༡.༡. འཁྲུལ་བ་མེདཔ་།


ངེས་ཚིག་དང་དཔེ།: ཁྱད་ཚིག་དང་ མགུ་རྙོག་པའི་ཚིག་ཚུ་གི་ ངེས་ཚིག་ཚུ་ གནས་ཚུལ་ལྷག་མི་ཚུ་ལུ་ འགྲེལ་བཤད་རྐྱབ་བྱིན་ཐོག་ལས་ ངེས་ཚིག་འདི་ཚུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་དགོ། དེ་མ་ཚད་ བཅུད་དོན་ཚུ་ དཔེར་བརྗོད་ལག་ལེན་འཐབ་སྟེ་ རྡོག་རྡོག་རིལ་རི་སྦེ་བཟོ་དགོ

བདེན་ཁུངས་མེད་པའི་སྤྱིར་བཏང་གི་མིང་ཚིག།: སྤྱིར་བཏང་མིང་ཚིག་ དཔེར་ན་ ‘མང་ཆེ་ཤོས’ ‘ལེ་ཤ’ ‘དག་པ་ཅིག’ ‘ཉུང་སུ་ཅིག’ ཟེར་མི་ཚུ་གི་ གོ་དོན་དང་ ཁྱད་པར་ཚུ་ ཧ་གོ་ཞིནམ་ལས་ འཐོབ་ཐངས་དང་བསྟུན་ཏེ་ ལག་ལེན་འཐབ་དགོ། ‘མང་ཆེ་ཤོས་ དང་‘ལེ་ཤ་ ཟེར་བའི་ཚིག་གཉིས་ཀྱི་ཁྱད་པར་ཚུ་ ལེགས་ཤོམ་སྦེ་ བལྟ་དགོ་པའི་ཁར་ དམིགས་བསལ་གྱིས་ ‘ཆ་མཉམ་’ དང་ ‘རྩ་ལས་ར’ ཟེར་མི་ཚུ་སླབ་པའི་སྐབས་ དྲནམ་བཏོན་དགོ། ག་ཅི་འབད་རུང་ཅིག་ལུ་ ‘རྒྱུ་མཚན་གཅིག་རྐྱངམ་གཅིག་’ཨིན་ན་ ཡང་ན་ ‘རྒྱུ་མཚན་ཚུའི་གྲལ་ལས་གཅིག’ཨིན་ན? ‘ཨ་རྟག་ར་ཨིན་ན་ ཡང་ཅིན་ ཡང་ལས་ཡང་དུ་ཨིན་ན? དཔེ་གསལ་རིལ་རི་བཀོད་ནི་དང་ མི་ཚུ་གི་མིང་བཏོན་ཏེ་ སྤྱིར་བཏང་གི་ཚིག་ཚུ་ དམིགས་སུ་བཀར་དགོ།

རྩོད་དོན་ལུ་རྒྱབ་སྐྱོར།: བརྗོད་གཏམ་གེ་ར་ལུ་ ཁ་གསལ་ཐོག་ལས་ རྒྱབ་རྟེན་བཀོད་དགོ། བསམ་ལུགས་དང་ ལམ་ལུགས་ཚུ་ལུ་སྐྱོན་བརྗོད་འབད་བའི་སྐབས་ མི་ངོམ་ཚུ་ལུ་ སྐྱོན་བརྗོད་འབད་ནི་མི་འོང་། རྩོད་གཞི་དང་གནས་སྟངས་གུ་ གྲོས་བསྡུར་འབད་དགོ། གནས་ཚུལ་ལྷག་མི་ཚུ་ ཁོང་རའི་མནོ་ལུགས་དང་བསྟུན་ བློ་ཐག་བཅད་བཅུག་དགོ། འཕྲལ་འཕྲལ་སྦེ་ སྒྲུབ་བྱེད་བཀོདཔ་ཙམ་ཅིག་གིས་གོ་ཆོད།

