ཁྱོད་ཀྱི་གནས་ཚུལ་འདི་ དོན་ཚན་གྱི་འདུ་ཚོགས་ཅིག་ཨིན་པའི་ མནོ་བསམ་གཏང་དགོ། དོན་ཚན་ཚུ་ དོན་མཚམས་ལས་ བསྡུ་བཞག་བཞགཔ་ཅིག་ཨིན། ནང་གསེས་དོན་ཚན་ (དཔེར་ན་ རྒྱལ་ཡོངས་ནང་ ལཱ་ངན་འབད་མི་གཙོ་ཅན་ཚུ་ འཚོལ་ནི་དང་ ཡང་ན་ གསང་བའི་མི་སྡེའི་བྱུང་རབས་དང་ འདི་གི་ཡར་འཕེལ་གྱི་རྒྱུ་རྐྱེན་) འདི་གཉིས་ལས་གཅིག་ ཁྱོད་རའི་ཞིབ་དཔྱད་ཀྱི་དོན་ཚན་སྦེ་བཟོ་སྟེ་ འདི་གི་སྐོར་ལས་ ཡོངས་རྫོགས་སྦེ་ འཚོལ་ཞིབ་འབད་དགོ། བརྗོད་དོན་སྦོམ་ཚུ་ ཆུང་སུ་ཅིག་བཟོ་སྟེ་ མི་ཚུ་གིས་ ཧ་གོ་ཚུགསཔ་བཟོ་དགོ། འདི་འགོ་བཙུགས་པའི་སྐབས་ བརྗོད་ཚིག་གཙོ་དོན་གྱིས་འགོ་བཙུགས་ཏེ་ གནས་ཚུལ་ལྷག་མི་ཚུ་ལུ་ ཁྱོད་ཀྱིས་དོན་ཚན་ག་ཅི་འདི་ ཞིབ་འཚོལ་འབད་དོ་ག་དང་ ཧེ་མ་བྱུང་ཡོད་པའི་གནས་སྟངས་དང་ ག་དེ་སྦེ་ འབྲེལ་བ་བཟོཝ་ཨིན་ན་གི་སྐོར་ལས་སླབ་དགོ་། དོན་ཚན་རེ་རེ་ནང་ གཤམ་འཁོད་ཚུ་ཚུད་དགོ།

  1. ༡. སྒྲུབ་བྱེད་ (ཁ་གསལ་། ལུང་འདྲེན། གནས་སྟངས་དང་ པར་རིས)
  2. ༢. ངེས་ཚིག་དང་ འགྲེལ་བཤད།
  3. ༣. སྐབས་དོན། ལོ་རྒྱུས། ཁྱད་པར ་ཡང་ན་ ག་བསྡུར།
  4. ༤. རྒྱུ་དང་འབྲས་བུ།
  5. ༥. དགག་སྒྲུབ་ཀྱི་རྩོད་པ།
  6. ༦. དབྱེ་ཞིབ་ ཡང་ན་ གྲུབ་འབྲས།

ཉིན་བསྟར་གསར་ཤོག་ནང་ལཱ་འབད་མི་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ཆུང་ཀུའི་བསྒང་ལས་ གོམས་གཤིས་ཚུད་ཡོད་པའི་ དོན་མཚམས་བཟོ་སྟེ་ འཆར་གཞི་བརྩམ་ཐོག་ལས་ འདྲི་ནི་འདི་ མགྱོགས་པ་ར་ བཀོ་བཞགཔ་ཨིན། འདི་ཡང་ གནས་ཚུལ་གསར་ཤོག་ཚུ་གིས་ ཁོང་གི་གནས་ཚུལ་ཚུ་ དོན་མཚམས་ཐོག་ལུ་ གསལ་སྟོན་མི་འབད་ནི་རྩིས་ཨིན། རྩོམ་སྒྲིགཔ་འོག་མ་གིས་ དོན་མཚམས་ཚུ་ཕྱེ་སྟེ་ གྱལ་ཐེབས་ཅིག་བཙུགས་ནི་དང་ ཡང་ན་ གཅིག་ཁར་བསྡབས་ཏེ་ ས་སྟོང་སྲུང་བཞགཔ་ཨིན། འདི་གི་སྐོར་ལས་ ཚ་གྱང་ལང་མི་དགོ། དོན་མཚམས་འདི་ གནས་ཚུལ་ཆ་མཉམ་ནང་ ཁག་ཆེ་བའི་ཆ་ཤས་ཅིག་ཨིན། ཁྱོད་རའི་ཁ་ཐུག་ལས་ འཆར་གཞི་བརྩམ་སྟེ་ དོན་མཚམས་ཐོག་ལས་རང་འབྲི་དགོ། སྒྲིག་བཀོད་ཀྱི་ཐད་ཁར་ལྷོདཔ་ད་ རྩོམ་སྒྲིགཔ་འོག་མ་གིས་ ཤུལ་ལས་བལྟ་སྟེ་འབད་འོང་།