༡.༣.༢ མིང་གསང་ཐོག་ལུ་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་པ།

༡.༣.༢ མིང་གསང་ཐོག་ལུ་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་པ།


ཕོ་ཚོད་མེད་པའི་ ཉེན་ཁ་ཅིག་ རླབས་འཕྲིན་འཕྲུལ་ལམ་ (Wi-Fi Router) འདི་ཨིན། གློག་རྐུན་ཅིག་གིས་ ཁྱོད་ཀྱི་ལམ་འཕྲུལ་ནང་ཧམ་སྤྱོད་འབད་དེ་ ཁྱོད་ཀྱི་ཡོངས་འབྲེལ་ཆ་མཉམ་ལུ་ འཛུལ་སྤྱོད་འབད་ཚུགས། དེ་གིས་སྦེ་ ཁྱོད་རའི་ལམ་འཕྲུལ་ལུ་བྱིན་ཡོད་པའི་ གསང་ཡིག་དེ་ སོར་བསྒྱུར་འབད་དེ་ ག་དེ་ཚུགས་ཚུགས་ སྒྲིང་སྒྲིང་བཟོ་དགོ། དེ་གི་ཤུལ་ལས་ རླབས་འཕྲིན་དེ་ བརྡ་གསང་ལུ་བསྒྱུར་དགོ། ད་རེས་ནངས་པར་ཡོད་པའི་ བརྡ་གསང་ལུ་བསྒྱུར་ནིའི་ཐབས་ལམ་ ཉེན་སྲུང་ཆེ་ཤོས་འདི་ WPA2 ཨིན། གལ་སྲིད་ ཁྱོད་ཀྱིས་ཁྱོད་རའི་ལམ་འཕྲུལ་དེ་ བརྡ་གསང་ལུ་བསྒྱུར་མ་ཤེས་པ་ཅིན་ ཁྱོད་ལུ་ཞབས་ཏོག་བྱིན་མི་དེ་གིས་ ཆ་རོགས་འབད་ཚུགསཔ་འོང་། ཨིན་རུང་ གློག་རིག་ཡོངས་འབྲེལ་ལུ་ མཐུད་འབྲེལ་འབད་ནིའི་ཐབས་ལམ་ ཉེན་སྲུང་སྦོམ་ཤོས་དེ་ ས་གནས་ཡོངས་འབྲེལ་གྱི་རྒྱུན་ཐག་ (LAN) བརྒྱུད་དེ་ མཐུད་འབྲེལ་འབད་ནི་འདི་ཨིན། ཁྱིམ་ནང་ལས་ལཱ་འབད་བའི་སྐབས་ ཐབས་ལམ་འདི་ ལག་ལེན་འཐབ་དགོ།

ཁྱོད་རའི་ལམ་འཕྲུལ་དེ་ ཉེན་སྲུང་དང་ལྡནམ་བཟོ་ཞིནམ་ལས་ གློག་རིག་ཡོངས་འབྲེལ་ནང་འཛུལ་ཏེ་ རྒྱབ་ཁུངས་བརྡ་དོན་ ཡང་ན་ འོས་འབབ་ཅན་གྱི་འབྱུང་ཁུངས་ཚུ་འཚོལ་དགོ། ཁྱོད་ཀྱི་ཉེན་ཁ་ཅན་གྱི་གནད་དོན་ཚུ་ འཚོལ་བའི་སྐབས་ ཁྱོད་ཀྱི་བྱ་བ་ལུ་ ལྟ་རྟོག་འབད་མི་ བྱ་ལྟ་མི་ཚུ་ལུ་ དོགས་པ་ཆགསཔ་ཨིན། དེ་གིས་སྦེ་ ཁྱོད་རའི་ཞིབ་འཚོལ་དང་ མ་འོངས་པའི་འབྱུང་ཁུངས་ དེ་ལས་ཁྱོད་ར་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ཁྱོད་རའི་འཚོལ་རིམ་དེ་ (browser) བརྡ་གསང་ལུ་བསྒྱུར་དགོ།

