརྡ་དོན་དེ་ཉེན་སྲུང་ཐོག་ལུ་བཞག། ཁོང་དང་འབྲེལ་བ་འཐབ་ཞིནམ་ལས་ དུས་མཐུན་བཟོ་དགོཔ་ད་ ད་རུང་ ག་དང་འཕྱད་དགོཔ་ཡོད་ག་ དྲན་འཛིན་ཅིག་བཀོད་བཞག་དགོ།
  • > འབྲེལ་བ་ཡོད་པའི་ མི་ངོ་སོ་སོའི་བར་ན་ འབྲེལ་མཐུན་གྱི་དཔེ་ཁྲམ་ཅིག་བཀོད་དགོ།
  • > ཡིག་ཆ་གཙོ་བོ་ཚུ་གི་ ཐོ་ཡིག་ཅིག་བཟོ་སྟེ་ རང་ལུ་ཡོད་མི་དང་ ད་རུང་དགོཔ་ ག་ཅི་ཡོད་ག་ བརྡ་སྟོན་བཀོད་དགོ།
  • > ངོས་འཛིན་གཏན་འཁེལ་བྱུང་ཡོད་པའི་ བདེན་ཁུངས་ཚུ་ལུ་ གཙོ་རྟགས་བཀལ། རང་གིས་ཕྱི་ཁར་ཞུ་བ་བཏང་ཡོད་མི་ རེ་རེ་བཞིན་དུ་གི་གནས་སྟངས་ དྲན་འཛིན་བཀོད།
  • > རང་གི་གནས་སྐབས་ཚུ་ བཀོད་ནི་གི་དོན་ལུ་ ཨ་རྟག་ར་ འབྲི་དེབ་ཅིག་ རང་དང་མཉམ་བཞག།
  • > རང་གིས་ཕྱི་ཁར་ཞུ་བ་བཏང་ཡོད་མི་ རེ་རེ་བཞིན་དུ་གི་གནས་སྟངས་ དྲན་འཛིན་བཀོད།
  • > རང་གི་གནས་སྐབས་ཚུ་ བཀོད་ནི་གི་དོན་ལུ་ ཨ་རྟག་ར་ འབྲི་དེབ་ཅིག་ རང་དང་མཉམ་བཞག།