༡.༣.༢ ཡིག་འཕྲིན་ཉེན་སྲུང་གི་ཐོག་ལས་གཏང་ནི།


དེང་དུས་ལུ་ བརྡ་དོན་སྤྲོད་ལེན་གྱི་འགྲོས་འདི་ གློག་འཕྲིན་གཏང་ནི་འདི་ རྩ་བ་ལས་བཤོལ་ཏེ་ དེ་མ་ཐག་ཏུ་སྐྱེལ་ཚུགས་པའི་ འཕྲིན་སྐྱེལ་པ་ (messengers) དཔེར་ན་ ‘WhatsApp’, ‘Telegram’, ‘Facebook Messenger’ ཡང་ན་ ‘Snapchat’ ཚུ་ ལག་ལེན་འཐབ་ཨིན་མས། འདི་ཚུ་གིས་ བརྡ་དོན་དང་ ཡིག་ཆས་ཚུ་ དུས་ཡུན་སྐར་ཆ་དག་པ་ཅིག་ནང་ འཛམ་གླིང་སྐོར་ར་རྐྱབ་ཏེ་ སྐྱེལ་ཚུགསཔ་ཨིན། ཞབས་ཏོག་བྱིན་མི་ WhatsApp བཟུམ་ཚུ་གིས་ གཏང་ས་ལས་ ལྷོད་ས་ཚུན་ཚོད་ བརྡ་གསང་ཡོད་པའི་སྐོར་ལས་ ཁྱབ་བསྒྲགས་འབདཝ་ཨིན། ཨིན་རུང་ གཅིག་གིས་ཡང་ ཉེན་སྲུང་ཧྲིལ་བུམ་འབད་མི་ཚུགས། སྤྱིར་བཏང་གིས་ འཕྲིན་སྐྱེལ་པ་ (messengers) ལག་ལེན་འཐབ་སྟེ་ གསང་བའི་བརྡ་དོན་ བརྗེ་སོར་འབད་ནི་འདི་ ཉེན་ཁ་ཅན་ཨིན། ཡིག་འཕྲིན་རིམ་ལུགས་གཞན་ ‘Signal’, ‘Telegram’ ཡང་ན ‘Wire’ ཚུ་གིས་ གཏང་ས་ལས་ ལྷོད་ས་ཚུན་གྱི་ བརྡ་གསང་བྱིན་དོ་ཡོདཔ་དང་ དེ་ཡང་ iOS དང་ Android གི་དོན་ལུ་ ལག་ལེན་འཐབ་བཏུབ་ཨིན།

རིམ་ལུགས་དེ་ཚུ་གི་སྐོར་ལས་ བརྡ་དོན་ཁ་གསལ་ https://signal.org/, https://telegram.org ཡང་ན་https://wire.com/ ནང་ལས་ཐོབ་ཚུགས།