སྒྲིག་བཀོད་ཅན་གྱི་ དྲི་བ་དྲིས་ལན་འབད་ནི་འདི་ བརྟག་ཞིབ་ཆུང་བ་ཅིག་འགོ་འདྲེན་འཐབ་མི་དང་འདྲ། དེ་ཡང་ གཞུང་འབྲེལ་ཡིག་ཆ་ཚུ་མེད་པའི་སྐབས་ གནས་སྡུད་ཚུ་ ཚུལ་དང་མཐུནམ་སྦེ་ལེན་ཐངས་ཅིག་ཨིན། གྲངས་ཚད་ཀྱི་གནས་སྡུད་འཐོབ་ནིའི་དོན་ལུ་ ཚད་གཞི་ལྡན་པའི་དྲི་ཐོ་ཅིག་དགོ། ཨིན་རུང་མི་རེ་ངོ་རེ་སྦེ་ དྲི་བ་དྲིས་ལན་འབད་བའི་སྐབས་ལུ་སེམས་ཁར་ཤར་ཏེ་འོངས་པ་ཅིན་ དྲི་བ་ཁ་སྐོང་ཚུ་བཀོད་དགོ།

༡. གནས་སྟངས་ངོ་མ་ཚུ་ བདེན་ཁུངས་བཟང་ཚུགས་པའི་འོས་བབ་ཡོད་པའི་དྲི་བ་ཡོངས་རྫོགས་ཐོ་བཀོད་འབད་དགོ། དཔེར་ན་ གནས་ཚུལ་བྱིན་མི་གིས་ གནད་དོན་གང་རུང་ཅིག་ འགོ་ཐོག་ནམ་བྱུང་ཡི་ག་གི་སྐོར་ལས་ དྲན་ཚུགས་མི་ཚུགས་འདྲི་ནི། འདི་བཟུམ་མའི་ཐབས་ལམ་གྱི་ཐོག་ལས་ དཀའ་ངལ་ཅིག་ ནམ་བྱུང་བྱུངམ་ཨིན་ན་དབྱེ་ཞིབ་འབད་ཚུགས། ༼དཔེར་ན་ དབང་བཙོང་འདོད་སྤྱོད། མི་ངོ་མ་ཤེས་མི་གིས་ གནོད་བཀལ་འབད་བ། ལོ་ཐོག་སྐམ་པ། སྣུམ་འཁོར་ལམ་ཉམས་ཆག་ཤོར་བ། ས་གནས་ཀྱི་མི་བྱང་སྟོར་ཤོར་བ།༽ དེ་ལས་འདི་ཚུ་གི་བྱུང་གཞི་ག་ཅི་ཨིན་ན། ༼དཔེར་ན་ མི་ཚུ་གིས་ “འདི་སྐབས་གནད་དོན་འདི་བཟུམ་གཞན་ཅིག་ཡང་བྱུང་ཡོད” ཟེར་སླབ་སྲིད།༽ དེ་ལས་ ལ་ལུ་གིས་བྱ་རིམ་ཅིག་གི་སྐོར་ལས་འདྲི་བའི་སྐབས་ ༼”ང་བཅས་ཁྲོམ་འདི་བཟུམ་ཅིག་ཁར་ སྤོ་འགྱོ་ནི་གི་ཐག་བཅད་ཅི”༽ ཟེར་སླབ་འོང་།

༢. གནས་ཚུལ་བྱིན་མི་ག་ར་ལུ་ དྲི་བ་ཅོག་གཅིགཔ་སྦེ་བཀོད་དགོ།

༣. དྲི་བ་ཚུ་གསལ་ཏོག་ཏོ་སྦེ་བཀོད་དགོ། ལན་ཚུ་རྡོག་རྡོག་རིལ་རི་སྦེ་ལེན་སྟེ་ ག་ཨིནམ་སྦེ་ ཐོ་བཀོད་འབད་དགོ། ལན་གསལ་རིལ་རི་སྦེ་འཐོབ་ཚུགས་པའི་ དྲི་བ་བཀོད་ནི་འདི་ཁག་ཆེ། མ་གཞི་ ལན་ཚུ་མངོན་གསལ་ཅན་དང་ ཟུར་ཙམ་སྟོན་པའི་ལན་ཚུ་ཡང་ལེན་ནིའི་རྩིས་རྐྱབ་དགོ། ལན་འདི་ཚུ་གེ་ར་གཅིག་ཁར་བསྡོམས་ཞིནམ་ལས་ ཁྱོད་རའི་ གནས་སྡུད་བཟོ་ནིའི་དོན་ལུ་ལག་ལེན་འཐབ་དགོ།