༡.༣.༢. སེམས་ཁར་འཆར་སྣང་འབྱུང་ཚུགས་པའི་ཐོག་ལས་ མནོ་བསམ་གཏང་དགོཔ།

༡.༣.༢. སེམས་ཁར་འཆར་སྣང་འབྱུང་ཚུགས་པའི་ཐོག་ལས་ མནོ་བསམ་གཏང་དགོཔ།


འགྲེལ་བཤད་ཐབས་ལམ་སྐབས་ གནས་ཚུལ་འདི་ སྤྲོ་སྣང་ཅན་ཅིག་ འོང་དགོ་པ་ཅིན་ སེམས་ཁར་འཆར་སྣང་འབྱུང་ཚུགས་པའི་ མནོ་བསམ་གཏང་དགོ། ཁྱོད་ལུ་གཞི་བཀོད་དང་ བཟོ་བཀོད་ཀྱི་ ལཱ་འབད་ནིའི་འགན་འཁུར་ མ་ཕོག་རུང་ ཁྱོད་ཀྱི་གནས་ཚུལ་འདི་ལུ་ མཐའ་མཇུག་ལུ་དགོ་པའི་ པར་རིས་དང་ སྣང་བརྙན་ཚུ་ མནོ་བསམ་གཏང་དགོ།གནས་སྐབས་ཅིག་གི་ མགུ་རྒྱན་་ ཟིན་བྲིས་བཏབ་བཞག་དོ་བཟུམ་ འདི་བཟུམ་མའི་བྱ་རིམ་གྱིས་ ཁྱོད་རའི་གནས་ཚུལ་གྱི་བརྗོད་དོན་ཚུ་ དྲན་གསོ་འབད་དེ་ འདི་ལུ་གནས་བཅུག་འོང་། གལ་སྲིད་ གནས་སྟངས་ཚུ་ ཤོག་ཁྲམ་གུ་བཀོད་པ་ཅིན་ ཐོ་འདི་གིས་ གནས་སྟངས་ཅོག་འཐདཔ་ ལོག་ཅི་ལོག་ཅི་བལྟ་བཅུག་སྟེ་ དབང་པོ་ངལ་བཅུག་འོང་། ཨིན་རུང་ འཆར་སྣང་འབྱུང་ཚུགས་པའི་ཐོག་ལས་ མནོ་བསམ་གཏང་མི་འདི་གིས་ ཁྱོད་ཀྱི་གནས་ཚུལ་འདི་ལུ་ ཐབས་ལམ་གཞན་ཅིག་གི་ཐོག་ལས་ ཕན་ཐོགས་ཚུགས།

  • >   འདི་གིས་ ཁྱོད་ཀྱི་གནས་ཚུལ་བཟོ་ནི་ལུ་ ཆ་རོགས་འབད་འོང་། ཁྱོད་ལུ་དགོ་ནི་ཨིན་པའི་ ས་ཁྲ་དང་ ཤོག་ཁྲམ་ ཐིག་ཁྲམ་ པར་འདི་ཚུ་ གྲ་སྒྲིག་འབད་དགོ་པའི་ དྲན་གསོ་འབད་འོང་།
  • >   གཞི་བཀོད་དང་ གནས་ཚུལ་ཡིག་ཐོག་ལུ་ ཕབ་ནི་ལ་སོགས་པའི་ལཱ་ཚུ་ནང་ ཆ་རོགས་འབད་དེ་ འདི་གིས་སྡེ་ཚན་གྱི་ལཱ་ལུ་ ཕན་ཐོགས་འོང་།
  • >   འདི་གིས་ ཁྱོད་རའི་ཆ་རོགས་ པར་བཏབ་མི་ཚུ་ལུ་ པར་ལེགས་ཤོམ་ གདམ་ཁ་རྐྱབ་དགོ་པའི་ མནོ་བསམ་གཏང་ནི་ལུ་ ཆ་རོགས་འབད་འོང་།
  • >   འདི་གིས་ མཐོང་སྣང་ཚུ་ ཁྱོད་རའི་སེམས་ཁར་བཙུགས་ཏེ་ ཚིག་གཞན་གྱི་ཐད་ལུ་ མནོ་བསམ་གཏང་ནི་ལུ་ ཕན་ཐོགས་འོང་།
  • >   འདི་གིས་ ལྷག་མི་ཚུ་དང་གཅིག་ཁར་ བརྡ་སྤྲོད་ལན་འབད་ནི་ལུ་ ཕན་ཐོགས་འོང་། ལྷག་མི་ཚུ་གིས་ རྩོམ་བྲིས་ལས་ལྷག་སྟེ་ གདམ་ཁ་ཡོད་པའི་ པར་རིས་དང་ ཤོག་ཁྲམ་ཚུ་གི་ཐོག་ལས་ ཧ་གོཝ་འཇམ་དོ་ཡོདཔ་ཨིན། གཅིག་གིས་སླབ་དོ་བཟུམ་ པར་གཅིག་གིས་ ཡི་གུ་སྟོང་ཕྲག་གི་ཁྱད་ཆོད།