༤.༡ དཔེ་གཞི་གི་ཚད་དང་ ག་བསྡུར་གྱི་སྡེ་ཚན།


ཁ་གསལ་མེད་པའི་ཨང་གྲངས་ཀྱིས་ དོན་དག་ཆུང་ཀུ་ཅིག་ལས་བརྒལ་ཏེ་ སྟོན་མི་ཚུགས། ས་ཁོངས་གཅིག་ནང་གི་ཚད་གཞི་ལུ་གཞི་བཞག་སྟེ་མི་སེར་ཡོངས་ཀྱི་དོན་སྟོན་དོ་བཟུམ་མཐོང་འོང་། “དྲུང་འཚོ་ལྔ་ལས་ བཞི” ཟེརཝ་ད་ ཡིད་ཆེས་སི་སི་ཚོར་རུང་ དཔེར་ན་ བརྟག་ཞིབ་འབད་བའི་སྐབས་ རྒྱ་གར་ལུ་ དྲུང་འཚོ་ སྟོང་ཕྲག་འབད་ཡོད་ས་ལས་ ༢༠ ལས་བརྒལ་བཅའ་མར་མ་གཏོགས་པ་ཅིན་ དྲུང་འཚོ་ ༡༦ ཙམ་གྱིས་རྒྱལ་ཁབ་ནང་གི་དྲུང་འཚོ་ཡོངས་ཀྱི་ མནོ་ལུགས་དང་སྤྱོད་ལུགས་ཚུ་ མཚོན་ཚུགས་ག?

བརྟག་ཞིབ་ནང་བཅའ་མར་གཏོགས་མི་ ངོ་ཚབ་ཚུ་ལུ་ཚང་དགོ་པའི་ ཁྱད་ཚད་ལེ་ཤ་ཡོད། དྲུང་འཚོ་བཟུམ་ཅིག་ལུ་གཞི་བཞག་པ་ཅིན་ བརྡ་བརྒྱུདཔ་འདི་གིས་ གཤམ་འཁོད་ཚུ་དབྱེ་ཞིབ་འབད་དགོ

      • > རྒྱལ་ཡོངས་ཀྱི་བསམ་འཆར་ཚུད་ནིའི་དོན་ལུ་ བརྟག་ཞིབ་འདི་ ཁྲོམ་མ་འདྲཝ་དང་ སྨན་ཁང་མ་འདྲཝ་ཚུ་ནང་འགོ་འདྲེན་འཐབ་ཡོད་མེད།
      • > དྲི་བ་དྲིས་ལན་འབད་བའི་སྐབས་ ཐབས་བྱུས་ག་ཅི་ལག་ལེན་འཐབ་ཡོདཔ་ཨིན་ན། བརྒྱུད་འཕྲིན་དང་ ཡོངས་འབྲེལ་ཐོག་ལས་ཡང་ན་ མི་ངོ་ཕྱད་དེ་འགོ་འདྲེན་འཐབ་ཡོད་མེད།
      • > བརྟག་ཞིབ་འབད་བའི་སྐབས་ལག་ལེན་འཐབ་ཡོད་པའི་ ཐབས་བྱུས་འདི་གིས་ བཅའ་མར་གཏོགས་མི་གི་ལན་གསལ་ལུ་ཐོ་ཕོག་ཡོད་མེད།
      • > བརྟག་ཞིབ་འདི་ནང་ རྒན་གཞོན་བར་གསུམ་དང་ ཕོ་མོའི་དབྱེ་བ་མེད་པར་ཆ་མཉམ་ཚུད་ཡོད་མེད།

འདི་ཚུ་དཔེ་མཚོན་ཙམ་ཅིག་ཨིན། བརྡ་བརྒྱུདཔ་ཅིག་གི་ བརྟག་ཞིབ་ཀྱི་དྲི་བ་དྲིས་ལན་འབད་བའི་སྐབས་ ཁྱད་ཚད་ཚུ་ སྐབས་ཐོབ་ཀྱི་དོན་ཚན་དང་ གྲུབ་འབྲས་ཚུ་ལུ་རག་ལས་འོང་།