༡.༡ ཁྱོད་རའི་ཉེན་སྲུང་འབད་ནི།


བརྡ་བརྒྱུདཔ་ཚུ་ལུ་ སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཚུ་ རྒྱལ་ཁབ་མ་འདྲཝ་ནང་ མ་འདྲཝ་སྦེ་འོང་། ཁྲིམས་འདུན་ལུ་ ཁས་ལེན་སྒྲུབ་བྱེད་ཚུ་ཡང་ དེ་བཟུམ་སྦེ་འོང་། ཁྲིམས་ལུགས་ཤེས་དགོཔ་དང་ ཁྱོད་རའི་ལཱ་གི་ཉེན་ཁ་ དེ་གི་གྲུབ་འབྲས་ཚུ་གི་སྐོར་ལས་ ཤེས་དགོཔ་འདི་ ཁྱོད་རའི་འགན་ཁུར་ཨིན།

ཁྱོད་ར་དང་ ཁྱོད་ཀྱི་གནས་ཚུལ་བྱིན་མི་གཉིས་ འཕྱད་སའི་ས་གོ་ ཉེན་སྲུང་དང་ལྡན་ཏོག་ཏོ་ ག་ཏེ་ཨིན་ན་ ལེགས་ཤོམ་སྦེ་གདམ་ཁ་རྐྱབ་དགོ། གཅིག་ཁར་འཕྱད་ས་དེ་ སྒེར་གྱི་ས་གོ་དང་ མི་མང་ས་གོ་གཉིས་ལས་ ག་དེ་དྲག་ག? མི་མང་གི་སྐད་དང་ འར་འུར་འཐབ་ས་དང་ སྒྲ་སྐད་མེད་པའི་ ས་གོ་ཟུར་ཁ་དྲག་ག? དེ་མ་ཚད་ ས་གོ་དེ་ གསང་བའི་པར་ཆས་ཡོད་ས་ཨིནམ་མེནམ་ཚུ་ དབྱེ་ཞིབ་འབད་དགོ། གལ་སྲིད་ གསང་བའི་གནས་ཚུལ་དེ་ གཞན་གྱི་གོ་ནི་གི་ ཉེན་ཁ་འདུག་ཟེར་མནོ་བ་ཅིན་ འར་འུར་གྱི་སྐད་སྦོམ་ཡོད་སར་འཕྱད་དགོ། འུར་སྐད་དེ་ཚུ་གིས་ ཁྱེད་ཀྱི་བློ་དེ་ འཇམ་ཏོང་ཏོ་སྦེ་ གཞན་གྱི་གོ་མི་ཚུགས་པའི་ཁར་ སྒྲ་བཟུང་འཕྲུལ་ཆས་ཀྱིས་ཡང་ གསལ་ཏོག་ཏོ་སྦེ་ བཟུང་མི་ཚུགས།

ཨིན་རུང་ ཡིག་ཐོག་དང་ ཀམ་པིའུ་ཊར་ཐོག་ལུ་ ཡང་ཅིན་ སྒྲ་བཟུང་འཁོར་ལོ་དང་ གློག་བརྙན་ཐོག་ལུ་བཟུང་སྟེ་ ཚེས་གྲངས་ཚུ་བཀག་སྟེ་ ཤུལ་ལས་འཚོལ་བའི་སྐབས་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་བཟོ་སྟེ་བཞག་དགོ། བརྡ་དོན་བྱིན་མི་དེ་གིས་ ཁོང་ལུ་ཡོད་ཟེར་སླབ་པའི་བརྡ་དོན་ཚུ་ ངེས་བདེན་ཡོད་མེད་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དེ་ ཐེ་ཚོམ་མེདཔ་སྦེ་བཟོ་དགོ། དེ་མ་ཚད་ བརྡ་དོན་བྱིན་མི་དེ་གིས་ མཐོང་མི་ཚུ་ དྲི་དཔྱད་འབད་ནི་དང་ ཁོ་གི་དམིགས་དོན་ ག་ཅི་ཨིན་ན་ཤེས་དགོ། ཁོང་གི་ག་ཅི་སླབ་མི་དེ་ ཁ་གསལ་སྦེ་ བཀོད་བཞག་དགོ། དེ་ཡང་ དཔེར་ན་ བློ་ཚུ་གི་གོ་དོན་རྐྱངམ་གཅིག་མིན་པར་ ཚིག་འབྲུ་རེ་རེ་བཞིན་དུ་བཞག་ནི་དང་ ཡང་ན་ ཁོང་གིས་ཉན་བཏུབ་པ་ཅིན་ སྒྲ་བཟུང་སྟེ་བཞག་ནི་ལ་སོགས་པ་ཚུ་ཨིན། བརྡ་དོན་བྱིན་མི་དང་གཅིག་ཁར་ འཕྱད་རེ་འཕྱད་ཚེ་ ཐོ་བཀོད་འབད་བཞག་དགོ། ཁོང་ལུ་དངུལ་སྤྲོད་དགོ་པའི་སྐོར་ལས་དང་ དངུལ་སྤྲོད་ཡོད་པའི་འབྱོར་འཛིན་ཚུ་ གནས་ཚུལ་གྱི་འགྲོ་སོང་དང་ མཉམ་སྦྲགས་སྦེ་བཞག་དགོ

