༡.༥. གནས་ཚུལ་ངོ་སྤྲོད་འབད་ནི།


ཁྱོད་རའི་གནས་ཚུལ་ལས་ཁང་གིས་ ཁྱོད་ལུ་གནས་ཚུལ་ཅིག་ འབྲི་ནིའི་ལཱ་འགན་སྤྲོད་ཡོད་པ་ཅིན་ ཁྱོད་ཀྱི་ཞིབ་དཔྱད་ཀྱི་དོན་ལུ་ ལཱ་གི་གོ་རིམ་དང་པ་འདི་ ད་ལྟོ་གོང་ལུ་ བཤད་པ་རྐྱབ་མི་འཆར་གཞི་ བརྩམ་ནི་ཚུ་ཨིན། དེ་འབདཝ་ད་ ཁྱོད་ར་ རང་དབང་བརྡ་བརྒྱུདཔ་ཅིག་ཨིན་པ་ཅིན་ རྩོམ་སྒྲིགཔ་ལུ་ ཡིད་ཆེས་བསྐྱེད་ཚུགས་པའི་ གནས་ཚུལ་ངོ་སྤྲོད་ཅིག་ འབྲི་དགོཔ་གལ་ཆེ། ངོ་སྤྲོད་ལེགས་ཤོམ་དེ་ཡང་ གནས་ཚུལ་དེ་ ག་ཅི་གི་སྐོར་ལས་ཨིན་ན་ བཤད་པ་རྐྱབ་ཡོད་པའི་ གསལ་སྟོན་ཅིག་ཨིན་པའི་ཁར་ རྩོམ་སྒྲིགཔ་དེ་ལུ་ གནས་ཚུལ་དེ་ དཔར་སྐྲུན་འབད་ནི་གི་ བརྒྱུད་སྐུལ་འབད་ཚུགསཔ་ཅིག་དགོ། ངོ་སྤྲོད་དེ་ནང་ འོག་གི་ཆ་ཤས་ཚུ་ཚུད་དགོ།

  • > སྤྲོ་ཅིན་གྱི་ མགུ་རྒྱན་ཅིག།
  • > གནས་ཚུལ་གྱི་བཅུད་སྡུད་ཅིག།
  • > གནས་ཚུལ་དེ་ ལྷག་མི་ཚུ་ལུ་ ག་ཅི་སྦེ་ ཁག་ཆེཝ་ཨིན་ན།
  • > ཐབས་ལམ་མདོར་བསྡུས་ཅིག།
  • > འབྱུང་རིམ་ཅིག།
  • > འཆར་དངུལ་ཅིག།

གནས་ཚུལ་ལས་ཁང་ལ་ལོ་ཅིག་གིས་ གནས་ཚུལ་དེ་ བཏོན་ཐངས་ཀྱི་གནས་སྐབས་མ་འདྲཝ་ དཔེར་ན་ བརྙན་ཐུང་དང་ ཚད་རིས་ ཡང་ན་ སྒྲ་གདངས་ཀྱི་ཐོག་ལས་ སྟོན་དགོ་པའི་རེ་བ་བསྐྱེདཔ་ཨིན་རུང་ ལ་ལོ་ཅིག་གིས་ དེ་གི་གྲོས་ཐག་བཅད་ནི་གི་འགན་འཁུར་དེ་ རྩོམ་སྒྲིགཔ་དང་ གནས་ཚུལ་བཟོ་བཀོདཔ་ཚུ་ལུ་ བཞགཔ་ཨིན། ག་དེ་སྦེ་ར་ཨིན་རུང་ སེམས་ཁར་བཞག་དགོཔ་ཅིག་ ཡང་ཅིན་ གནས་ཚུལ་ལས་ཁང་དེ་གིས་ ཁྱོད་ཀྱི་གནས་ཚུལ་དེ་ མི་དགོཔ་འོང་། དེ་གིས་སྦེ་ གནས་ཚུལ་ངོ་སྤྲོད་གསལ་བཤད་ནང་ལུ་ ངེས་མཁོ་བའི་བརྡ་དོན་ཚུ་མ་གཏོགས་ རང་གིས་ཞིབ་དཔྱད་འབད་ཡོད་པའི་ ཞིབ་འབྲས་ཚུ་ བཀོད་ནི་མི་འོང་། དེ་ཡང་ ཁྱོད་ཀྱི་གནས་ཚུལ་གྱི་གནས་སྐབས་དེ་ གནས་ཚུལ་ལས་ཁང་ གཞན་ཅིག་ལུ་ ངོ་སྤྲོད་འབད་ཚུགས།