གལ་སྲིད་ ཁྱོད་ལུ་ཉེས་འཛུགས་འབཕད་མི་དེ ་ དབང་ཚད་ཅན་དང་ ཉེན་ཁ་ཅན་གྱི་ མི་ངོམ་ཅིག་ཨིན་པ་ཅིན་ ཁོ་དང་དངོས་སུ་སྦེ་ ངོ་འཕྲད་འབད་ནི་མེན་པར་ དྲི་བ་ཚུ་ ཁོ་གི་ཡིག་ཚང་ནང་ སྐྱེལ་གཏང་པ་ཅིན་ ལེགས་ཤོམ་ཨིན། དེ་གིས་ ཁྱོད་ར་ ཁོང་གི་ས་མཚམས་ནང་ འཛུལ་མ་དགོ་པར་ ཁོང་གི་ཆ་རོགས་དང་ རྒྱབ་ཐག་ཚུ་གིས་ ཁྱོད་ར་ངོ་ཤེས་ནི་ལས་བཀག་ཚུགས། དེ་བཟུམ་མའི་ དྲི་བ་དྲིས་ལན་ལས་ མི་ངོ་མ་འཕྱད་དེ་ དྲི་བ་དྲིས་ལན་འབད་དོ་བཟུམ་མའི་ གནས་ཚུལ་རྒྱས་ཤིང་རྒྱསཔ་ ཐོབ་མ་ཚུགས་རུང་ ཁྱོད་ར་གནས་ཚུལ་འབྲི་ནིའི་དོན་ལུ་ གསོན་པོ་སྦེ་སྡོད་ནིའི་ གོ་སྐབས་ཐོབ་ཚུགས།

ཁྱོད་རའི་ལས་སྡེ་དང་ ལས་ཚོགས་ཀྱིས་ ཁྱོད་ར་ལུ་ ཉེན་སྲུང་ག་དེམ་ཅིག་འབདཝ་ཨིན་ན་ཤེས་དགོ། གལ་སྲིད་ ཁྱོད་ར་རང་དབང་ཅན་གྱི་ བརྡ་བརྒྱུདཔ་ཅིག་ཨིན་པ་ཅིན་ ཁྱོད་རའི་དོན་ལུ་ རྒྱབ་རྟེན་ས་ཅིག་ གྲ་སྒྲིག་འབད་དགོ

དབང་ཚད་ཅན་གྱི་ མི་ངོམ་དང་ གཙུག་སྡེ་ཅིག་ལུ་ ཚབས་ཆེན་གྱི་རྩོད་རྙོག་སྐོར་ལས་ དྲི་བཀོད་འབད་བ་ཅིན་ དེ་གིས་ དེ་ལུ་ གནས་ཚུལ་དེ་ མཚམས་འཇོག་འབད་དགོཔ་སྦེ་སླབ་སྟེ་ རྩོམ་སྒྲིགཔ་དེ་གིས་ཡང་ མཚམས་འཇོག་འབད་བཞག་འོང་། ཨིན་རུང་ ཁྱོད་རའི་ཞིབ་འཚོལ་གྱི་སྒྲུབ་བྱེད་ཚུ་ སྒྲིང་སྒྲིང་ཡོད་པ་ཅིན་ ཁྱོད་རའི་རྩོམ་སྒྲིགཔ་ལུ་ མི་ངོམ་དེ་གིས་ ཁོ་ར་གིས་ སླབ་དོ་བཟུམ་སྦེ་ ཁ་ཉེས་ཀྱི་ཉེས་འཛུགས་ མི་སྐྱེལ་ཟེར་སླབ་སྟེ་ གནས་ཚུལ་དེ་ དཔར་སྐྲུན་འབད་ནི་གི་ བློ་སྟོབས་བསྐྱེད་བཅུག་དགོ། རྒྱུ་མཚན་གཙོ་བོ་གཅིག་འདི་ ཁྲིམས་ཁང་གི་རྩོད་རྙོག་སྐབས་ དམིགས་བསལ་ཐོབ་དབང་ཡོད་མི་ དོན་ཚན་ཚུ་རྐྱངམ་གཅིག་ གཙོ་བོར་བཏོན་ཏེ་ བཞག་དོ་ཡོདཔ་ལས་ ཁོང་གིས་སྦ་བཞག་ནིའི་ རྩིས་རྐྱབ་མི་སྒྲུབ་བྱེད་ཚུ་ དཔར་སྐྲུན་འབད་བཏུབ་ཨིན། གལ་སྲིད་ ཁྱོད་ར་འཇིགས་སྐྲག་སྟོན་མི་དང་ ཉེས་འཛུགས་འབད་མི་ དེ་ལས་གཞན་ འཇིགས་སྐུལ་འབད་མི་ མི་ངོམ་ཚུ་དང་འབྲེལ་བའི་ ཞིབ་འཚོལ་འབད་བ་ཅིན་ “བརྡ་བརྒྱུད་ཉེན་སྲུང་ཚོགས་ཆུང” (Committee to Protect Journalists) དང་ ཡང་ན་ “ས་མཚམས་མེད་པའི་གནས་ཚུལ་བསྡུ་བཀོདཔ་” (Reporters Without Borders) ཟེར་མིའི་ཚོགས་པ་ཚུ་ལས་ རྒྱབ་སྐྱོར་ལེན་དགོ།

བརྡ་དོན་ཁ་སྐོང་ཚུ་ ཡོངས་འབྲེལ་འཆར་སྒོ: https://www.cpj.org/about/ཡང་ན་https://rsf.org/en. ཐོག་ལས་ཐོབ་ཚུགས།

ཉེན་ཁ་ནང་ཡོད་པའི་ བརྡ་བརྒྱུདཔ་ཚུ་ལུ་ རྒྱབ་སྐྱོར་སྐོར་ལས་ སྤྱིར་བཏང་བསམ་འཆར་ཚུ་ ཡོངས་འབྲེལ་ཁ་བྱང་: http://gijn.org/2014/07/14/new-resource-guide-emergency-assistance/. ཐོག་ལས་ཐོབ་ཚུགས།


ངོས་འཛིན་འབད་ཡོད་པའི་ གནས་ཚུལ་འབྱུང་ཁུངས་ཚུ་ དབྱེ་དཔྱད་འབད་དེ་ ག་ཏེ་འཕྱད་ནི་ཨིན་ན་ གཏན་འཁེལ་བཟོ་ཞིནམ་ལས་ དྲི་བ་དྲིས་ལན་ ངོ་མ་འབད་ནིའི་དུས་ཚོད་ཨིན། ཤུལ་མའི་ལེའུ་ནང་ དྲི་བ་དྲིས་ལན་གྱི་དོན་ལུ་ དྲི་བཀོད་འཆར་གཞི་བཟོ་ཐངས་དང་ དྲི་བ་དྲིས་ལན་སྐབས་ཀྱི་སྤྱོད་ལམ་ དེ་ལས་ མཐར་འཁྱོལ་ཅན་གྱི་ གྲུབ་འབྲས་འབྱུང་ཐབས་ལུ་ བྱ་རིམ་གལ་ཅན་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ གྲོས་བསྡུར་འབད་ནི་ཨིན།