བརྡ་དོན་བྱིན་མི་དང་གཅིག་ཁར་ འབྲེལ་བ་ཚུ་ དྭངས་གསལ་དང་ གཡོ་སྒྱུ་མེདཔ་སྦེ་བཞག་དགོ། ཁོང་ཆ་ཁྱབ་ལུ་ དོན་དག་ག་ཅི་གི་ཐད་ལས་ཨིན་རུང་ དུས་ནམ་ཡང་ ཤོབ་དང་མགུ་སྐོར་ རྐྱབ་ནི་མི་འོང་། ཁྱོད་ར་གིས་ འབད་མ་ཚུགས་པའི་ཁས་ལེན་ འབད་ནི་མེད་འོང་། ཡང་ན་ འབྱུང་མི་སྲིད་པའི་བྱ་རིམ་ཚུ་ འབྱུང་འོང་ཟེར་ སླབ་ནི་མི་འོང། ངོ་རྐྱང་ལུ་ཆགས་ཞེན་བསྐྱེད་དེ་ ཁོང་གི་སྒེར་གྱི་དཀའ་ངལ་ནང་འཛུལ་ཏེ་ གཞུང་འབྲེལ་གྱི་འབྲེལ་བ་བཞག་ནི་ལུ་ གནོད་བཅུག་ནི་མི་འོང་།

ཁྱོད་ཀྱིས་ལེན་མི་བརྡ་དོན་ཚུ་གེ་ར་ ངེས་བདེན་ཨིནམ་བཟོ་ནི་ལུ་བརྩོན་དགོ། དེ་འབདཝ་ལས་ ཁོང་གིས་བྱིན་མི་བརྡ་དོན་ཚུ་ ཁྱོད་ལུ་གནད་འགག་ཅན་ཅིག་ཨིན་རུང་ དེ་ཚུ་ཁྱད་རིག་ཅན་དང་ དོགས་གཅོད་ཀྱི་ཐོག་ལས་ ངོས་ལེན་འབད་དགོ། ཁ་གསལ་ཚུ་བདེན་དཔྱད་འབད་དེ་ ཁོང་གི་སྦ་བཞག་ནི་གི་ རྩིས་རྐྱབ་མི་བརྡ་དོན་ཚུ་ལུ་ དོགས་པ་ཆགས་དགོ། དྲི་བ་ཁག་དྲགས་ཚུ་བཀོད་དགོ། ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཧང་སྟོང་མར་ བཀག་རྐྱབ་བཞག་ནི་དང་ སྟབས་མ་བདེཝ་ཚུ་འཐོན་པའི་སྐབས་ གདོང་ལེན་འབད་ཆོག་ཆོག་སྦེ་སྡོད་དགོ། སྟབས་མ་བདེཝ་ ག་ཅི་འཐོན་ཡོདཔ་ཨིན་ན་ཚུ་འདྲི་དགོ། སྐྱོན་རྩ་ལས་མེད་པའི་ དཔང་པོ་ཅིག་ འོང་མི་སྲིད། དེ་མ་ཚད་ ཤུལ་ལས་ ཁྱོད་ཀྱིས་ཧེ་མ་ལས་ འཕྱད་མ་མྱོང་བའི་ མི་ངོམ་གྱི་བརྡ་དོན་ལུ་བལྟ་སྟེ་ ཧ་ལས་ནིའི་རེ་ཡང་མ་བསྐྱེད། ཁྱོད་ཀྱིས་ བརྡ་དོན་བྱིན་མི་དེ་གི་ ཉེན་སྲུང་འབད་ནི་ཟེར་བའི་ཁས་ལེན་མ་གཏོགས་ ཁྱོད་ཀྱི་རྩོམ་བྲིས་དང་ རྒྱང་མཐོང་ནང་ ཚུད་དགོ་པའི་ནང་དོན་ཚུ་གི་ཐད་ལུ་ ཁོ་གིས་བཏུབ་མི་བཏུབ་སླབ་ནི་མེདཔ་བཟོ་དགོ