༢. རྒྱང་བསྒྲགས་ཀྱི་གནས་ཚུལ་འབྲི་ཐངས།

༢. རྒྱང་བསྒྲགས་ཀྱི་གནས་ཚུལ་འབྲི་ཐངས།


ཟུར་བརྗོད། འདི་རྒྱང་བསྒྲགས་ཀྱི་ སྲུང་ཤོག་འབྲིསཐངས་ཀྱི་ལམ་སྟོན་ ཡོངས་རྫོགས་མེན། ཨིན་རུང་ འདི་གིས་ཞིབ་བརྟག་རྒྱང་བསྒྲགས་ཀྱི་དོན་ལུ་ བློ་སླབ་ཐངས་དང་ འགྲེལ་བཤད་རྐྱབ་ཐངས་ཀྱི་ བསླབ་བྱ་ཚུ་བྱིནམ་ཨིན།


རྒྱང་བསྒྲགས་ཀྱི་གནས་ཚུལ་ཚུ་གེ་ར་ནང་ གློག་བརྙན་དང ་སྒྲ་བཟུང་ཚུ་ཡོདཔ་ཨིན། པར་དང་སྒྲ་བཟུང་ཚུ་ལས་ སྐབས་དོན་གྱི་གནས་སྟངས་དང་བསྟུན་ གནས་ཚུལ་ལེ་ཤ་འཐོན་འོང་། གསལ་བཤད་འདི་ གཙོ་བོ་ར་ གནས་ཚུལ་ལེགས་ཤོམ་སྦེ་ མི་མང་ལུ་ གོ་བརྡ་སྤྲོད་ནིའི་དོན་ལུ་ཨིན།

རིག་རྩལ་དང་ལྡན་པའི་ རྩོམ་བྲིས་ཅིག་གིས་ བལྟ་མི་ཚུ་གི་སྣང་བར་ ཐ་ན་ རྙིང་དུས་ཀྱི་རི་མོ་དང་ ཡིད་སུན་ཁག་ཁ་གི་ གནས་ཚུལ་ཚུ་ལུ་ཡང་ ཚོར་སྣང་གསརཔ་ བྱིན་ཚུགསཔ་བཟོ་འོང་། རྒྱང་བསྒྲངས་རེ་ཌི་ཡོ་གི་ དོན་ལུ་ཨིན་པ་ཅིན་ སྲུང་ཤོག་ཚུ་ གནས་ཚུལ་བཤད་མིའི་ བློ་དང་གཅིག་ཁར་སྦེ་ བཀོད་སྒྲིག་འབད་བ་ཅིན་ སྐབས་དོན་འདི་ ཧེང་སྐལ་ར་ ནུས་པ་ཅན་ལུ་འགྱུར་འོང་། དེ་འབདཝ་ད་ རྒྱང་མཐོང་ཨིན་པ་ཅིན་ གནས་ཚུལ་གྱི་བརྒྱ་ཆ་ ༨༥ དེ་ཅིག་ གློག་བརྙན་གྱིས་ དབང་དོ་ཡོདཔ་ཨིན། རྩོམ་བྲིས་ལེགས་ཤོམ་ཡོད་རུང་ འདི་གིས་ དབང་པོ་ངལ་སི་སི་གི་ གློག་བརྙན་དང་ ལུང་འདྲེན་འདི་གི་ སྐྱོན་སུབ་རྐྱབ་མི་ཚུགས། ག་ཅི་སྦེ་ཟེར་བ་ཅིན་ མི་ཚུ་གིས་ གློག་བརྙན་འདི་ལེགས་ཤོམ་མེད་པ་ཅིན་ བལྟ་མི་བཏུབ། གནས་སྟངས་གཉིས་ཆ་རའི་ནང་ པར་དང་ སྒྲ་གཟུང་ཡོད་པའི་ བློ་ཚུ་དང་འཁྲིལ་ ཁྲབ་སྲུང་བརྩམ་དགོ། འདི་ལུ་ “རྣམ་ཅོ་གི་དོན་ལུ་རྩོམ་བྲིས” ཡང་ན་ “པར་གྱི་དོན་ལུ་རྩོམ་བྲིས་” ཟེར་སླབ་ཨིན།

ཁྱོད་ཀྱིས་པར་ཆས་ནང་བཏབ་ཡོད་པའི་ དངོས་ཡོད་གནས་ཚུལ་འདི་གིས་ འགོ་བཙུགས་དགོ། དེ་ལས་ཁྱོད་ར་གིས་ གདམ་ཁ་རྐྱབ་ཡོད་པའི་ ཚིག་ཚུ་བཙུགས་ཏེ་ གསལ་བཤད་འགོ་བཙུགས་དགོ། འདི་གི་ཤུལ་ལས།

