༢. ཉེན་སྲུང་གི་ཐོག་ལས་ བརྒྱུད་འཕྲིན་གཏང་ནི།

༢. ཉེན་སྲུང་གི་ཐོག་ལས་ བརྒྱུད་འཕྲིན་གཏང་ནི།


གསང་བའི་བརྡ་དོན་ཚུ་གི་སྐོར་ལས་ ཨ་རྟག་ར་ མི་ངོམ་སྦེ་ འཕྱད་དགོཔ་དེ་ཡང་ བརྒྱུད་འཕྲིན་ཐོག་ལུ་ སླབ་པའི་ལོ་རྒྱུས་ཚུ་ནང་ མི་ངོ་གཞན་ཅིག་གིས་ འཇམ་ཏོང་ཏོ་སྦེ་ གསང་འཛུལ་འབད་ཚུགས། ཡོངས་གྲགས་ཅནགྱི་ཞབས་ཏོག་ སི་ཀ་ཡིབ་ (Skype) ཚུ་གིས་ མཐའ་གཅིག་ལས་གཅིག་ཚུན་ བརྡ་གསང་གི་འགན་ལེན་ འབག་མི་ཚུགས། Wire ཡང་ན་ Signal ཚུ་གིས་ ཐབས་འཕྲུལ་གྱི་བར་ན་ བརྒྱུད་འཕྲིན་གྱི་བློ་ཚུ་ བརྡ་གསང་ལུ་བསྒྱུརཝ་ཨིན་རུང་ བརྒྱ་ཆ་ཧྲིལ་བུམ་ འགན་ལེན་འབད་མི་ཚུགས།

ཁྱོད་རའི་འབྱུང་ཁུངས་དང་ འཕྱད་ནིའི་ས་གོ་ གཏན་འཁེལ་བཟོ་ཞིནམ་ལས་ བརྒྱུད་འཕྲིན་དེ་ ཁྱིམ་ནང་བཞག་སྟེ་སོང་ ཡང་ན་ ལཱ་འབད་མ་བཏུབ་བཟོ་ནིའི་དོན་ལུ་ སྒོ་བསྡམས་ཏེ་ འཕྲུལ་ལྟོ་ཡང་བཏོན་གཏང་། དེ་གིས་མ་ཚད་པར་ ཁྱོད་ཀྱིས་ Faraday Cage Phone Case ཟེར་མི་ བརྒྱུད་འཕྲིན་ཤུབས་ ལག་ལེན་འཐབ་པ་ཅིན་ དེ་གིས་གློག་རླབས་ཚུ་བཀག་ཚུགསཔ་ཨིན། ‘Edward Snowden method’ ཟེར་ ཝི་ཀི་ལིགསི་གི་ ཁྲིམས་འགལ་སྙན་ཞུ་པ་ཟེར་མི་དེ་གིས་ བློ་གི་སྒེར་གསང་ འགན་ལེན་འབད་ནི་ལུ་ ཐབས་འཕྲུལ་དེ་ ཁྱེགས་སྒྲོམ་ནང་བཙུགསཔ་ཨིན།

ཁྱོད་ཀྱི་རང་གི་བརྒྱུད་འཕྲིན་ནང་ རིམ་ལུགས་ཚུ་ ག་དེ་ཉུང་ཉུང་སྦེ་བཏག་དགོ། ཁྱོད་ཀྱིས་རིམ་ལུགས་རེ་བཙུགསཔ་ད་ དེ་གིས་ཁྱོད་རའི་ཐབས་འཕྲུལ་ནང་ཡོད་པའི་ དམིགས་བསལ་བྱ་ལས་དང་ གནས་སྡུད་ ཡང་ན་ བརྡ་དོན་ཚུ་ལུ་ འཛུལ་སྤྱོད་དགོཔ་སྦེ་སླབ་ཨིན། དེ་ལུ་བརྟེན་ཏེ་ ཕྱི་ཁའི་འབྱུང་ཁུངས་ཚུ་གིས་ གནོད་ཉེན་གྱི་སྒོ་ཕྱེཝ་ཨིན། གནོད་པ་མེད་དོབཟུམ་གྱི་ རིམ་ལུགས་ཅིག་གིས་ མི་ཚུ་གིས་ ཁས་ལེན་མེདཔ་སྦེ་བཟོ་དགོ་པའི་ མི་མང་བརྡ་དོན་ས་ཡ་ལས་བཅད་དེ་ ཐོབ་ཡོད་མི་ Cambridge Analytica གི་སྤྱོད་ངན་ལུ་བལྟ་ད། གལ་སྲིད་ ཁྱོད་ལུ་རིམ་ལུགས་དེ་ཡོད་པ་ཅིན་ ཁྱོད་རའི་ཐབས་འཕྲུལ་གི་གཞི་སྒྲིག་གུ་ ཁོང་གི་གནང་བ་ཚུ་ཚད་འཛིན་འབད། དེ་འབདཝ་ད་ གནང་བ་དེ་ཚུ་མེད་པ་ཅིན་ རིམ་ལུགས་དེ་གིས་ ལཱ་འབད་མ་བཏུབ་ཨིནམ་ སེམས་ཁར་བཞག་དགོ།

གསལ་བཤད་གློག་བརྙན་ཚུ་ལུ་ མཐུད་འབྲེལ་ཁ་སྐོང་ ལེ་ཤ་ཅིག་ ཡོངས་འབྲེལ་འཆར་སྒོ་ investigative-manual.org ནང་ལས་ཐོབ་ཚུགས།


ལེའུ་འདི་གི་དམིགས་ཡུལ་འདི་ ལཱ་གི་གནས་སྟངས་ ཉེན་སྲུང་ཅན་ཅིག་ གལ་ཆེའི་སྐོར་ལས་ གཙོ་བོར་བཏོན་ནི་དང་ ཞིབ་བརྟག་གི་སྐབས་ལུ་ ཉེན་སྲུང་བརྒྱ་ཆ་ཧྲིལ་བུམ་ རྩ་ལས་མེད་ཟེར་ ཧིང་སངས་ས་ བཟོ་ནི་འདི་ཨིན། ལེའུ་ཤུལ་མམ་དེ་ནང་ ཁྱོད་རའི་ཞིབ་བརྟག་གི་བཟོ་དབྱིབས་ ག་དེ་སྦེ་ བཟོ་ནི་ཨིན་ན་ ལམ་སྟོན་འབད་ནི་དང་ རང་ལུ་དགོ་པའི་ བརྡ་དོན་ཐོབ་ཐབས་ལུ་ རང་གི་འབྱུང་ཁུངས་ལུ་ དྲི་བ་དྲང་པོ་བཀོད་ནི་དང་ དྲི་བ་དྲི་ལན་གྱི་ཐབས་རིག་ ག་ཅི་བཟུམ་འདི་དྲག་ག་ཚུ་གི་སྐོར་ལས་ སྟོན་ནི་ཨིན།