ཞིབ་བརྟག་བརྡ་བརྒྱུད་རིང་ལུགས་འདི་མང་ཆེ་བ་ཅིག་ཁུངས་འབྲེལ་གནས་སྡུད་ལུ་གཙོ་བོར་བཏོནམ་ཨིན། འདི་ནང་ བྱ་རིམ་ཚུ་ག་ཅི་ར་ འཛོལཝ་ཨིན་ན་དང་ ག་ཅི་སྦེ་འཛོལ་འཛོལཝ་ཨིན་ན་ འདི་གི་འགན་འཁྲི་ག་ལུ་ཕོགཔ་ཨིན་ན་ཚུ་ བལྟཝ་ཨིན། དེ་འབདཝ་ད་ ཧ་ལམ་ ཞིབ་བརྟག་གནས་ཚུལ་གེ་རའི་ནང་ གྲངས་ཚད་ཀྱི་གནས་སྡུད་ཚུ་ཡང་འོངམ་ཨིན། དཔེར་ན་ འོང་འབབ་ལས་འགྲོ་སོང་ལྷག་པའི་ཚད་གཞི་ག་དེམ་ཅིག་ཨིན་ན? ཁྱོད་རའི་རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་མིའི་ཚད་གཞི་ག་དེམ་ཅིག་ཨིན་ན? ལོ་རེ་བཞིན་དུ་ ནདཔ་ག་དེམ་ཅིག་ལུ་སྨན་བཅོས་ཀྱི་ཞབས་ཏོག་མ་ཐོབ་ཨིན་ན? ལ་སོགས་པ་བཟུམ།

འདི་གི་དོན་དག་འདི་ གྱངས་ཁ་ཉུང་སུ་ལུ་བརྟེན་ཏེ་ གྱངས་ཁ་མངམ་བཏོན་ཤེས་དགོཔ་དང་ དཔྱ་བགོ་བཟུམ་མའི་རྩིས་བཏོན་ཐངས་འཇམ་སམ་ཅིག་ལས་ གོ་དོན་སྤྲོད་ཤེསཔ་འབད་དགོ་ཟེར་བའི་དོན་ཨིན། བརྡ་བརྒྱུདཔ་འབད་མི་འདི་ རྩིས་རིག་ལུ་སྤྲོ་བ་ཡོད་ནཔི་དེ་གིས་མེན། ཨིན་རུང་ རྩིས་རིག་འདི་ལཱ་ཁག་ཅིག་མེན་པའི་ཁར་ ཞིབ་བརྟག་གནས་ཚུལ་བཤད་ནིའི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན།

འགོ་བརྩམ་ནིའི་དོན་ལུ་ གཞི་འགྱམ་ཧ་གོ་དགོ། དཔེར་ན་ གལ་སྲིད་ཁྱོད་ཀྱིས་ སྨན་གཡོགམོ་གཅིག་གི་ ལཱ་གི་འཇོན་ཐངས་དབྱེ་ཞིབ་འབད་ནི་ཨིན་པ་ཅིན་ མཁས་མཆོག་ཚུ་ལས་གྲོགས་རམ་ལེན་ཏེ་ ལཱ་འདི་གི་དོན་ལུ་ ཉིན་བསྟར་གྱི་བྱ་རིམ་གྱི་ རིའུ་མིག་ཅིག་བཟོ་དགོ། དེ་ལས་ ཁྱོད་རའི་མིག་མཐོང་ལག་བཟུང་དང་ དྲི་བ་དྲིས་ལན་ཐོག་ལས་ གཤམ་གསལ་ཚུ་ཤེས་དགོ

  • > ལཱ་གི་དབྱེ་བ་ག་ཅི་བཟུམ་ལུ་ དུས་ཚོད་མང་སུ་འགོརཝ་ཨིན་ན? སྨན་གཡོགམོ་ཚུ་གིས་ ཁོང་རའི་ལཱ་སྣང་མེད་བསྐྱུར་བཞག་དོ་ག? འདི་ཚུ་ག་ཅི་རང་ཨིན་ན? སྨན་གཡོགམོ་ཚུ་ལུ་ལཱ་མང་དྲགས་པའི་རྐྱེན་གྱིས་ ཁོང་རའི་ལཱ་ཚུ་དུས་ཚོད་ཁར་འབད་མ་ཚར་བའི་དཀའ་ངལ་འདུག་ག?
  • > སྨན་ཁང་ནང་ལུ་འོང་མི་ ནདཔ་གི་གྱངས་ཁ་སྤྱི་སྙོམ་ལུ་ སྨན་གཡོགམོ་ཚུ་གི་ ལཱ་འགན་དང་ག་དེ་སྦེ་འཁྲིལ་དོ་ག? ནདཔ་རེ་རེ་ལུ་ དུས་ཡུན་ག་དེ་རེ་འགོར་དོ་ག?