  1. ༡. གནས་ཚུལ་ལུ་ ཁག་ཆེ་བའི་ཁྱད་ཆོས་ཚུ་ལུ་ གཤམ་ཐིག་བཀོད་དགོ
  2. ༢. པར་དང་ གནས་ཚུལ་ ལ་ལུ་ཅིག་ལུ་ ཁྱད་ཆོས་ཚངམ་མེད་ས་ལུ་ ཤོ་སྙོམས་སྦེ་བཟོ་དགོ
  3. ༣. ལྟ་མི་ཚུ་གི་སེམས་ཁར་ ངེས་དགོ་པའི་གནས་ཚུལ་ཚུ་ གདམ་ཁ་རྐྱབ་སྟེ་ གཙོ་བོརབཏོན་དགོ
  4. ༤. པར་མ་འདྲཝ་དང་ གནས་ཚུལ་མ་འདྲཝ་ཚུ་ འབྲེལ་མཐུད་འབད་དེ་ དུས་ཀྱི་འཕོ་འགྱུར་དང་བསྟུན་ འགྱུར་བ་ཚུ་བཤད་དགོ
  5. ༥. པར་དང་གནས་ཚུལ་འདི་ཚུ་ སྐབས་དོན་དང་མཐུནམ་སྦེ་བཟོ་དགོ
  6. ༦. པར་དང་གནས་ཚུལ་ཚུ་ལུ་ འགྲེལ་བཤད་དང་ དོན་དག་ཐེབས་བཙུགས་ཏེ་ བསྒྱུར་བ་བཟོ་དགོ། (དེ་འབདཝ་ད་ བརྡ་དོན་ངོ་མ་ལུ་ ཐོ་ཕོག་ནི་དང་ སྐབས་དོན་གྱི་ཕྱི་ཁར་ བཏོན་གཏང་ནི་མི་འོང་)

གནས་ཚུལ་བསྡུ་བཀོདཔ་གིས་ གཙོ་རིམ་འདི་ཚུ་གི་ཐོག་ལུ་ འབད་བརྩོན་བསྐྱེད་དགོ། དེ་འབདཝ་དང་ འདི་གིས་ ཁོ/མོ་ ག་ར་ཨིན་རུང་ ཨ་རྟག་ར་ གནས་ཚུལ་དང་ ལྟ་མི་གཉིས་ཀྱི་བར་ནའི་ བར་མི་བཟུམ་སྦེ་ བཀག་རྐྱབ་མི་དང་ ཡང་ན་ ཕྱི་སེལ་རྐྱབ་མི་ འབད་དགོ་ཟེར་བའི་ ལོ་རྒྱུས་མིན། ཁྱོད་ཀྱི་གནས་ཚུལ་གི་ཐོག་ལུ མི་ཚུ་གིས་ འབྲེལ་བ་ཡོད་པའི་ ལོ་རྒྱུས་རེ་ སླབ་ཡོད་པ་ཅིན་ འདི་ཚུ་གནས་ཚུལ་བསྡུ་བཀོད་པའི་ ཚིག་འགྲེལ་གྱི་ཚབ་སྦེ་ བཙུགས་དགོ། རྒྱང་བསྒྲགས་དང་ གསར་ཤོག་གཉིས་ཀྱི་ཁྱད་པར་ཚུ་ གཤམ་གསལ་ལྟར་དུ་ཨིན།

