༣. གནས་སྡུད་གློང་བ།


གནས་སྡུད་གློང་ནི་འདི་ སྒྲུབ་བྱེད་འཐོབ་ནིའི་བྱ་རིམ་གཙོ་ཅན་ཅིག་ཨིན། སྨན་ཁང་ནང་གི་སྨན་གཡོགམོ་གཅིག་ལུ་ ཨར་རྐུན་གྱི་ཉོག་བཤད་དང་ ཡང་ན་ གསོ་བའི་ལྷན་ཁག་གི་གནས་སྡུད་ནང་ལས་ འདས་པའི་ལོ་ལྔའི་རིང་ སྒྲིག་འགལ་དང་འབྲེལ་བའི་སྙན་གསན་དང་ ཨར་རྐུན་གྱི་ཉོག་བཤད་ལུ་བརྟེན་ཏེ་ དགོངས་ཕོག་བཏང་ཡོད་པའི་ ཐོ་ཡིག་གཉིསཔོ་ལས་ ཐབས་ཤེས་ག་བཟུམ་དེ་ ལེགས་ཤོམ་འོང་ནི་ཨིན་ན་མནོ་བསམ་གཏང་དགོ། བརྡ་དོན་ཚུ་གེ་ར་ཡོད་རུང་ རྩིས་དཔྱད་ཚུ་ ཁ་བསྒྱུར་བཏང་སྟེ་ གོ་བརྡ་ཕྱི་འགྱུར་སྦེ་བྱིན་ནིའི་རྩིས་རྐྱབ་སྲིད་ནི་ཨིནམ་ལས་ འདི་ཚུ་ལུ་རིགཔ་སྒྱིམ་དགོ། དེ་འབདཝ་ད་ འདས་པའི་ལོ་ངོ་ བཅུ་ཕྲག་ཅིག་གི་ནང་འཁོད་ འཇོན་ཐངས་ཅན་གྱི་ཐོག་ལས་ གནས་སྡུད་གློང་མི་ལུ་བརྟེན་ ལོ་རྒྱུས་ཁག་ཆེ་ཏོག་ཏོ་ལེ་ཤ་ཅིག་ ཤེས་ཚུགས་ཅི།

རྒྱལ་སྤྱིའི་གནས་སྡུད་ཚུ་ལས་ འབྲེལ་ཡོད་བརྡ་དོན་ཚུ་འཐེབ་འཐོབ་ཚུགསཔ་ཨིན། དཔེར་ན་ གོང་འཕེལ་གྲོགས་རམ་འབད་མི་ཚུ་གིས་ རེ་སྐབས་ཅིག་ལོ་འདི་ནང་ ཁོང་གི་མ་དངུལ་ཚུ་ག་དེ་སྦེ་ལག་ལེན་འཐབ་ཅི་ག་གི་སྐོར་ལས་ སྙན་ཞུ་ཚུ་དཔེ་སྐྲུན་འབད་འོང་། ཁྱོད་རའི་རྒྱལ་ཁབ་ནང་ གྲོགས་རམ་འབད་མི་འདི་ཚུ་གི་ གནས་སྡུད་ཚུ་བསྡུ་ལེན་འབད་དེ་ དབྱེ་ཞིབ་འབད་ཞིནམ་ལས་ “རྒྱལ་ཁབ་ཅིག་ནང་ གོང་འཕེལ་གྲོགས་རམ་གྱི་མ་དངུལ་ཚུ་མང་ཆེ་བ་ཅིག་ ཞི་གཡོགཔ་ཚུ་ལུ་སྦྱོང་བརྡར་བྱིན་ནི་ལུ་བཏང་ནུག”ཟེར་བའི་བརྗོད་དོན་ཐོག་ལུ་ གནས་ཚུལ་འབྲི་བཏུབ།

