བརྡ་བརྒྱུདཔ་ཅིག་དང་ ཞིབ་དཔྱོདཔ་ཅིག་གི་ རིག་རྩལ་ཚུ་ ཆ་མཚུངས་ཨིན། ཞིབ་བརྟག་གནས་ཚུལ་གེ་ར་ དྲི་བ་ཅིག་ལས་ འགོ་བཙུགས་དགོ། བརྡ་བརྒྱུདཔ་དེ་གིས་ གནས་ཚུལ་གྱི་གཞི་བཀོད་ཅིག་བཀོད་དགོ། དེ་ལས་ ཡིག་ཆ་དང་ དྲི་དཔྱད་དང་འདྲ་བའི་ དྲི་བ་དྲི་ལན་ཚུ་གི་ཐོག་ལས་ ཞིབ་འཚོལ་ཧེང་བཀལ་འབད་ཞིནམ་ལས་ སྒྲུབ་བྱེད་རྣམ་པ་སྣ་ཚོགས་ཚུ་ གཅིག་ཁར་བཀོད་དགོ། སྒྲུབ་བྱེད་དེ་ཚུ་ཡང་ལ་ལོ་ཅིག་ ཧ་ཅང་གིས་རྒྱས་དྲགས་པ་དང་ གོ་དཀའ་བའི་ཁྱད་རིག་ཅན་གྱི་ཐ་སྙད་ཚུ་འོངམ་ཨིན།

བརྡ་བརྒྱུདཔ་ཚུ་གིས་ ཁྲིམས་འདུན་ལུ་ལག་ལེན་འཐབ་སྲོལ་ཡོད་པའི་ གནས་ཚད་ཅན་གྱི་ཁུངས་ལྡན་སྒྲུབ་བྱེད་དང་འབྲེལ་བ་ཡོད་མི་ཚུ་ ངོས་འཛིན་འབད་ཞིནམ་ལས་ དེ་ཚུ་གིས་མཐར་ཐུག་གི་སྒྲུབ་བྱེད་ལུ་ ཕན་ཐོགས་ཡོད་མེད་བལྟ་དགོ། མ་ཉེས་ཁ་ཡོག་གི་ཁྲིམས་ལུགས་ལུ་བརྟེན་ཏེ་ བརྡ་བརྒྱུད་པའི་ ཞིབ་བརྟག་འབད་ཐངས་དང་ གནད་དོན་བདེན་དཔྱད་འབད་ཐངས་ཚུ་ ཞིབ་དཔྱོདཔ་ཅིག་གིས་ རྩོད་ཉོག་གི་ཉེས་འཛུགས་འབད་ཐངས་དང་ ཆ་འདྲ་སུ་ཅིག་དགོ།

དེ་འབདཝ་ད་ དྲི་བ་ངོ་མ་འདི་ “ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ ཞིབ་དཔྱོདཔ་ཚུ་བཟུམ་སྦེ་ གསང་བའི་ཐོག་ལས་ ལཱ་འབད་ནི་དང་ སྒྲ་བཟུང་འཕྲུལ་ཆས་དང་ པར་ཆས་ཚུ་ ལག་ལེན་འཐབ་ནི་ཚུ་འབད་ཆོག་ག?” དེ་གི་ལན་འདི་ མགུ་ཐོམ་སི་སི་ཡོད། བརྡ་བརྒྱུདཔ་ལ་ལོ་ཅིག་གིས་ དེ་སྦེ་འབད་དེ་ ཐབས་རིག་དེ་ཚུ་ལུ་བརྟེན་ཏེ་ ལཱ་འབད་བའི་གྲུབ་འབྲས་ལུ་ གསོལ་རས་ཐོབ་མི་ ལེ་ཤ་ཡོད། ཨིན་རུང་ ཞིབ་དཔྱོདཔ་གིས་ གསང་བའི་ཐོག་ལུ་ལཱ་འབད་ཐངས་དང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་མི་ མི་སེར་ཚུ་གི་ ཐོབ་དབང་ཚུ་ ཁྲིམས་ཀྱི་གཞི་བཀོད་ཅིག་དང་འཁྲིལ་དགོཔ་ཨིནམ་ སེམས་ཁར་ངེས་དགོཔ་གལ་ཆེ།