གསར་ཤོག་རྒྱང་བསྒྲགས།
གལ་ སྲིད་མི་ཚུ་གིས་ ཧ་མ་གོ་བ་ཅིན་ ནམ་ར་ཨིན་རུང་ ལོག་བལྟ་བཏུབ།རྒྱང་བསྒྲགས་འདི་ ཡུདཔ་ཐེངས་ཅིག་འཐོན་ཏེ་ ལྟ་མི་ཚུ་གི་མིག་ཁ་ལས་ ཡལ་འགྱོཝ་ཨིན། ལྟ་མི་ཚུ་གིས་ འཆར་སྣང་རྐྱངམ་གཅིག་ལས་བརྒལ་ ཁ་གསལ་དྲན་མི་ཚུགས། དེ་འབདཝ་ལས་ ཆ་ཤས་གེ་ར་གལ་ཆེ།
འཛོལ་བ་འདི་ཚུ་ གསལ་རིལ་རི་སྦེ་ ཤོག་ཀུ་ཐོག་ལུ་སྡོད་འོང་།ལྟ་མི་ཚུ་གིས་ འཛོལ་བ་ཚུ་ ཐེངས་གཅིག་ ཡང་ན་ ཐེངས་གཅིག་ཡང་མི་མཐོང་།
འདི་ནང་ཤོག་ལེབ་ཚུ་ འཚོལ་ནིའི་དོན་ལུ་ - མགུ་རྒྱན། ཁ་ཡིག ཡི་གུའི་དོན་མཚམས། ལ་སོགས་པའི་ ལམ་བརྡ་འོང་།རྒྱང་བསྒྲགས་ལས་རིམ་ བར་ན་ལྷོདཔ་ད་ བལྟ་བ་ཅིན་ ག་ཅི་གི་ལས་རིམ་ཨིན་ན་ ཧ་གོ་མི་ཚུགས།
ལྷག་མི་ཚུ་གིས་ ལྷག་ནི་མཚམས་བཞག་སྟེ་ ལཱ་སོ་སོ་ཅིག་འབད་བར་སོང་སྟེ་ ལོག་འོངས་ཞིན་ན་ བཞག་མཚམས་དེ་ལས་ ཚིག་གཅིག་ཡང་མ་ཆད་པར་ འཕྲོ་མཐུད་དེ་ ལྷག་ཚུགས། གལ་སྲིད་ ལས་རིམ་འདི་ སྒྲ་བཟུང་སྟེ་ བཞག་བཞགཔ་དང་ ཡོངས་འབྲེལ་ཐོག་ལུ་ཡོད་པ་ཅིན་རྐྱངམ་གཅིག་ བལྟ་འཕྲོ་བཞག་སྟེ་ ལཱ་གཞན་འབད་བར་འགྱོ་ཚུགས།
པར་རིགས་དང་ བརྒྱུད་ལམ་སྣ་ཚོགས་ཡོད་པ་ཅིན་ གནས་ཚུལ་ལུ་ བརྩི་མཐོང་ཐེབས་བསྐྱེད་འོང་། ཡོངས་འབྲེལ་ཐོག་གི་ གསལ་སྟོན་འདི་ཚུ་གིས་ ལྷག་མི་གི་ ཡིད་ཆེས་འཐོབ་ནིའི་དོན་ལུ་ ཐབས་ལམ་འདི་ཚུ་ ལག་ལེན་འཐབ་ཨིན།རྒྱང་བསྒྲགས་ཐོག་གི་ གནས་ཚུལ་གྱིས་ ལྟ་མི་ཚུ་ལུ་ གནས་ཚུལ་གྱི་སྒྲུབ་བྱེད་ (དཔེར་ན་ སྒྲ་དང་ པར་རིགས) ཚུ་སྟོནམ་ཨིན། འདི་ཚུ་གིས་ རྒྱང་བསྒྲགས་ཀྱི་བརྩི་མཐོང་ རྒྱ་བསྐྱེད་གཏངམ་ཨིན། (འདི་བདེན་པ་འོང་ནི་ཨིན་པས། ང་གིས་རྒྱང་མཐོང་ནང་མཐོང་ཅི) ཟེར་དོ་བཟུམ། འདི་བཟུམ་སྦེ་ བདེན་པ་ཚུ་ཡང་ བསྒྱུར་གཏང་ནིའི་ནུས་པ་ སྦོམ་ཡོདཔ་ཨིན།
ལྷག་ནི་འདི་ དུས་ཡུན་འགོར་རུང་ ལྷག་མི་འདི་གིས་ བརྡ་དོན་ཁ་གསལ་འཐོབ་ཨིན།རྒྱང་བསྒྲགས་གནས་ཚུལ་གྱི་དོན་ལུ་ འབྲི་ལྷག་གི་ཤེས་ཚད་སྦོམ་སྦེ་ དགོཔ་མེད་རུང་ སྣ་ཁ་མང་བ་དང་ ཡུད་ཙམ་ཅིག་ གནས་པའི་ ལས་རིམ་གྱི་གོ་བ་ ལེན་ནིའི་དོན་ལུ་ སྤྱིར་བཏང་གི་ཡོན་ཏན་དགོ།

རྒྱང་བསྒྲགས་ཀྱི་གནས་ཚུལ་ཚུ་ སྒྲ་གདངས་ (podcast) བཟུམ་སྦེ་ སྒྲ་བཟུང་སྟེ་བཞག་ན་མ་གཏོགས་ གསར་ཤོག་བཟུམ་ ལག་བཟུང་བཏུབ་པའི་ དངོས་པོ་མེན།

རྒྱུ་མཚན་འདི་ཚུ་ལུ་བརྟེན་ཏེ་ རྒྱང་བསྒྲགས་ཀྱི་རང་བཞིན་དང་ མི་མང་གིས་ ལག་ལེན་འཐབ་ཐངས་ལུ་བལྟཝ་ད་ གསར་ཤོག་ལས་སྡེ་ནང་ལུ་ ལཱ་འབད་མི་དང་འཕྱདཔ་ད་ རྒྱང་བསྒྲགས་སྲུང་ཤོག་གི་དོན་ལུ་ སྐད་ཡིག་གི་ཐབས་ལམ་ གནམ་མེད་ས་མེད་ མ་འདྲཝ་སྦེ་ ཡོད་དགོཔ་ཨིན། བརྒྱུད་ལམ་ག་ཅི་ཨིན་རུང་འདྲ་ དུས་ཚོད་དང་ ས་གོ་ ཚད་གཅིག་ལས་མེད་པའི་ གནས་སྟངས་ནང་ གནས་ཚུལ་ཚད་མེདཔ་ཅིག་ སྤེལ་ནི་ལུ་ ག་ཐོབ་རྐྱབ་དོ་ཡོདཔ་ཨིན། མི་མང་གི་སེམས་ འདི་འཕྲོ་ལས་ མགུ་ཚུགས་པའི་ གནས་ཚུལ་ཅིག་ ཡང་ན་ གནས་སྐབས་ཅིག་འཚོལ་ཏེ་ ཞིབ་བརྟག་གི་ལས་འགུལ་ འགོ་བཙུགས་ནི་ལུ་ བརྩོན་དགོཔ་ཨིན་ནོ།། །།