དེ་འཕྲལ་ལས་ ཞིབ་བརྟག་བརྡ་བརྒྱུདཔ་ལུ་ འགྱུར་མི་ཚུགས། ཨིན་རུང་ སྤྱིར་བཏང་གི་ཁྱད་ཆོས་དག་པ་ཅིག་ཡོད་མི་ཚུ་ ལུ་གནས་པ་ཅིན་ ལམ་ཕྱོགས་དེ་ལུ་ཞུགསཔ་ཨིན། ངེས་པར་མཁོ་བའི་ ཁྱད་ཆོས་ཀྱི་བཅུད་སྡུད་ལ་ལོ་ཅིག་འོག་ལུ་བཀོད་མི་ཚུ་ཨིན་:

བློ་སྟོབས།

མི་ཚུ་གིས་ སྦ་གསང་སྦེ་བཞག་མི་གནད་དོན་ཚུ་ ཁྱོད་ཀྱིས་གསལ་སྟོན་འབདཝ་ད་ ཞིབ་བརྟག་བརྡ་བརྒྱུད་འདི་གིས་ ཁྱོད་ར་ལམ་ལཱ་ཁག་ཅིག་ནང་ལས་ཕར་འཁྱིད་འོང་། དབང་འཛིན་ཚུ་ལས་ མནན་བསྐུལ་དང་ རང་གི་གོངམ་ཚུ་གིས་ གནད་དོན་ཕྱིར་སེལ་རྐྱབ་ནི་ རེ་ཚེ་སྐབས་ ཚེ་སྲོག་ལུ་ཉེན་ཁ་ཅན་གྱི༌འཇིགས་བསྐུལ་ཚུ་ཡང་འབྱུང་འོང་། ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ བློ་སྟོབས་དང་ འཚེར་སྣང་མེདཔ་དགོ།

ཤེས་འདོད།

ཞིབ་བརྟག་བརྡ་བརྒྱུད་འདི་ ཉིན་ལྟར་བཞིན་དུ་ རང་སོའི་མི་ཚེ་ནང་ ག་ལྔ་(five Ws) དང་ ན་གཅིག་(one H) གི་དྲི་བ་བཀོད་ཚུགས་མི་ལས་ འགོ་བཙུགསཔ་ཨིན། དྲི་བ་ཚུ་ཡང་ གནས་ཚུལ་ནང་གི་བྱུང་རྐྱེན་གྱི་སྐོར་ལས་ ཡང་ན་ ཉིན་རིམ་བཞིན་དུ་ རང་གི་མི་ཚེ་ནང་ མཐོང་མི་དང་གོ་མི་ཚུ་གི་སྐོར་ལས་བཀོད་བཏུབ།

བརྩོན་ཤུགས།

གནས་ཚུལ་གྱི་ཁྱད་གཡོག་འདི་གིས་ ཁྱོད་ཕྱུགཔོ་བཟོ་མ་ཚུགསཔ་མ་ཚད་ དུས་ཚོད་ལེ་ཤ་དང་ ནུས་སྟོབས་ལེ་ཤ་རྫོགསཔ་ཨིན། ཞིབ་བརྟག་བརྡ་བརྒྱུདཔ་ཅིག་འབདཝ་ད་ དབང་ཚད་ཅན་གྱི་ མི་ངོ་ཚུ་དང་གདོང་ཐུག་འབྱུངམ་ད་རེ་ཚེ་སྐབས་ རང་གི་ཚེ་སྲོག་ལུ་ཡང་ ཉེན་ཁ་འབྱུང་འོང་། ཁྱོད་ཀྱིས་ལཱ་འདི་འབད་བ་ཅིན་ ཕན་ཐོགས་ཆེ་བའི་གནད་དོན་ དྲང་བདེན་ དྲང་ཁྲིམས་ ཡང་ན་ མ་གོ་ཚུ་ལུ་གོཝ་བཟོ་ནི་ལུ་ ཡིད་ཆེས་ཡོདཔ་ལས་བརྟེན་ཏེ་ཨིན།