འདི་དང་འདྲཝ་སྦེ་ ཁྱོད་ཀྱིས་ རླུང་གི་དཔེ་ཚད་ཅིག་དབྱེ་ཞིབ་འབད་ནི་ཨིན་པ་ཅིན་ དང་པ་རང་ རླུང་འདི་ནང་ བཙོག་རླུང་ག་ཅི་འདུག་ག་བལྟ་ཞིནམ་ལས་ གསོ་བའི་མཁས་མཆོག་ཚུ་ལུ་ བཙོག་རླུང་འདི་ཚད་གཞི་ག་དེམ་ཅིག་གིས་ འཕྲོད་བསྟེན་ལུ་གནོད་པ་ཡོདཔ་ཨིན་ན་འདྲི་དགོ། བཙོག་རླུང་འདི་གི་ཚད་གཞི་དང་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འཁྲིལ་བའི་ ཚད་གཞི་གཉིས་ག་བསྡུར་འབད་དགོ། ཁྱོད་ཀྱིས་ དཀའ་ངལ་འདི་ དུས་ཡུན་ལེ་ཤ་ཅིག་གི་སྔ་གོང་ལས་བྱུང་ཡོདཔ་ཤེས་ཚུགས། ཚད་གཞི་འདི་ལུ་ཡང་འགྱུར་བ་ གནམ་མེད་ས་མེད་མ་འགྱོཝ་ཡང་ན་ འདི་བཟུམ་མའི་གནས་ཚད་མཐོ་ཤོས་གུ་ འཕྲལ་འཕྲལ་ར་ལྷོད་དོ་ཡོདཔ་ཨིན་ན་ ཡང་ཅིན་ ཧེ་མ་དང་ཕྱདཔ་ད་ ཚད་གཞི་འདི་ མར་ཕབ་སོང་ཡོདཔ་ཨིན་ན་ཚུ་ཤེས་དགོ།བརྡ་བརྒྱུདཔ་ཅིག་གི་ལཱ་འགན་འདི་ ཚད་གཞི་འདི་ཚུ་གིས་ དོན་ག་ཅི་སྟོནམ་ཨིན་ན་གོ་བརྡ་སྤྲོད་ཐོག་ལས་ དཀའ་ངལ་འདི་ ཧེ་མ་ལས་ལེ་ཤ་གིས་ ཡར་འཕར་སོང་ཡོདཔ་ཨིན་ན་ཚུ་ གཏན་འབེབས་འབད་དགོ། དེ་འབདཝ་ད་ ཚད་གཞི་རྐྱངམ་ཅིག་གིས་གོ་མི་ཆོད། ཁྱོད་གྱི་གནས་ཚུལ་འདི་ དཔེར་ན་ དཀའ་ངལ་འདི་ ཧེ་མ་དང་འཕྱདཔ་ད་ ད་ལྟོ་ ག་ཅི་སྦེ་མངོན་གསལ་བྱུང་ཡོདཔ་ཨིན་ན་ཟེར་བའི་སྐབས་དོན་གུ་གཞི་བཞག་དགོཔ་འཐོན་འོང་།

རྒྱལ་ཁབ་མང་ཆེ་ཤོས་ཅིག་ནང་ གནམ་གཤིས་ཀྱི་གནས་སྡུད་འདི་ རྩིས་རིག་གི་ཐོག་ལས་བཞག་པའི་ཐོ་བཀོད་རིང་ཤོས་ཅིག་ཨིན། དཔེར་ན་ ཨཕ་རི་ཀའི་རྒྱལ་ཁབ་འདི་ གནས་སྡུད་ཐོག་མར་བཞག་མི་ཅིག་ཨིནམ་དང་ འདི་གིས་མ་དོ་བར་ ངག་རྒྱུན་ཐོག་ལས་ ཆུ་རུད་དང་ ཆར་ཆུ་དཀོན་པའི་ ལོ་རྒྱུས་ཚུ་གི་ཐོག་ལས་ཤེས་ཚུགས། ཨེ་ཤི་ཡའི་རྒྱལ་ཁབ་ཚུ་ནང་ཡང་ གནམ་གཤིས་འགྱུར་བགྲོད་སྐོར་ དམིགས་གསལ་གྱི་ གནས་སྡུད་ཚུ་ཡོདཔ་ཨིན། འདི་འབདཝ་ལས་ ཁྱོད་ཀྱིས་ གནམ་གཤིས་གནས་སྟངས་དཔེར་ན་ གནམ་གཤིས་འགྱུར་བགྲོད་དང་ ཆུ་རུད་ ཆར་ཆུ་དཀོན་པའི་གནས་སྟངས་ཚུ་ ཁྱོད་ཀྱི་རྒྱལ་ཁབ་ནང་ ཧེ་མ་བྱུང་མ་མྱོང་མི་ཅིག་ཨིན་མིན་གྱི་སྐོར་ཞིབ་འཚོལ་འབད་དགོ

