༡.༣.༤ དངོས་ཅན་དངོས་པོའི་ཉེན་སྲུང་འབད་ཐངས།


གསང་རྒྱ་ཆེའི་ཡིག་ཆ་གེ་ར་ ཨང་ཅན་ཡི་གུ་ (digital) ནང་མི་འོང་། ཡིག་ཆ་གེ་ར་ པར་ལོག་རྐྱབ་སྟེ་ སྲ་མཛོད་ ཡང་ན་ སྤྱི་མཐུད་ཐབས་འཕྲུལ་ (USB device) ནང་ གསོག་འཇོག་འབད་ཞིནམ་ལས་ བརྡ་གསང་ལུ་བསྒྱུར་བཞག་དགོ། གལ་སྲིད་ ཁྱོད་ཀྱི་རྟིང་བདའ་མི་ ཡང་ན་ བྱ་ལྟ་མི་ཡོད་པ་ཅིན་ ཐབས་འཕྲུལ་དེ་ཚུ་ སྦ་གསང་འབད་བཞག་སའི་ ས་གོ་ལེགས་ཤོམ་ཅིག་འཚོལ་དགོ། སྦ་གསང་གི་ས་གོ་ལེགས་ཤོམ་དེ་ཡང་ དངུལ་སྲུང་སྒྲོམ་ ཡང་ན་ དངུལ་ཁང་ནང་གི་ དངུལ་སྒྲོམ་ཚུ་ དགོཔ་མེད། སྤྱི་མཐུད་ཐབས་འཕྲུལ་ཚུ་ ཧ་ཅང་གིས་ཆུང་ཀུ་ཨིནམ་ལས་ རང་གི་སྨྱུག་གུ་ ཡང་ན་ རྣ་རྒྱན་ཚུ་ནང་ཡང་ཤོམ་ཨིན། ཨིན་རུང་ རང་གིས་ག་ཏེ་བཙུགས་བཞག་ཅི་ག་ བརྗེད་ནི་མི་འོང་།