༡.༢.༡. ལུང་འདྲེན་ལག་ལེན་འཐབ་དགོཔ།


ལུང་འདྲེན་འདི་ ཁུངས་སྐྱེལ་ནིའི་དོན་ལུ་ཨིན་རུང་ གནས་ཚུལ་ཆ་ཚང་ གསལ་སྟོན་འབད་ནི་དོན་ལུ་མེན། ད་རུང་ བརྡ་དོན་ཚུ་ཁ་སྐོང་ བཀལ་ནིའི་དོན་ལུ་མ་གཏོགས་ ལོག་བསྐྱར་བརྗོད་འབད་ནིའི་དོན་ལུ་མེན། སྤྱིར་བཏང་གི་ གཞི་རྟེན་གྱི་གནས་སྟངས་བརྗོད་ནིའི་དོན་ལུ་ ལུང་འདྲེན་དགོཔ་མེད། འདི་ཚུ་གནས་ཚུལ་འབྱུང་ཁུངས་དང་གཅིག་ཁར་ དྲིས་ལན་འབད་ཡོདཔ་ མཚོན་ནི་དང་ ཁྱོད་རའི་གནས་ཚུལ་ སྤྲོས་པ་ཆེ་སུ་ བཟོ་ནི་མ་གཏོགས་ ཁྱོད་ཀྱི་གནས་ཚུལ་འབྱུང་ཁུངས་ཚུ་གིས་ སླབ་མིའི་ཐད་ལུ་ དབྱེ་ཞིབ་འབད་བའི་ཚབ་སྦེ་དགོཔ་མེད། གཤམ་འཁོད་ཀྱི་གནད་དོན་ཚུ་ནང་མ་གཏོགས་ མི་ཚུ་གིས་བཤད་མིའི་ཚིག་ ག་ཨིན་མི་དེ་ ལག་ལེན་འཐབ་ནི་འདི་ཁག་ཆེ།

  • >   མི་ཅིག་གིས་སླབ་མི་འདི་ ཧ་གོ་ཚུགས་པར་ ལཱ་ཁག་ཡོདཔ་དང་ ཡང་ན་ མེས་མེས་བཅོས་པའི་ཚིག་ཨིནམ་ལས་ ཚིག་གི་ཁྱད་ཆོས་ལུ་ ཁེ་ཕན་མེདཔ།
  • >   སྐུར་གཏམ་དང་ བཙོག་གཏམ་ཚུ་ ཁྱོད་ཀྱི་གནས་ཚུལ་ནང་ བཙུགས་མ་ཆོགཔ་ཅིན།
  • >   ཕྱི་སེལ་རྐྱབ་དགོ་པའི་ ཚིག་གཞན་ཡང་ “ལྟ་ཤིག” “ཁྱོད་ཀྱིས་ཤེས་ག” “ང་གིས་མནོཝ་མས་” ཟེར་མི་ཚུ་ཨིན། འདི་ཚུ་གིས་ དོན་དག་ག་ནི་ཡང་མི་སྟོན།

ལུང་འདྲེན་གེ་ར་ལུ་ འདི་གི་འབྱུང་ཁུངས་ བཀོད་དགོཔ་མ་ཚད་ མ་མཐོངམ་དང་མ་ཤེས་པའི་ གནས་སྟངས་ཚུ་ལུ་ཡང་ འབྱུང་ཁུངས་བཀོད་དགོ། ཞིབ་བརྟག་གི་གནས་ཚུལ་འབྲིཝ་ད་ འབྱུང་ཁུངས་བཀོད་ནི་འདི་ ལྷག་པར་དུ་ གཟབ་གཟབ་འབད་དགོཔ་ཨིན། གནས་ཚུལ་ལྷག་མི་ཚུ་གིས་ ཕྲངམ་ཕྲང་ས་ གནས་ཚུལ་འབྱུང་ཁུངས་ལུ་བལྟ་སྟེ་ ཁྱོད་ཀྱི་སྒྲུབ་བྱེད་ཀྱི་འོས་འབབ་གུ་ དབྱེ་དཔྱད་འབད་འོང་། དེ་མ་ཚད་ ཁྱོད་ཀྱིས་གནས་ཚུལ་ནང་ འབྱུང་ཁུངས་གསརཔ་ ག་དེ་སྦེ་ འོངས་ཡི་ག་ ཁུངས་ཟང་དགོ། གལ་སྲིད་ ཁྱོད་ལུ་གནས་ཚུལ་བྱིན་མི་ མི་ངོམ་འདི་ རྒྱུ་མཚན་གང་རུང་ཅིག་ལུ་བརྟེན་ཏེ་ མིང་མ་སྟོན་པར་ བཞག་པ་ཅིན་ ག་ཅི་སྦེ་ཨིན་ན་ ཁུངས་སྐྱེལ་དགོ། དཔེར་ན་ “ང་གིས་ ཁྱོད་ལུ་འདི་སྟོན་བྱིན་ཡི་ཟེར་ ཁོང་གིས་ཤེས་པ་ཅིན་ ལས་སྡེ་གིས་ ང་ ལཱ་གཡོག་ནང་ལས་ བཏོན་གཏང་འོང་” ཟེར་སླབ་དོ་བཟུམ།