ཉེན་སྲུང་གི་ཐོག་ལས་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་ནིའི་ ཐབས་ལམ་གཉིས་ཡོད་མི་ཚུ་གིས་ ཕྱིར་སེལ་རྐྱབ་ནི་ལས་ ཟུར་ཚུགསཔ་ཨིན། ཁྱོད་ཀྱིས་ དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་ཅིག་ (VPN) ཡང་ན་ གནས་ཚབ་ (proxy server) ཅིག་ ལག་ལེན་འཐབ་ཚུགསཔ་ལས་ དེ་གིས་ཁྱོད་ཀྱི་ས་ཕྱོགས་དེ་ མ་མཐོངམ་བཟོཝ་ཨིན། དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་དེ་གིས་ ག་དེ་སྦེ་ ལཱ་འབདཝ་ཨིན་ན་ བརྡ་དོན་ཁ་གསལ་གྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ https://www.youtube.com/watch?v=zpUHD-PQuZ ནང་ གཟིགས་གནང་།

དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་འདི་ གདོང་རས་བཟུམ་ཅིག་ཨིནམ་ད་ དེ་གིས་ཁྱོད་ཀྱི་ས་ཕྱོགས་ངོ་མ་དེ་ སྤུབ་བཞག་སྟེ་ ཁྱོད་གློག་རིག་ཡོངས་འབྲེལ་གཞན་ཅིག་ནང་ ཨིན་དོ་བཟུམ་བཟོཝ་ཨིན། ཐབས་འཕྲུལ་སོ་སོའི་དོན་ལུ་ མཉེན་ཆས་ཀྱི་གདམ་ཁ་ ལེ་ཤ་ཡོད། དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་འདི་ ནུས་ཅན་བཟོ་ཚརཝ་ད་ ཁྱོད་ཀྱིས་ ཁྱོད་ར་ཡོད་རྫུས་བཏབ་སའི་ ས་ཕྱོགས་ཅིག་ གདམ་ཁ་རྐྱབ་ཚུགས། དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་བྱིན་མི་ ལ་ལོ་ཅིག་ ‘ZenMate’, ‘CyberGhost’ ཡང་ན་ ‘ExpressVPN’ ཚུ་ཨིན། དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་བྱིན་མི་ མང་ཤོས་ཅིག་གིས་ ཞབས་ཏོག་འདི་ རིན་མེད་སྟོང་མར་མི་བྱིན། དངུལ་སྤྲོད་པའི་ཁ་གསལ་ཚུ་ སྲུང་བཞག་འབད་འོང་ དེ་གིས་སྦེ་ གཞན་གྱིས་ ཁྱོད་ར་ག་ཏེ་ཡོདཔ་ཨིན་ན་ ཤེས་ནིའི་ཉེན་ཁ་ཡོདཔ་ཨིན། མགུ་རྙོག་སུ་ཅིག་ཨིན་རུང་ གདམ་ཁ་གཞན་མི་ཅིག་ རང་དབང་གི་དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་ གཞི་བཙུགས་འབད་ནི་འདི་ཨིན།

དེ་བཟུམ་མའི་ཞབས་ཏོག་བྱིན་མི་དང་ རིམ་ལུགས་ཚུ་གི་ བརྡ་དོན་ཁ་གསལ་ཚུ་ zenmate.com,cyberghostvpn.com ཡང་ན་ expressvpn.com ནང་ལས་ཐོབ་ཚུགས། དེ་གིས་ ལཱ་ག་དེ་སྦེ་ འབདཝ་ཨིན་ན་གི་སྐོར་ལས་ བརྡ་དོན་ཚུ་ www.youtube.com/watch?v=a6ZtEJazqs8 ནང་ལས་ཐོབ་ཚུགས།

