༢.༣. ཨང་གནས་ཅན་གྱི་ཉུལ་ཞིབ།


ཡོངས་འབྲེལ་འདི་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བརྡ་དོན་འཐོབ་ནིའི་གོ་སྐབས་དང་ བརྡ་དོན་ཚུ་ རིམ་སྒྲིག་འབད་ཐངས་ འཚོལ་ཐངས་ དེ་ལས་ དབྱེ་ཞིབ་འབད་ཐངས་ཀྱི་ ལྕོགས་གྲུབ་ཚུ་རྒྱ་བསྐྱེད་སྦོམ་སྦེ་ར་ བཏང་ཡོདཔ་ཨིན། ཡོངས་འབྲེལ་ཐོག་ལས་འཚོལ་ཞིབ་འབད་ནིའི་ རིམ་ལུགས་ཁ་ཆེ་ཤོས་ དཔེར་ན་ DuckDuckGo དང་ meta-crawlersཟེར་མི་ཚུ་བཟུམ་འབད་བ་ཅིན་ ཚར་གཅིག་གུ་ འཚོལ་ཞིབ་རིམ་ལུགས་བཞི་དང་ལྔའི་བར་ན་གཡོག་བཀོལ་བཏུབ་ཨིན། མ་དགོ་པའི་ཡིག་ཆ་ཚུ་ བཀག་བཞག་ནིའི་དོན་ལུ་ ཐབས་ཤེས་ངོ་མ་ར་ མིང་ཚིག་གཙོ་ཅན་དང་ བརྗོད་ཚིག་ངེས་བདེན་ཚུ་བཙུག་ཐོག་ལས་འཚོལ་དགོཔ་ཨིན། ཁྱོད་ཀྱིས་ ལན་གསལ་ག་དེ་མང་མང་འཐོབ་ནིའི་དོན་ལུ་ འཚོལ་ཞིབ་ཀྱི་གདམ་ཁ་ལེགས་ཤོམ་རྐྱབ་དགོ། DuckDuckGo ཟེར་མིའི་རིམ་ལུགས་ཐོག་ལས་ཨིན་པ་ཅིན་ འཚོལ་ཞིབ་རེ་རེ་ལུ་ ལན་གསལ་ཚད་དང་ལྡནམ་སྦེ་འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ དུས་ཚོད་དང་ ལུང་ཕྱོགས་ ཁ་སྐད་ ཡང་ན་ ཞིབ་འཚོལ་གྱི་བྱ་རིམ་ཚུ་ ཕྱི་སེལ་རྐྱབ་བཏུབ་ཨིན།

མིང་ཚིག་གཙོ་ཅན་ཚུ་ཁྱོད་ཀྱིས་བརྡ་དོན་འཚོལཝ་ད་ རྒྱས་མ་དྲགསད་སྦེ་ ་བཞག་ནིའི་ཐབས་ཤེས་འཇམ་ཤོས་གཅིག་ཨིན་རུང་ མིང་ཚིག་གཙོ་ཅན་རྐྱངམ་གཅིག་གིས་ གོ་མི་ཆོད། དཔེར་ན་ཁྱོད་ཀྱིས་མི་ངོ་ ཇཱོན་སི་མིཏ་ཟེར་མི་ཅིག་གི་ བརྡ་དོན་ཅིག་ཞིབ་འཚོལ་འབད་བའི་དབང་དུ་གཏང་པ་ཅིན་ འཚོལ་ཞིབ་རིམ་ལུགས་ནང་ ཇཱོན་ཟེར་མི་དང་ སི་མིཏ་ཟེར་མི་ཚིག་འདི་བཙུགས་ཏེ་འཚོལ་བ་ཅིན་ རིམ་ལུགས་འདི་གིས་ མིང་འདི་གཉིས་འཁོད་དེ་ཡོད་པའི་ཡིག་ཆ་ བརྒྱ་དང་སྟོང་སྦེ་གསལ་སྟོན་འབད་འོང་། འདི་བཟུམ་མའི་ ལན་གསལ་ཚུ་སྤང་ཐབས་ཀྱི་དོན་ལུ་ ཇཱོན་སི་མིཏཟེར་བའི་མི་ངོ་འདི་གི་དམིགས་གསལ་གྱི་ཁྱད་ཆོས་ངོས་འཛིན་འབད་དགོ། དཔེར་ན་ མི་ངོ་འདི་གི་ གཡུས་དང་ ཡང་ན་ ཁྱད་རིག་གི་ལཱ་ཚུ་བཟུམ། གལ་སྲིད་ཁྱོད་ཀྱིས་ གློག་བརྙན་གྱི་པར་རིགས་ཚུ་ མི་དམངས་ལུ་སྤེལ་ནི་ཨིན་པ་ཅིན་ གནས་ཚུལ་ཚུ་ལུ་ཉམས་ཆག་འབྱུང་ཉེན་ཡོད་པའི་ བརྡ་དོན་ཚུ་གེ་ར་བཀག་བཞག་དགོ།

