༡. བརྡ་དོན་ཐོབ་ཐངས།


རྒྱལ་ཁབ་མང་ཤོས་ཅིག་ནང་ གཞུང་དང་སྒེར་གྱི་བརྡ་དོན་ཚུ་ གཞུང་འབྲེལ་གྱི་གསང་རྒྱའི་བཅའ་ཁྲིམས་དང་ དྲག་ཐོག་དབང་བཙོང་བཀག་སྡམ་ཁྲིམས་ལུགས་ ཡང་ན་ དང་འདོད་མེད་པའི་གཞུང་གཡོགཔ་ཚུ་ལུ་བརྟེན་ཏེ་ མི་དམངས་ལུ་མ་སྟོན་པར་བཞགཔ་ཨིན། ཡུ་རོབ་ཀྱི་རྒྱལ་ཁབ་མང་ཤོས་ཅིག་ནང་གཞུང་གིས་ སྤྱི་ལོ་ ༢༠༠༧ གི་ལོ་ནང་ ཚོང་འབྲེལ་གྱི་དོན་ལུ་ ཕབ་ཆག་བྱིན་ཡོད་པའི་སྐོར་ལས་ གནས་ཚུལ་ཚུ་འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ལོ་ངོ་བདུན་དེ་ཅིག་འགོར་ཡོདཔ་ཨིན། འདི་བཟུམ་མའི་ གནས་སྟངས་འཇམ་ཏོང་ཏོ་འགྱོ་མི་འདི་ཡང་ གཙོ་བོ་ར་ རྒྱལ་ཁབ་དྲུག་གི་བརྡ་བརྒྱུདཔ་ཚུ་ཁ་བསྡོམས་ཏེ་གནས་ཚུལ་ཚུ་གསལ་སྟོན་འབད་དགོ་པའི་དོན་ལུ་ ལོ་ངོ་ལེ་ཤ་ལས་བཅད་དེ་ ཁྲིམས་རྩོད་འབད་ཡོད་པའི་ ལཱ་ཤུལ་ཐོན་ཡོདཔ་ཨིན། དེ་ཡང་ ཐོ་དང་འཁྲིལཝ་ད་ ཕབ་ཆག་གི་ཁེ་ཕན་ ཐོབ་ཡོད་པའི་མི་ངོམ་ཚུ་ཡང་ བཟོ་གྲྭའི་སྤྱི་དཔོན་དང་ རྒྱལ་པོའི་སྐུ་འཁོར་ཚུ་ཨིནམ་སྦེ་ཤེས་རྟོགས་བྱུང་ནུག། མི་སེར་གྱི་ཁྲལ་ལས་ཐོབ་ཡོད་པའི་ དབྱིན་སྒོར་དང་ ཡུ་རོ་ ས་ཡ་ལས་བཅད་དེ་ ཚོང་སྡེ་ཆུང་ཀུ་དང་ དཀའ་ངལ་ཅན་གྱི་ཚོང་སྡེ་ཚུ་ལུ་མ་ཐོབ་པར་ཧེ་མ་ལས་ ཁེ་སང་སྦོམ་ཐོབ་སྟེ་ཡོད་པའི་ ཚོང་སྡེ་ཚུ་གིས་ཐོབ་ཡོདཔ་ཨིན་མས།

གལ་སྲིད་ཁྱོད་ཡང་ འདི་བཟུམ་མའི་ཁྲིམས་ལུགས་ཡོད་པའི་རྒྱལ་ཁབ་དང་ ཡང་ན་ གཞུང་འབྲེལ་གསང་རྒྱའི་བཅའ་ཁྲིམས་ བསྟར་སྤྱོད་འབད་བཞིན་ཡོད་པའི་རྒྱལ་ཁབ་ནང་སྡོད་མི་ཨིན་པ་ཅིན་ ཁྱོད་ལུ་དཀའ་ངལ་འདི་ཆེ་སུ་འབྱུང་སྲིད། ཞི་གཡོགཔ་ཚུ་གིས་ ཁྱོད་ལུ་བརྡ་དོན་ཚུ་མ་བྱིན་པར་ ཡུན་འགྱངས་བཞག་སྟེ་ ཧེང་སྐལ་སྦུང་འགམ་བཅུག་ནི་དང་ ཡང་ན་ འདི་བ་སྐྱོ་བའི་གནས་སྟངས་ཅིག་བརྡ་དོན་ཚུ་དངུལ་སྤྲོད་དེ་ཉོ་དགོཔ་འཐོན་འོང་། གལ་སྲིད་ ཁྱོད་ལུ་དགོ་པའི་ཡིག་ཆ་ཚུ་འཐོབ་ནིའི་ཐབས་ལམ་གཞན་མེད་པ་ཅིན་ དངུལ་སྤྲོད་དེ་ ཉོ་ནི་མ་གཏོགས་ ག་དེ་སྦེ་འབད་ནི? དུས་ཡུན་རིང་ཤོས་འགོར་ནི་དང་ ལཱ་ཁག་ཤོས་འདི་ བརྡ་དོན་དལ་དབང་གི་དོན་ལུ་ ཁྲིམསལུགས་བརྩམ་ནི་ལུ་བརྩོན་ནི་འདི་ཨིན། ཁྱོད་ཀྱི་རྒྱལ་ཁབ་ནང་ བརྡ་དོན་དལ་དབང་གི་བཅའ་ཁྲིམས་ཡོད་པ་ཅིན་ གཤམ་གསལ་གཞི་རྩ་ཚུ་གིས་ ཁྱོད་ཀྱིས་བརྡ་དོན་ལེན་ནི་ལུ་ལམ་སྟོན་འབད་འོང་།