བརྡ་བརྒྱུདཔ་ཚུ་གིས་ ཀུད་སྤྱོད་རྣམ་གཞག་ལུ་གནས་དགོཔ་མ་ཚད་ སྒེར་གསང་གི་ཁྲིམས་ལུགས་ལུ་ཡང་གནས་དགོ། དེ་གིས་སྦེ་ ཀུན་སྤྱོད་ལྡན་པའི་བརྡ་བརྒྱུད་ ངེས་གཏད་བཟོ་ནི་དང་ རང་ལུ་ཉེས་འཛུགས་བཀག་ཐབས་ལུ་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གི་ དེ་བཟུམ་མའི་ལཱ་མ་འབད་བའི་གོང་ལས་ གནས་སྟངས་རེ་རེ་བཞིན་དུ་ལུ་དྲན་པ་བཏོན་ཏེ་ མནོ་བསམ་གཏང་དགོ། གསང་བའི་ཐོག་ལས་ལག་ལེན་འཐབ་མི་ པར་ཆས་དང་སྒྲ་བཟུང་ཚུ་གིས་ སྒྲུབ་བྱེད་རགས་པ་ ཧེང་བཀལ་ཐོབ་ཚུགས་ནི་ཨིན་རུང་ སྒྲུབ་བྱེད་ཀྱི་དབྱེ་དཔྱད་དང་ བདེན་དཔྱད་ སྐབས་དོན་དང་འབྲེལ་བ་ཡོདཔ་བཟོ་ནི་ ཁུངས་ལྡན་གྱི་གནས་ཚུལ་ཅིག་སྦེ་བཟོ་ནི་ལུ་ ཕན་ཐོགས་རྒྱ་ཆེཝ་ཅིག་མི་འོང་། རང་གིས་འཚོལ་ཐངས་དང་ བསྡུ་སྒྲིག་འབད་ཐངས་ཤེས་པ་ཅིན་ སྒྲུབ་བྱེད་ག་དེམ་ཅིག་དགོ་རུང་ མི་མང་ལུ་ཐོབ་ཚུགས་པའི་ ཡིག་ཆ་ཚུ་ནང་ལས་ཐོབ་ཚུགས།
ལཱ་འབད་ཐངས་ལེ་ཤ་ཅིག་ནང་ ཞིབ་བརྟག་བརྡ་བརྒྱུདཔ་དང་ ཞིབ་དཔྱོདཔ་ཚུ་ ཆ་འདྲཝ་ཨིན་རུང་ ཁོང་གི་མཐར་ཐུག་གི་དམིགས་ཡུལ་འདི་སོ་སོ་ཨིན། རེ་ཚེ་སྐབས་ བརྡ་བརྒྱུད་པའི་ཞིབ་བརྟག་དེ་ ཉེས་སྐྱོན་བཏོན་ནི་མེན་པར་ བདེན་དཔང་འབད་ནི་ཙམ་ཅིག་ཨིན། ཞིབ་དཔྱོདཔ་ཚུ་གིས་ ཉེས་ལས་འཐབ་མི་དེ་ཐོབ་ཞིནམ་ལས་ ཞིབ་དཔྱད་མཇུག་བསྡུཝ་ཨིན། རེ་སྐབས་ཅིག་ ཞིབ་བརྟག་གནས་ཚུལ་དེ་གིས་ ཉེས་ལས་འཐབ་མི་དེ་ སྟོན་ནི་མེན་པར་ འབྱུང་རྐྱེན་མང་རབས་ཅིག་ མངོན་གསལ་འབདཝ་ཨིན། ལམ་ལུགས་འདི་གི་ཐོག་ལས་ ཞིབ་བརྟག་གནས་ཚུལ་ཚུ་གིས་ ཉེས་ཅན་ཅིག་ལུ་ མཛུབ་མོ་དཔག་ནི་མེན་པར་ དཀའ་ངལ་ཅན་གྱི་ གནད་དོན་ཅིག་གི་སྐབས་དོན་དང་ གཏིང་ཟབ་པ་དང་ མགུ་རྙོགས་པའི་གནད་དོན་ཚུ་གསལ་བཤད་འབདཝ་ཨིན། ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ ཁོང་རའི་ལཱ་ནང་ གཏིང་ཟབ་ཀྱི་གནས་ཚད་ འ་ནེམ་ཅིག་ལུ་ལྷོདཔ་ད་ རང་གི་ལཱ་འགན་དང་འབྲེལ་བའི་ཚ་གྱང་ཚུ་ མར་ཕབ་རྐྱབ་ཚུགསཔ་ཨིན།

