༡.༣.༣ སྤྲིན་གློག་ལག་ལེན།


མི་མང་གསོག་འཇོག་རིམ་ལུགས་ དཔེར་ན་ Dropbox, Google Drive ཡང་ན OneDrive ཚུ་ རིན་མེད་སྟོང་མར་ཐོབ་པའི་ཁར་ ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་ཨིན་རུང་ ཡིག་སྣོད་རྩ་ཅན་ ༼ཉེན་ཅན༽ ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ དེ་ཚུ་ལག་ལེན་འཐབ་ནི་ལས་འཛེམ་དགོ། དེ་ཡང་ ཁྱོད་ཀྱི་བརྡ་དོན་ཚུ་ ཉེན་སྲུང་འབད་ནའི་དོན་ལུ་ ཞབས་ཏོག་བྱིན་མི་ཚུ་བརྟེན་དགོཔ་ལས་ ཁྱོད་ར་གིས་དམ་འཛིན་འབད་མི་ཚུགས།

བརྡ་དོན་ཚུ་རང་བཞིན་གྱིས་ བརྡ་གསང་ལུ་བསྒྱུར་ཏེ་འོང་མི་ སྤྲིན་གློག་ལུ་གཞི་བརྟེན་འབད་མི་ཐབས་ཤེས་ཀྱི་ གདམ་ཁ་གཞན་མི་ཅིག་ ‘BlauCloud’ འདི་ཨིན། ཞབས་ཏོག་འདི་ ཀུན་ཐོབ་མཉེན་ཆས་ལུ་བརྟེན་པའི་ སྤྲིན་གློག་ཐབས་ཤེས་ ‘ownCloud’ ལུ་ གཞི་རྟེན་འབདཝ་ཨིན། གནས་སྡུད་ཚུ་ ཇར་མ་ནི་ལུ་ གསོགས་འཇོག་འབདཝ་ལས་ ལག་ལེན་འཐབ་མི་ཚུ་ལུ་ ཇར་མ་ནི་ལུ་ གནས་སྡུད་ཉེན་སྲུང་ཁྲིམས་ལུགས་ དམ་དམ་ཡོད་མི་དེ་གིས་ ལག་ལེན་པ་ཚུ་ལུ་ ཁེ་ཕན་ཐེབས་ཡོད། ཨིན་རུང་ ཐབས་ལམ་འདི་གི་ཐོག་ལས་ཡང་ ཁྱོད་ཀྱིས་ཁྱོད་རའི་གནས་སྡུད་ཚུ་ གློག་བདག་ལུ་ (host) གློད་གཏད་འབད་དགོ།