རྩོལ་སྒྲུབ།

གནས་ཚུལ་ལས་ཁང་ལེ་ཤ་ཅིག་ འཐོན་ཁུངས་ཉུང་དྲགས་དང་ དུས་ཚོད་ཐུང་ཀུ་ཅིག་ནང་ ལཱ་འབད་དགོཔ་ཨིན། དེ་གིས་སྦེ་ གནས་ཚུལ་ཞལ་འཛོམས་ནང་ གནས་ཚུལ་གྱི་བསམ་འཆར་བཀོད་པའི་སྐབས་ ཁ་གསལ་མེད་པ་ཅིན་ འཇམ་ཏོང་ཏོ་སྦེ་ ངོས་ལེན་འབད་མི་བཏུབ། ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ རང་གི་རྩོལ་སྒྲུབ་ཐོག་ལས་སྔོན་འགྲོའི་ཞིབ་འཚོལ་ཚུ་འབད་ཞིནམ་ལས་བསམ་འཆར་དེ་ གནས་ཚུལ་ངེས་གཏན་ཅིག་ལུ་ བསྒྱུར་ཚུགས་པའི་ འཆར་གཞི་བརྩམ་དགོ། དེ་ལས་ཡང་ གནས་་ཚུལ་ལས་ཁང་གིས་ སྤྲོ་བ་བསྐྱེད་མ་བཏུབ་པ་ཅིན་ རང་གི་རྩོལ་སྒྲུབ་ཐོག་ལས་ ལཱ་འདི་གི་དོན་ལུ་ རྒྱབ་སྐྱོར་འཚོལ་དགོཔ་ཡང་འཐོན་འོང་། ༼གནང་སྦྱིན་འཚོལ་ནི༽

གསང་རྒྱ།

ཁ་ལས་ག་འཐོན་སླབ་ནི་དེ་གིས་ ཞིབ་དཔྱད་རྐྱབ་ནི་དང་ འབྲེལ་བ་ཡོད་མི་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་འབྱུངམ་ཨིན། དེ་གིས་མ་ཚད་པར་ དོ་འགྲན་པ་ཚུ་ལུ་ གསང་བརྡ་ཐོབ་སྟེ་ རང་གི་གནས་ཚུལ་དེ་ གཞན་གྱིས་བརྐུ་ནིའི་ཉེན་ཁ་ཡང་ཡོད་ ཡང་ན་ དྲི་བ་དྲི་ལན་འབད་དགོ་པའི་ མི་ཚུ་དང་འཕྱད་དེ་ ཁ་སླབ་མ་ཚུགསཔ་ལས་ དེ་ཚུ་ལུ་ ཉེན་བརྡ་འབད་ནིའི་ཉེན་ཁ་ཡོད།
སེམས་ཁར་བཞག་དགོཔ་: ཁ་ཡངས་དྲགས་པ་ཅིན་ འདི་ལུ་ གྲུ་ཆུ་ནང་ཐིམ་ཚུགས་པའི་ནུས་པ་ཡོདཔ་

དྲང་བདེན་དང་ཀུན་སྤྱོད།

ཞིབ་བརྟག་གནས་ཚུལ་ལུ་བརྟེན་ཏེ་ གནས་ཚུལ་འབྱུང་ཁུངས་ ༼བརྡ་དོན་འབྱུང་ས༽ ཚུ་གི་ཉེན་སྲུང་དང་ ལཱ་གཡོག་མ་ཚད་ ཐ་ན་ མི་ཚེ་ལུ་ཡང་ ཉེན་ཁ་འབྱུང་སྲིད། དེ་བཟུམ་སྦེ་ སྣང་མེད་ཀྱི་སྐྱོན་བཤད་རྐྱབ་ནི་དེ་ཡང་ ཉེན་ཁ་ཡོདཔ་ཨིན། ཞིབ་བརྟག་གནས་ཚུལ་བསྡུ་བཀོདཔ་ ལེགས་ཤོམ་ཅིག་གིས་ ཀུན་སྤྱོད་རྣམ་གཞག་ལུ་གནས་ཞིནམ་ལས་ གནས་ཚུལ་འབྱུང་ཁུངས་དང་ དོན་ཚན་ཚུ་ལུ་ བརྩི་བཀུར་བསྐྱེད་དེ་ ག་དེ་ཚུགས་ཚུགས་ གནོད་པ་ལས་ སྲུང་ཐབས་འབདཝ་ཨིན། དེ་གིས་མ་ཚད་པར་ ཞིབ་བརྟག་གནས་ཚུལ་ལུ་ རྒྱབ་སྐྱོར་འབད་མི་ གནས་ཚུལ་ལས་ཁང་ཚུ་ནང་ ཀུན་སྤྱོད་དང་འབྲེལ་བའི་དཀའ་ངལ་ཚུ་ སེལ་ཐབས་ཀྱི་ལམ་སྟོན་ཚུ་ཡོད་དགོཔ་ཨིན།