  • > དོན་ཚན་འདི་གི་ཐོག་ལུ་གཞུང་འབྲེལ་ཆ་ཤས་ཙམ་ ཡང་ན་ མཁས་མཆོག་ཚུ་གི་དཔེ་དེབ་ག་ཅི་དཔེ་སྐྲུན་འབད་ཡོདཔ་ཨིན་ན་ འཚོལ་ཞིནམ་ལས་ འདི་དང་འབྲེལ་བ་ཡོད་པའི་ཡིག་ཆ་བྱིན་ཚུགས་མི་ འགོ་དཔོན་དང་གཅིག་ཁར་མཐུན་འབྲེལ་བཟོ་དགོ།
  • > དུས་ཨ་རྟག་ར་ གནས་ཚུལ་ཚུ་ ཧེ་མ་ལས་ཡོད་ག་མེད་བལྟ་དགོ། དཔེ་སྐྲུན་འབད་ཡོད་པའི་ཡིག་ཆ་ ཁྱབ་ཚད་ཉུང་སུ་ཅིག་ཡོད་པའི་རིགས་ཚུ་ནང་ རེ་ཚེ་སྐབས་ གསང་བའི་ཡིག་ཆའི་བཅུད་དོན་དང་ ལུང་འདྲེན་ཚུ་འོང་།
  • > ཁྱོད་ཀྱིས་ ཐབས་ལམ་གཞན་ཡོད་ཚད་ཅིག་འཚོལ་འཚོལཝ་ཨིན་པའི་ ཁུངས་བཀལ་ཏེ་ མཐའ་མཇུག་ལུ་ བརྡ་དོན་དལ་དབང་གི་ དོན་ཚན་ཚུ་གཡོག་བཀོལ་དགོ། འདི་གིས་ ཁྱོད་ཀྱིས་ ཡིག་ཆ་ཚུ་ ཐོབ་བརྗོད་བཀོད་ནིའི་ གནད་དོན་ཧེང་སྐལ་ སྒྲིང་སྒྲིང་འགྱོ་འོང་།
  • > སྔ་གོང་ལས་འཆར་གཞི་བརྩམ་དགོ། བརྡ་དོན་དལ་དབང་གི་བྱ་རིམ་འདི་ལུ་ དུས་ཡུན་འགོར་འོང་། ཁྱོད་ལུ་ནངས་པ་ར་དགོ་པའི་ཡིག་ཆ་དེ་ དུས་ཚོད་ཁར་འཐོབ་ཚུགས་པར་ ལཱ་ཁག་གཏང་འོང་། འདི་འབདཝ་ལས་ ཧེ་མ་ལས་ གནས་ཚུལ་འབྱུང་ཁུངས་ ཁུངས་ལྡན་ཚུ་ངོས་འཛིན་འབད་དེ་ ལེན་ཐབས་བསྒྲིག་དགོ།
  • > ངེས་ཏིག་དགོཔ་ཡོད་པའི་ ཡིག་ཆའི་མིང་ (ཡང་ན་ ཨང་ཡིག)བཀོད་ཐོག་ལས་འདི་ཚུ་དགོ་པའི་ཞུ་བ་འབད་དགོ། ཁྱོད་ཀྱི་དོན་ཚན་དང་འབྲེལ་བ་ཡོད་ཚད་ཅིག་ ལེན་ནིའི་རྩིས་རྐྱབ་པ་ཅིན་ འགོ་དཔོན་ཚུ་གིས་ སྣང་མེད་བསྐྱུར་ནི་དང་ ཡུན་འགྱངས་སྦེ་ བཞག་ནི་ལ་སོགས་པ་ཚུ་འབད་ནིའི་གོ་སྐབས་ལེན་འོང་།
  • > ཁྱོད་ཀྱིས་ཞུ་བ་འབད་ཡོད་པའི་ཡིག་ཆ་དང་ ཁྱོད་ལུ་ཐོབ་ཡོད་པའི་ ལན་གསལ་ཚུ་ བདག་འཛིན་ལེགས་ཤོམ་སྦེ་འཐབ་བཞག་དགོ། འདི་ཚུ་ ཤུལ་ལས་ དབང་འཛིན་ཚུ་གིས་ བརྡ་དོན་དལ་དབང་གི་ཁྲིམས་ལུགས་དང་འགལ་བ་འབད་ཡོདཔ་དང་ གནས་ཚུལ་ཚུ་སྦ་གསང་སྦེ་ བཞག་ཡོད་པའི་གནད་དོན་ཚུ་གི་ཐད་ལུ་ བདེན་ཁུངས་བཀལ་ནི་ལུ་ཕན་ཐོགས་འོང་།