ཁོང་འཁྲོ་ཅན་གྱི་བརྡ་བརྒྱུད་ཟེར་སླབ་སྲོལ་ཡོད་པའི་ཞིབ་བརྟག་གནས་ཚུལ་བསྡུ་བཀོད་ནང་ཕྱོགས་གཉིས་ཚད་སྙོམས་ཐོག་ལུ་ བཟོ་བཅོས་བཏང་ཡོད་པའི་གནས་ཚུལ་ཅིག་ བཏོན་ནི་མེན་པར་ གནད་དོན་ངེས་གཏན་ཅིག་ཨིན་དགོ་པའི་ཁར་ ཁས་མི་ལེན་པའི་གཏམ་ དཔེར་ན་ “ཡང་ཅིན་ ང་བཅས་ལུ་འཛོལ་བ་ཡོདཔ་འོང་” “ཡང་ཅིན་ ང་བཅས་ཀྱིས་ གོ་བ་ཕྱི་འགྱུར་ལེན་དོ་འོང་” ཟེར་བ་ལ་སོགས་པ་ ངེས་མེད་ཀྱི་ཚིག་ཚུ་ བཀོད་ནི་མེད། དེ་བཟུམ་གྱི་དོགས་པ་ཡོད་པ་ཅིན་ ཞིབ་དཔྱད་མཐིལ་ཕྱིན་ འགྱོ་མ་ཚུགས་པའི་རྟགས་ཨིནམ་ལས་ གནས་ཚུལ་དེ་ དཔར་སྒྲུན་འབད་ནི་ལུ་གྲ་སྒྲིག་མེཔ་ཨིན། གནས་ཚུལ་ཅིག་ལུ་ ཕྱོགས་གཉིས་ཙམ་གྱིས་མ་དོ་བར་ཡོད། ཞིབ་བརྟག་གནས་ཚུལ་ཅིག་ནང་ ཚད་སྙོམས་ཟེར་མི་འདི་ ཕྱོགས་མང་བཤད་དགོ་པའི་ཁར་ ལོ་རྒྱུས་བྱུང་མི་ཚུ་རྐྱངམ་གཅིག་བཀོད་ནི་མེན་པར་ ག་ཅི་སྦེ་ བྱུང་ཡོདཔ་ཨིན་ན་བཀོད་དགོ། ཞིབ་དཔྱོདཔ་ཚུ་གིས་ གནས་སྟངས་ཞི་ཐབས་ཚུ་ རྒྱབ་སྲུང་ཁྲིམས་རྩོདཔ་ཚུ་གི་དོན་ལུ་བཞག་དོ་ཡོདཔ་ད་ ཞིབ་བརྟག་བརྡ་བརྒྱུད་ནང་ སྐབས་དོན་ཆ་ཚང་བཀོདཔ་ཨིན།

མནོ་ལུགས་གཅིག་ལས་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ ཚན་རིག་པ་བཟུམ་འབདཝ་ཨིན། གནས་ཚུལ་བཀོད་ནི་གི་ གནས་སྐབས་ཅིག་ལུ་ རྒྱབ་སྐྱོར་འབད་ཚུགས་པའི་ སྒྲུབ་བྱེད་ལངམ་མ་ཐོབ་ཚུན་ཚོད་ སེམས་སྒོ་ཕྱེ་སྟེ་བཞག་དགོཔ་ཨིན། དེ་ཡང་ རྒྱབ་འགལ་གྱི་སྒྲུབ་བྱེད་ཚུ་ སེམས་ཁར་བཞག་སྟེ་ སྒྲུབ་བྱེད་དེ་ཚུ་གིས་ ལམ་ཕྱོགས་སོ་སོ་ཅིག་་སྟོན་པ་ཅིག་ ཧེ་མ་སེམས་ཐག་བཅད་མི་དེ་ བསྒྱུར་བཅོས་གཏང་དགོཔ་ཨིན། ཞིབ་བརྟག་བརྡ་བརྒྱུདཔ་ཚུ་ འཛིན་སྐྱོང་པ་ཡང་ཨིན། རྒྱ་ཆེ་ཞིང་ ཡུན་རིང་གི་ལུས་པའི་ ལས་འགུལ་ཚུ་ནང་ ཞིབ་འཚོལ་གཏིང་ཟབ་འབད་དགོཔ་ལས་ གནས་ཚུལ་གྱི་འཆར་གཞི་ལུ་གནས་ཐབས་ལུ་ སྡེ་ཚན་གྱི་འཐུས་མི་གཞན་དང་ མཁས་མཆོག་ཚུ་དང་གཅིག་ཁར་ ལཱ་འབད་དགོ། དེ་གི་དོན་ལས་ མི་ངོ་དེ་ཚུ་ལུ་ བརྡ་དོན་སྤྲོད་ལེན་དང་ སྡེ་ཚན་ནང་ལཱ་འབད་ཐངས་ཀྱི་མཁས་སྦྱང་འབད་དགོ།

Recommendation
Recommendation

Recommendation