འདི་ལུ་བརྟེན་ཏེ་ གནད་དོན་གཞན་ཅིག་འཐོབ་འོང་། གནས་སྡུད་ཚུ་ འཕྲོ་མཐུད་དེ་ འགྱུར་བ་འགྱོ་མི་ཅིག་འབད་ནི་འདི་གིས་ གནས་ཚུལ་འབྲི་ནི་གི་ གནས་སྐབས་ཚུ་ལེན་འགོ། དཔེར་ན་ གནས་ཚུལ་གསར་བཏོན་བཟུམ་ཅིག་ལུ་གཞི་བཞག་པ་ཅིན་ འདི་ཚུ་ རྩིས་རིག་གི་ཐོག་ལས་ དབྱེ་ཞིབ་འབད་ནིའི་དོན་ལུ་མེན། (གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན) དེ་འབདཝ་ད་ གནས་ཚུལ་གསར་བཏོན་འདི་གིས་ བརྡ་དོན་གཙོ་ཅན་ཚུ་བྱིན་ཏེ་ གནས་ཚུལ་སྦོམ་བཟོཝ་ཨིན། ཞིབ་བརྟག་གནས་ཚུལ་བསྡུ་བཀོདཔ་ལེགས་ཤོམ་ཚུ་གིས་ གནས་ཚུལ་གྱི་ཟུར་ཆ་ཚུ་ལས་གོ་སྐབས་ལེན་འོང་། འདི་དང་གཅིག་ཁར་ གྱངས་ཁ་དང་ ཐིག་ཁྲམ་ཐོག་གྱི་སྙན་ཞུ་ དེ་ལས་གཞན་ རྩིས་རིག་དང་འབྲེལ་བའི་གནས་སྡུད་ཚུ་ལུ་ དོགས་པ་ཟ་དགོ། འགོ་དང་པ་ གནད་སྡུད་ཚུ་གིས་ སྤྲོ་བ་ཆེ་བའི་གནས་ཚུལ་མ་འདྲཝ་ཅིག་བཀོད་དོ་བཟུམ་མཐོང་རུང་ གནས་ཚད་དང་ལྡན་པའི་གནས་ཚུལ་བསྡུ་བཀོདཔ་ཨིན་པ་ཅིན་ གནས་སྡུད་འདི་བཟོཝ་ད་ ཐབས་བྱུས་ག་ཅི་ལག་ལེན་འཐབ་ཡོདཔ་ཨིན་ན་ དཔེར་ན་ བརྟག་ཞིབ་འདི་ ག་དེ་སྦེ་འགོ་འདྲེན་འཐབ་ཅི་ག་ ག་གིས་མ་དངུལ་གྲོགས་རམ་འབད་ཡི་ག་དང་ དཔེ་སྐྲུན་ག་གིས་འབད་ཡི་ག་དེ་ལས་གནད་དོན་གཙོ་ཅན་ཚུ་ ཁོང་རའི་ཁེ་ཕན་ལུ་བལྟ་ཏེ་ ཕྱིར་དབྱུང་འབད་བཞག་ཡོད་མེད་ཚུ་ དབྱེ་དཔྱད་འབད་དགོ

གཙོ་བོ་སྐབས་དོན་འདི་ཨིན: གྱངས་ཁ་རྐྱངམ་གཅིག་གིས་ དོན་ག་ནི་ཡང་སྟོན་མི་ཚུགས། བརྡ་བརྒྱུདཔ་ཅིག་ཨིན་པ་ཅིན་ གནས་སྡུད་འདི་ འགྲེལ་བཤད་རྐྱབ་ནི་དང་ དྲི་དཔྱད་ཚུ་འབད་ཐོག་ལས་ སྤུས་ཚད་ཡོདཔ་བཟོ་དགོ།