ལེའུ་ ༥ པ ཞིབ་འཚོལ། ཞིབ་འཚོལ། ཞིབ་འཚོལ།

ལེའུ་ ༥ པ ཞིབ་འཚོལ། ཞིབ་འཚོལ། ཞིབ་འཚོལ།

ལེའུ་འདི་ནང་ ཞིབ་བརྟག་བརྡ་བརྒྱུདཔ་ཅིག་གིས་ ལཱ་འགོ་བཙུགས་ནིའི་དོན་ལུ་ དགོས་མཁོ་ཡོད་པའི་ཞིབ་འཚོལ་གྱི་རིག་རྩལ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན། བརྡ་བརྒྱུདཔ་ཚུ་གིས་ ཧ་གོ་དགོཔ་དང་ ཡང་དག་སྦེ་ཤེས་དགོ་པའི་ གཞི་རྟེན་ཆ་རྐྱེན་དག་པ་ཅིག་ཡོད་མི་དེ་ཡང་ གནས་སྡུད་འཚོལ་ནི་དང་ བསྡུ་བསྒྲིག་འབད་ནི་ དེ་ལས་ ཞིབ་འཚོལ་ཁ་སྐོང་གི་དོན་ལུ་ ཡིག་ཆའི་དྲན་ཐོ་ལག་ལེན་འཐབ་ནི་ དེ་ལས་ཡོངས་འབྲེལ་ལག་ལེན་འཐབ་ཐངས་ཚུ་ཨིན། དེ་མ་ཚད་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ ཨང་རྩིས་ཤེས་ཡོན་གྱི་གཞི་རྟེན་རིག་རྩལ་ཤེས་དགོཔ་ཁག་ཆེ་མི་དེ་ཡང་ གནས་ཚུལ་མང་ཤོས་ཅིག་འབྲི་བའི་སྐབས་ གྲངས་ཚད་ཀྱི་གནས་སྡུད་ཚུ་དབྱེ་ཞིབ་འབད་དགོཔ་འཐོནམ་ཨིན།