དབང་འཛིན་ཚུ་ བདེན་རྟགས་སྦེ་བཀོད་དགོཔ།: འདི་གི་ཕན་པ་དང་ གནོད་པ་ཚུ་ ཐོ་བཀོད་འབད་དེ་ འདྲན་འདྲ་སྦེ་ ངོས་ལེན་འབད་དགོ། དབང་འཛིན་ཚུ་གི་ དང་ལེན་ཚུ་གི་ཐད་ཁར་ རྒྱུ་མཚན་ཤེས་ནི་འདི་ཁག་ཆེ། མི་གང་རུང་ཅིག་གིས་ འདི་བཟུམ་མའི་བློ་ ག་ཅི་སྦེ་སླབ་སྨོ་ ཟེར་མནོ་དགོ། ཞིབ་འཚོལ་གྱི་རྒྱབ་ཁུངས་དང་ ལུང་འདྲེན་ཚུ་གི་སྐོར་ལས་ གྲོགས་རམ་ལེན་ནིའི་དོན་ལུ་ གནས་ཚུལ་འབྱུང་ཁུངས་གཅིག་མེན་པར་ ལེ་ཤ་དང་གཅིག་ཁར་ ཁ་སླབ་དགོ

འཆར་སྣང་། (stereotype) ཡང་ན་ སེམས་ཚོར་དྲག་པོ: འཆར་སྣང་ཚུ་བཟང་པོ་ ཡང་ན་ ངན་པ་ཨིན་རུང་སྤང་དགོ། ཚིག་དོན་ཚུ་ཕྱོགས་ལྷུང་མེད་པར་ བཞག་དགོཔ་དང་ གནས་ཚུལ་འབྱུང་ཁུངས་ཚུ་གེ་ར་ དྲན་ཤེས་ཐོག་ལས་ ངོས་ལེན་འབད་དགོ

“སྟེ་ག་ཅི་སྨོ?” ཟེར་འདྲི་དགོ: ཁྱོད་ཀྱིས་བརྡ་དོན་འདི་ཚུ་ ཁྱོད་རའི་དཔག་འཆར་དང་ འབྲེལ་བ་ཡོད་མེད་ དྲན་གསོ་འབད་ནིའི་ཐབས་ཤེས་དྲག་ཤོས་འདི་ ཁྱོད་ཀྱིས་ཁྱོད་ར་ལུ་ “སྟེ་ག་ཅི་སྨོ?” ཟེར་བའི་དྲི་བ་ འདྲི་ནི་འདི་ཨིན། ཁག་ཆེ་བའི་དོན་ཚན་གཅིག་བ་ སྒྲུབ་བྱེད་གུ་གཞི་བཞག་ཏེ་འབྲི་བ་ཅིན་ ཡིད་འཕྲོག་ཚུགས་པའི་ ཞིབ་བརྟག་གནས་ཚུལ་འཁྲུལ་མེད་ཅིག་འབྲི་ཚུགས། ཁྱོད་ཀྱིས་སྒྲུབ་བྱེད་ཐོབ་ཚརཝ་ཅིག་ ལོག་གནས་ཚུལ་འབྱུང་ཁུངས་ཡོད་སར་སོང་ཞིན་ན་ གནད་དོན་འདི་ འགྲེལ་བཤད་ཧིང་སངས་ས་དང་ རྒྱས་ཤིང་རྒྱསཔ་སྦེ་ རྐྱབ་བཅུག་སྟེ་ སྒྲུབ་བྱེད་འདི་ཚུ་ སྒྲིང་སྒྲིང་དང་ གསལ་ཏོག་ཏོ་བཟོ་དགོ། སྐབས་དོན་ཚུ་ཡང་ ཧེ་མ་ལས་བརྩམ་དགོཔ་ཨིན། འདི་གིས་གནས་ཚུལ་ལྷག་མི་ཚུ་ལུ་ རྐྱེན་དང་བྱུང་རིམ་གྱི་གནས་སྟངས་སྐོར་ལས་ གནས་ཚུལ་ཚུ་བྱིན་འོང་། འདི་གིས་ཁྱོད་ཀྱིས་མནོ་བའི་གནད་དོན་ཚུ་ འབྲེལ་གཏོགས་འབད་མི་ཚུ་ལུ་ ཐབས་ལམ་དང་ བསམ་པ་ དེ་ལས་ གོ་སྐབས་ཚུ་གི་སྐོར་ལས་ གནས་ཚུལ་ཁ་སྐོང་སྤྲོདཔ་ཨིན