ལེའུ་ ༦ པ། གནས་ཚུལ་གྱི་གསར་ཕུད་འཚོལ་ནི།

ལེའུ་ ༦ པ། གནས་ཚུལ་གྱི་གསར་ཕུད་འཚོལ་ནི།

མི་དེ་ཚུ་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གི་དོན་ལུ་ དགོས་མཁོ་ཆེ་བའི་གནས་ཚུལ་གྱི་ རྒྱུ་དངོས་སྦོམ་ཤོས་གཅིག་ཨིན། ཁོང་ཆ་ཁྱབ་ཀྱིས་ ཁྱོད་ལུ་བློ་གཏད་དང་ཡིད་ཆེས་ སྦོམ་ཡོད་པ་ཅིན་ ག་གིས་ཡང་ མ་ཐོབ་པའི་གནས་ཚུལ་ཚུ་ ཁྱོད་ལུ་བྱིན་འོང་། ལེའུ་འདི་ནང་ ཁོང་གིས་ ཁྱོད་ལུ་གནས་ཚུལ་ཚུ་ བཤད་ནིའི་དང་འདོད་ བསྐྱེད་བཅུག་ཐབས་ལུ་ དང་པ་ར་ ཁོང་དང་གཅིག་ཁར་ མཐུན་ལམ་བཟོ་ཐངས་དང་ ཁོང་གིས་ཁྱོད་ར་ལུ་ ཡིད་ཆེས་ཚུགསཔ་ བཟོ་ཐབས་ཚུ་སྟོན་ནི་ཨིན། འདི་ནང་ལུ་ དོན་ཚན་མཁས་མཆོག་དང་ མགུ་སྐོར་རྐྱབ་མི་གི་ ཁྱད་པར་ཕྱེ་ཚུགསཔ་ བཟོ་ནི་ཚུ་ ཚུདཔ་ཨིན། དེ་མ་ཚད་ ཁོང་རའི་ཁེ་ཕན་ཚུ་ བསྒྲུབ་ཐབས་ལུ་ བརྡ་བརྒྱུདཔ་ཚུ་ལུ་ རྒྱུད་བསྐུལ་འབད་མི་ རྒྱུད་སྐུལ་པ་དང་ གཡོ་སྒྱུ་ཅན་ཚུ་ ངོས་འཛིན་འབད་ཐངས་ཡང་ ཚུད་དེ་ཡོདཔ་ཨིན།