གནས་སྡུད་གློང་པའི་སྐབས་ ཨིན་ཅི་མིན་ཅི་ དངུལ་དང་འབྲེལ་བ་འོང་དགོཔ་མེད། མི་སྡེ་མཐུད་འབྲེལ་དབྱེ་ཞིབ་ལུ་བརྟེན་ཏེ་ མི་སྡེ་ཅིག་ནང་ དྲག་ཐོག་དབང་བཙོང་གི་འབྲེལ་བ་དང་ སྲིད་དོན་ཚོགས་པའི་རྒྱབ་སྐྱོར་པ་ དེ་ལས་ དབང་སྐུལ་ཅན་གྱི་མི་ངོམ་ཚུ་གི་ལོ་རྒྱུས་ཚུ་ཧགོ་ཡོདཔ་ཨིན། འབྲེལ་བ་ཡོད་མི་འདི་ཚུ་ཡང་ ཁྱད་རིག་པའི་སྡེ་ཚན་ཅིག་གི་འཐུས་མི་དང་ ས་གནས་ཅིག་གི་མི་ ཡང་ན་ ཡོངས་གྲགས་ཅན་གྱི་སྲིད་དོན་ཚོགས་པའི་འཐུས་མི་ཚུ་འོང་། གནས་སྡུད་ཚུ་ མཉམ་སྡེབ་འབད་དེ་ ཁོང་ཆ་ཁྱབ་ཀྱི་འོང་འབབ་ག་དེམ་ཅིག་འདུག་ག་ ཁོང་ཆ་ཁྱབ་ ག་དང་གཅིག་ཁར་ལཱ་འབདཝ་ཨིན་ན་དང་ག་དང་འཕྱདཔ་ཨིན་ན་ལ་སོགས་པ་ མི་སྡེ་ནང་ མཐུན་ལམ་ཡོད་དགོ་པའི་རྒྱུ་མཚན་ཚུ་གི་ཐོག་ལས་ ཁོང་ཆ་ཁྱབ་ མི་སྡེ་ནང་དབང་སྐུལ་ཅན་ཅིག་ལུ་གྱུར་བའི་སྐོར་ལས་ ཧ་ལམ་ཤེས་ཚུགས།

ཁྱོད་ཀྱིས་ དུས་ཨ་རྟག་ར་ རྩ་བ་ལས་འགོ་བཙུགས་དགོ་པའི་ངེས་པ་མེད། བརྡ་བརྒྱུདཔ་ལེ་ཤ་ཅིག་དང་ ལས་ཚོགས་ཚུ་གིས་ གནས་སྡུད་ལེ་ཤ་ཅིག་ དཔེ་སྐྲུན་འབད་དེ་ཡོད། འདི་ཚུ་ལུ་གཞི་བཞག་ཏེ་ ཁྱོད་ཀྱིས་ ཞིབ་འཚོལ་ཐེབས་འབད་ཚུགས། གནས་སྡུད་འདི་ཚུ་ནང་ རྩོམ་བྲིས་དང་ ཞིབ་འཚོལ་སྙན་ཞུ་ སློབ་སྦྱོང་ཆོས་ཚན་དང་ འབྲེལ་བ་འཐབ་སའི་ཁ་བྱང་ཚུ་འོང་། ཡུ་ཨེསི་དང་ཡུ་རོབ་རྒྱལ་ཁབ་ནང་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ མི་དམངས་ཀྱིས་ལག་ལེན་འཐབ་ནིའི་དོན་ལུ་གནད་སྡུད་གཞི་བཙུགས་འབད་དེ་ཡོདཔ་ཨིན། ཐག་ཉེ་ས་ལས་མནོ་བསམ་གཏང་པ་ཅིན་ སིང་ག་པོར་ གཞུང་གིས་ གནས་སྡུད་ཚུ་མི་དམངས་ཀྱིས་ཕབ་ལེན་འབད་བཏུབ་བཟོ་ཡོདཔ་ཨིན།

དཔེར་ན་ ཡུ་ཨེསི་ལུ་ཡོད་པའིགཙུག་སྡེ་ Nicarཟེར་མི་གིས་ Guantanamo Bay གི་བཙོན་པ་ཚུའི་སྐོར་ལས་ གནས་སྡུད་བཟོ་སྟེ་མི་མང་ལུ་ཁྱབ་སྤེལ་འབད་ཡོད་མི་འདི་ འཆར་སྒོ་འདི་ནང་ལས་འཐོབ་ཚུགས་www.ire.org/nicar