ཁྱོད་ར་ལུ་བྱ་སྟབས་བདེ་ཧིང་དང་འཁྲིལ་ཏེ་གནས་སྡུད་གཞི་མཛོད་ཚུ་ རིམ་སྒྲིག་དང་ འཚོལ་ཞིབ་འབད་གོ།བདེ་ཏོག་ཏོ་བཟོ་ནི་འདི་ ལེགས་ཤོམ་ཅིག་ཨིན། ཁྱོད་ཀྱིས་ ཡོངས་འབྲེལ་ཐོག་ལས་ ཡིག་ཆ་ཕབ་ལེན་འབད་བཞག་རུང་འདྲ་ དྲི་བ་དྲིས་ལེན་འབད་བའི་ ཡིག་ཐོ་དང་ གཞན་ཡིག་ཆ་ཚུ་ ལོག་ཤུལ་ལས་འཚོལ་བའི་སྐབས་འཇམ་ཏོང་ཏོ་སྦེ་འཐོབ་ཚུགསཔ་སྦེ་བསྒྲིགས་བཞག་དགོ། འདི་གི་དོན་ལུ་གོང་ལུ་བཀོད་ཡོད་མི་ ལས་འགུལ་འཛིན་སྐྱོང་རིམ་ལུགས་ཚུ་ལག་ལེན་འཐབ་ནི་ལུ་བརྩོན་དགོ

མཇུག་ར་ གཤམ་འཁོད་ཀུན་སྤྱོད་རྣམ་གཞག་ཚུ་སེམས་ཁར་ངེས་དགོ

  • !   རབ་བྱུང་པ་ཅིན་ ཡིག་ཆ་ཚུ་ག་ཏེ་ལས་ཕབ་ལེན་འབད་ཡོདཔ་ཨིན་ན་ཡོངས་འབྲེལ་འཆར་སྒོའི་ ཁ་བྱང་ཚུ་གསལ་སྟོན་འབད་དགོ། ཁྱོད་ཀྱིས་ལག་ལེན་འཐབ་ཡོད་པའི་ཡིག་ཆ་ཚུ་དྭངས་གསལ་སྦེ་བཀོད་དགོ
  • !   གནས་སྡུད་ཚུ་ བརྡ་དོན་གྱི་ཚེས་གྲངས་ལ་སོགས་པ་ཚུ་དབྱེ་ཞིབ་འབད་དེ་ བདེན་དཔྱད་ལེགས་ཤོམ་སྦེ་འབད་དགོ
  • !   རྩིས་དཔྱད་དང་ གྱངས་ཁའི་རིགས་ཚུ་ མཐའ་བསྡོམས་ཏན་ཏན་བཟོ་སྟེ་ ཁྱོད་ཀྱི་གནས་ཚུལ་ལྷག་མི་ཚུ་ ཁྱོད་ཀྱི་རྩིས་ཁྲ་ལུ་བློ་གཏད་ཚུགསཔ་བཟོ་དགོ

འཚོལ་ཞིབ་གྱི་ཐབས་ལམ་ཚུ་ ཡོངས་འབྲེལ་འཆར་སྒོ་འདི་ནང་ལས་འཐོབ་ཚུགས࿒་http://researchclinic.net/ཡང་ན་ https://www.youtube.com/watch?v=R0DQfwc72PM.