ཡོངས་གྲགས་ཅན་གྱི་ ཡོངས་འབྲེལ་ལས་ཚབ་ཅིག་ ད་ཨོ་ནི་ཡཱན་རོ་ཊར་ (TOR) འདི་ཨིན། ད་ཨོ་ནི་ཡཱན་རོ་ཊར་གྱི་ འཚོལ་རིམ་དེ་ ལག་ལེན་འཐབ་པའི་སྐབས་ ཁྱོད་ཀྱིས་ཡོངས་འབྲེལ་ལམ་ལུགས་ཨང་གྲངས་གཞན་ཅིག་གི་ཐོག་ལས་ ལག་ལེན་འཐབ་ཨིན། དེ་སྦེ་འབད་ཚུགས་མི་འདི་ ད་ཨོ་ནི་ཡཱན་རོ་ཊར་དེ་ བརྡ་གསང་ལུ་བསྒྱུར་ཡོད་པའི་ གློག་རིག་མཐུད་འབྲེལ་གྱི་ ཡོངས་འབྲེལ་ཅིག་ཨིན། ལག་ལེན་པ་གེ་ར་ཚུ་ ཡོངས་འབྲེལ་འདི་ལུ་ འཛུལ་སྤྱོད་འབད་ས་ཅིག་ཡོད། གློག་གནས་དེ་ཚུ་ གསུམ་ ཡང་ན་ དེ་ལས་མངམོ་བརྒྱུད་ཞིནམ་ལས་ ལག་ལེན་པ་དེ་ འཐོན་སྒོ་ལུ་ལྷོདཔ་ཨིན། འ་ནཱི་འདི་ མི་ངོ་དེ་གིས་ གཞུང་འབྲེལ་ཐོག་ལས་ ལག་ལེན་འཐབ་པའི་ ཡོངས་འབྲེལ་ལམ་ལུགས་ཨང་གྲངས་ཨིན།

ཨིན་རུང་ ཁྱོད་རྩ་ལས་ར་ བདའ་མི་ཟུན་ཟེར་བའི་ དོན་དག་མེན། སྤྱི་ལོ་༢༠༡༤ ཟླ་༡༡ པའི་ནང་ ཨ་མི་རི་ཀའི་ དབུས་གཞུང་ཞིབ་དཔྱད་བཀོད་འཛིན་དང་ ཡུ་རོ་པིན་ཞབས་ཏོག་གཞན་ཚུ་གིས་ མི་ངོ་༡༧ གྱིས་ ནག་ཅན་ལས་སྣའི་དོན་ལུ་ ད་ཨོ་ནི་ཡཱན་རོ་ཊར་ (TOR) ལོག་སྤྱོད་འབད་ཡོདཔ་སྦེ་ བདའ་ཟུན་ནུག། ཨིན་རུང་ འདི་བཟུམ་གྱི་བྱ་རིམ་ ལག་ལེན་འཐབ་ནི་འདི་ གནམ་མེད་ས་མེད་ ལཱ་ཁག་དང་ ཟད་འགྲོ་སྦོམ་གནསཔ་ཨིན། དེ་གིས་སྦེ་ གསང་བའི་ཞབས་ཏོག་ལས་སྡེ་ཚུ་གིས་ སྲུང་སྐྱོབ་ལུ་གནོད་ཉེན་དང་ བྱིས་པའི་འདོད་སྤྱོད་ གོ་མཚོན་ཚོང་སྒྱུར་དང་འབྲེལ་བ་ཡོད་ན་མ་གཏོགས་ དེ་མིན་སྤྱིར་བཏང་མི་སེར་དང་ བརྡ་བརྒྱུདཔ་ཚུ་ འཚོལ་ནིའི་དོན་ལུ་ ཐབས་ལམ་འདི་ ལག་ལེན་མི་འཐབ་འོང་། ཨིན་རུང་ ཁྱོད་ར་ལཱ་འབད་ས་དེ་ གནས་ཚུལ་གྱི་དལ་དབང་དཀོན་པ་དང་ གསང་བའི་ཞབས་ཏོག་ ལེགས་ཤོམ་ཡོད་པའི་ རྒྱལ་ཁབ་ནང་ཨིན་པ་ཅིན་ དྲན་པ་ཐེབས་བཏོན་དགོ།

ད་ཨོ་ནི་ཡཱན་རོ་ཊར་གྱི་འཚོལ་རིམ་འདི་ ཨེན་ཌོ་ཡིད་ཐབས་འཕྲུལ་- ‘Orfox’ དང་ the add-on ‘Orbot ’ ཚུ་གི་དོན་ལུ་ ཆས་ཚང་འགྲུལ་འཕྲིན་རིམ་ལུགས་ཅིག་སྦེ་ ཐོབ་ཚུགསཔ་ཨིན། iOS ལག་ལེན་པ་ འཚོལ་རིམ་ལས་ཚབ་ འཚོལ་མི་ཚུ་གིས་ ཨེན་ཌོ་ཡིད་ཐབས་འཕྲུལ་ (Andriod device) འདི་ ལག་ལེན་འཐབ་བཏུབ།