ལུང་འདྲེན་ལག་ལེན་འཐབ་ཐངས་ཀྱི་ བསླབ་བྱ་དག་པ་ཅིག ་གཤམ་གསལ་ལྟར་དུ་ཨིན

  • >   ལུང་འདྲེན་གྱི་ ཧེ་མའི་བརྗོད་ཚིག་འདི་གིས་ འདི་གི་ཤུལ་ལས་ ག་ཅི་གི་སྐོར་ལས་ཨིན་ན་ ཧ་གོ་ནི་ལུ་ ཕན་ཐོགས་དགོ།
  • >   ལུང་འདྲེན་གྱི་ངོ་སྤྲོད་དེ་གིས་ བརྗོད་དོན་གཅིག་ གོ་བརྡ་སྤྲོད་ནི་ལུ་ གྲ་སྒྲིག་འབད་དགོ།
  • >   “ཁོ/མོ་གིས་སླབ་ཅི” ཟེར་མི་འདི་གུ་ར་བཞག་དགོ། འདི་མིན་ཚིག་ལ་ལོ་གི་ནང་ (“གཏན་འཁེལ་སླབ་ཅི” “བདེན་ཁུངས་བཤད་ཅི”) ཟེར་མི་གིས་ དོན་མེད་ཀྱི་མགོ་འཐོམ་བཅུག་འོང་། ད་རུང་ ཚིག་གཞན་ (“དགག་པ་རྐྱབ་ཅི” “དགག་ལན་སླབ་ཅི”) ཟེར་མི་ཚུ་གིས་ ལྷག་མི་ཚུ་ལུ་ གོ་བ་ཕྱི་འགྱུར་བྱིན་སྲིད། ཁྱོད་ཀྱི་ ངེས་བདེན་ཨིནམ་ཤེས་པ་ཅིན་རྐྱངམ་གཅིག་ བྱ་བའི་ཁྱད་ཚིག་འདི་ཚུ་ ལག་ལེན་འཐབ་དགོ།
  • >   ཁྱོད་ཀྱིས་ཚིག་ཚུ་འགྲེལ་བཤད་རྐྱབ་པའི་སྐབས་ གཡོ་སྒྱུར་གཏང་ནི་མི་འོང་། དོན་དག་དང་སླབ་ཐངས་ཚུ་ སྔར་ག་ཨིནམ་སྦེ་ བཞག་དགོ། གལ་སྲིད་ མགྲིན་ཚབ་ཀྱིས་ “ང་བཅས་ལུ་ འདི་གི་དོན་ལུ་ མ་དངུལ་མེད” ཟེར་མི་འདི་ “མོ་གིས་འབད་བ་ཅིན་ མོ་གི་ལས་སྡེ་འདི་གིས་ བྱ་རིམ་འདི་ལུ་ འགྲོ་སོང་གཏང་ནིའི་གྲ་སྒྲིག་མེད་ཟེར་སླབ་ཅི” ཟེར་ མ་སླབ་ཚུན་ཚོད་ གོ་བ་འདི་བཟུམ་ ལེན་ནི་མི་འོང་། འདི་ནང་ལུ་ མ་དངུལ་གྱི་དཀའ་ངལ་རྐྱངམ་གཅིག་མེན་པར་ གཙོ་རིམ་གཞན་ཡང་ཚུད་འོང་།