རྒྱུ་མཚད་ལྡན་པའི་མནོ་ཐངས་དང་ འགོ་འདྲེན་རང་གི་སྒྲིག་ལམ།

ཞིབ་བརྟག་གནས་ཚུལ་ བསྡུ་བཀོད་འབད་ནི་ལུ་ དུས་ཡུན་འགོར་དོ་ཡོདཔ་དང་ ཁྲིམས་དོན་གྱི་ཉེན་ཁ་ལུ་བརྟེན་ཏེ་ ཡང་ལས་ཡང་དུ་ བདེན་དཔྱད་མཐིལ་ཕྱིན་ལུ་བརྟེནམ་ཨིན། དེ་གིས་སྦེ་ རང་གི་དུས་ཚོད་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཤེས་དགོཔ་དང་ གནད་དོན་ཚུ་ ཚར་ལེ་ཤ་ཅིག་ བདེན་དཔྱད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ཞིནམ་ལས་ གནས་ཚུལ་དེ་ གཅིག་ཁར་ཤོམ་ཚུགསཔ་ངེས་གཏན་བཟོ་དགོ།

སྤྱིར་བཏང་རྒྱ་ཆེའི་ཤེས་བྱ་དང་ཞིབ་འཚོལ་གྱི་རིག་རྩལ་ལེགས་ཤོམ།

འབྲེལ་བ་ཡོད་པའི་གནད་དོན་དང་ དྲི་བ་ཚུ་ ངོས་འཛིན་འབད་ཐོག་ལས་ ཞིབ་དཔྱད་ཀྱི་གནས་སྟངས་དེ་ ཧ་གོ་ཚུགས་པ་ཅིན་ བར་ན་ཐོགས་ལུས་ནི་ལས་བཀག་ཚུགས། ཨིན་རུང་ ཞིབ་དཔྱད་དེ་ རྒྱུ་ཆ་མེད་པའི་གཞི་དོན་ཅིག་ལུ་ཐུག་པ་ཅིན་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ ཚ་གཉེར་བཏོན་ཏེ་ གཞི་དོན་དེའི་རྒྱབ་ཁུངས་དང་ མཐུན་གྲོས་ ཐ་སྙད་ འབྲེལ་གཏོགས་ཅན་གཞི་དོན་དེ་གི་དཀའ་ངལ་ཚུ་གི་སྐོར་ལས་ལྷབ་སྦྱང་འབད་དགོ། མཁས་མཆོག་ཅིག་དང་གཅིག་ཁར་ ཁུངས་ལྡན་གྱི་བློ་སླབ་ནི་དང་ གློག་ལམ་ཐོག་ལས་འཚོལ་ནི་ ཕན་ཐོགས་ཆེ་བའི་དཔེ་དེབ་ཚུ་ ངོས་འཛིན་འབད་དེ་ལྷག་ནི་ཚུ་ གལ་ཅན་ཨིན། ག་དེ་མང་མང་ ལྷག་དགོཔ་འདི་ གལ་ཆེ་དྲགས་ཨིན་མི་དེ་ཡང་ ཁྱོད་རའི་ཞིབ་བརྟག་དེ་ལུ་ གལ་གནད་ཆེ་བའི་བརྡ་དོན་ཅིག་ ནམ་འཐོན་འོང་ག་ ག་ཏེ་ལས་འཐོན་འོང་ག་ སླབ་མི་ཤེས།

གོ་ཡངས།

ཞིབ་དཔྱད་ཅིག་ལུ་ རྣམ་རྟོག་མེད་པའི་ འགྱུར་བ་འཐོན་ནི་ཡོད་། རེ་ཚེ་སྐབས་ དྲི་བ་དང་པམ་དེ་ལུ་ ཐོགས་ལུས་ནི་དང་ རེ་ཚེ་སྐབས་ ལྷག་པར་སྤྲོ་སྣང་ཅན་ཅིག་དང་ གོ་བ་ཧིང་སང་ས་མེད་པའི་ དྲི་བ་ལུ་ཐུགཔ་ཨིན། དེ་བཟུམ་གྱི་གནས་སྟངས་འབྱུང་པའི་སྐབས་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ འགོ་ཐོག་གི་གནས་སྐབས་འདི་ལུ་ར་ གཙོ་བོར་བཏོན་ཏེ་མ་སྡོད་པར་ མནོ་བསམ་འགྱུར་བཅོས་ཀྱི་སྒོ་ལས་ ཞིབ་འཚོལ་འབད་དགོཔ་ཚུ་ཡང་ བསྐྱར་སྒྲིག་འབད་དགོ།

སྡེ་ཚན་སེམས་ཤུགས་དང་ བརྡ་དོན་སྤྲོད་ལེན་གྱི་རིག་རྩལ།

རེ་ཚེ་སྐབས་ ཉེན་སྲུང་གི་ཐབས་ལམ་མ་བཏོན་ཚུན་ཚེོད་ གནས་ཚུལ་ཅིག་ གཞན་ལུ་མ་སླབ་པར་ གསང་བ་སྦེ་བཞག་དགོཔ་ གལ་ཆེའི་གནས་སྟངས་ཅིག་ ཤར་ནི་ཡོད། ཨིན་རུང་ གནས་སྟངས་མང་ཤོས་ཅིག་ནང་ གནས་ཚུལ་དྲག་ཤོས་ཚུ་ ཐོབ་ཚུགས་པའི་རིག་རྩལ་གེ་ར་ གནས་ཚུལ་ལས་ཁང་གི་ཕྱི་ནང་གཉིས་ལུ་ ལག་ལེན་འཐབ་སྟེ་ སྡེ་ཚན་མཉམ་རུབ་ཐོག་ལས་བཏོན་ཚུགསཔ་ཨིན། དཔེར་ན་ སི་པོཊ་ལ་ཡིཊ་སྡེ་ཚན་གྱིས་ (Spotlight Team) ཡེ་ཤུའི་ཆོསཔ་ཚུ་གིས་ ཨ་ལུ་ཚུ་ལུ་ ཚུལ་མིན་འདོད་སྤྱོད་འབད་བའི་སྐོར་ བརྟག་ཞིབ་འབད་མི་དེ་ མཐར་འཁྱོལ་ཅན་ཅིག་ལུ་གྱུར་ནུག། ཞིབ་བརྟག་གནས་ཚུལ་ཅིག་ལུ་ ཚན་རིག་དང་ གསོ་བ་ལས་འགོ་བཟུང་སྟེ་ དཔལ་འབྱོར་དང་ སྤྱི་སྙོམས་རིག་པའི་ ཤེས་ཡོན་ཚུ་དགོཔ་ཡོད། བརྡ་བརྒྱུདཔ་ཅིག་ལུ་ རྒྱ་ཆེའི་ཤེས་ཡོན་ ག་དེམ་ཅིག་ཡོད་རུང་ གཞི་དོན་དེ་ཚུ་ག་རེའི་ནང་ མཁས་མཆོག་མི་འོང་། འབྲེལ་བ་ལེགས་ཤོམ་བཞག་ནི་དང་ ཡོངས་འབྲེལ་འཐབ་ནི་ཚུ་ སྡེ་ཚན་མཉམ་རུབ་ཀྱི་ ཆ་ཤས་ཅིག་ཨིན། གཞན་ཡངབརྡ་དོན་སྤྲོད་ལེན་ལེགས་ཤོམ་འབད་དགོཔ་དང་ སྡེ་ཚན་དེ་གིས་ གནས་ཚུལ་དེ་གི་དགོས་དོན་ ཧ་གོ་སྟེ་ གནས་ཚད་མཐོ་བའི་ ངེས་གཏན་དང་ དྲང་བདེན་ གསང་རྒྱ་ཚུ་ལུ་གནས་དགོ།


ལེའུ་འདི་ནང་ ཞིབ་བརྟག་བརྡ་བརྒྱུད་ངེས་འཛིན་འབད་བའི་ཁར་ དེ་ཡང་ མི་མང་གི་མཐའ་དོན་ལུ་ གལ་ཆེའི་སྐོར་ལས་ གསལ་བཤད་འབད་ཡི། འདི་ནང་ལུ་ ཞིབ་བརྟག་གནས་ཚུལ་ཅིག་འབྲི་ནི་ལུ་ བརྡ་བརྒྱུདཔ་ཚུ་གིས་ རང་སོའི་རྩོམ་སྒྲིགཔ་ཚུ་ལུ་ ཡིད་ཆེས་བསྐྱེད་བཅུག་ནི་ལུ་ ལཱ་ཁག་ཡོད་པའི་སྐོར་ལས་དང་ དེ་ཡང་ གཙོ་བོ་ གནས་ཚུལ་དེ་གི་ཞིབ་འབྲས་ སྤྲོ་བ་ཡོད་མེད་ལུ་རགས་ལསཔ་ཨིན་པའི་སྐོར་ལས་བཀོད་ཅི། དེ་གིས་སྦེ་ ཤུལ་མའི་ལེའུ་དེ་ནང་ གནས་ཚུལ་འཚོལ་ཐངས་དང་ འབྱུང་ཁུངས་ཀྱི་བརྡ་མཚོན་ ཡང་ན་ ཕན་བསླབ་རྫུས་མ་ཚུ་གི་རྗེས་སུ་འཇུག་ནི་མེདཔ་ ངེས་གཏན་བཟོ་ནིའི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན།

Recommendation
Recommendation

Recommendation