དེ་གི་ཤུལ་མ་ འགོ་ཐོག་གི་འཆར་སྣང་ཚུ་ ཁྱོད་ཀྱི་གནས་ཚུལ་དེ་གིས་ དཀའ་ངལ་སེལ་ཚུགས་པའི་ དམིགས་བསལ་དྲི་བ་ཅིག་ལུ་བསྒྱུར་དགོ། འདི་གིས་ཁྱོད་ལུ་ ཕན་ཐོགས་ཡོད་མི་དེ་ཡང࿒

  • ! བདེན་ཁུངས་ནང་ ག་ཅི་ར་ཚུདཔ་ཨིན་ན་དང་ སྒྲུབ་བྱེད་ག་ཅི་ འབྲེལ་བ་ཡོད་ག་ གྲོས་ཐག་བཅད་དགོ།
  • ! -བཅད་མཚམས་དང་ དམིགས་དོན་ཚུ་ ངེས་གཏན་བཟོ་ཐོག་ལས་ འཛིན་སྐྱོང་འཐབ་ཚུགས་བཟོ་ནི།
  • ! མི་གཞན་ལུ་ བརྡ་དོན་སྤྲོད་ཐོག་ལས་ གནས་སྐབས་དེ་ གཞན་གྱི་སེམས་ཁར་ཚུདཔ་བཟོ་དགོ།
  • ! དུས་ཚོད་དང་ ཐོན་ཁུངས་ཚུ་ ངེས་གཏན་སྦེ་ འཆར་འགོད་འབད་དགོ།
  • ! དུས་ཚོད་དང་ ཐོན་ཁུངས་ཚུ་ ངེས་གཏན་སྦེ་ འཆར་འགོད་འབད་དགོ།

གནས་ཚུལ་གྱི་གནས་སྐབས་རེ་རེ་ལས་ མཐའ་ཐུག་གནས་ཚུལ་གྱི་དོན་ལུ དཔག་འཆར་ ཡང་ན་ ལམ་ཕྱོགས་ ལེ་ཤ་འཐོན་འོང་། དཔེར་ན་ འཐུང་ཆུ་ལུ་བརྟེན་པའི་ནད་གཞིའི་ གནས་ཚུལ་དེ་ལུ་ དཔག་འཆར་ཁག་གཉིས་འཐོན་འོང་།

༼ཀ༽ འཐུང་ཆུ་བཀྲམ་སྤེལ་ སྒེར་སྡེ་ལུ་སྤྲོད་ནི་དེ་གིས་ མི་སེར་མཉམ་ཆུང་ཚུ་ ཆུ་ཉོ་མ་ཚུགས་པར་ སྟོང་མར་ཐོབ་མི་ གཙང་སྦྲ་མེད་པའི་ཆུ་ སྤྱོད་མི་ལུ་བརྟེན་ཏེ་ ནད་ཡམས་ཐོན་ཡོདཔ།

༼ཁ༽ འཐུང་ཆུ་བཀྲམ་སྤེལ་འབད་མི་ སྒེར་སྡེ་གིས་ ཟད་འགྲོ་མར་ཕབ་རྐྱབ་སྟེ་ འཐུང་ཆུའི་གནས་ཚད་ མར་འབབ་འགྱོ་མི་ལུ་བརྟེན་ཏེ་ ནད་ཡམས་བྱུང་ཡོདཔ།

འ་ནཱི་དཔག་འཆར་གཉིས་ལུ་ ན་འཐན་སྦེ་ དྲན་པ་བཏོན་ཏེ་ དབྱེ་ཞིབ་འབད་དགོ། རྒྱུ་རྐྱེན་དེ་གཉིས་ཆ་ར་ ངེས་གཏན་མེད་པའི་ ཕོ་ཚོད་ཙམ་ཅིག་ཨིན། ༼ཀ༽ པ་གིས་ སྟོང་མར་ཐོབ་པའི་ གཙང་སྦྲ་མེད་པའི་འཐུང་ཆུ་ལས་ ནད་ཡམས་ཐོན་ཡོདཔ་སྦེ་མནོཝ་ཨིན། ༼ཁ༽ པ་གིས་ འཐུང་ཆུ་བཀྲམ་སྤེལ་འབད་མི་དེ་གིས་ འཐུང་ཆུའི་གནས་ཚད་ལུ་ སྣང་མེད་བསྐྱུར་ཏེ་བཞགཔ་ལས་ ནད་ཡམས་ཐོན་ཡོདཔ་སྦེ་མནོཝ་ཨིན། དེ་གཉིས་ལས་ བདེན་པ་ག་ཨིན་ན་ སླབ་མ་ཤེསཔ་ལས་ དབྱེ་དཔྱད་འབད་དགོཔ་གལ་ཆེ། ནད་ཡམས་དེ་ ག་ཏེ་ལས་ འགོ་བཙུགས་ནུག?

དེ་གི་སྐབས་ལུ་ དེ་བ་དྲག་པའི་དཔག་འཆར་ གཞན་ཡོད་མི་དེ་ཡང࿒

༼ག༽ ད་རེས་ཁམས་ ཁྲོམ་ཚོགས་ཅིག་ནང་ ཆུ་ལུ་བརྟེན་པའི་ནད་ཡམས་ཅིག་ ཐོན་མི་དེ་སྒེར་སྡེ་ལུ་སྤྲོད་མི་ འཐུང་ཆུ་བཀྲམ་སྤེལ་ ཡང་ན་ གཞུང་འབྲེལ་མིན་པའི་འཐུང་ཆུ་ནང་ལས བྱུང་བྱུངམ་འོང་ནི་ཨིན་མས།

བསྐྱར་བཟོ་འབད་མི་ དཔག་འཆར་དེ་གིས་ ཁྱོད་རའི་གནས་ཚུལ་བཅུད་སྡུད་དེ་ལུ་ ལོག་བལྟ་ཞིནམ་ལས་ ཁ་གསལ་དང་ ཚད་སྙོམས་ཅན་གྱི་ ཞིབ་དཔྱད་འཆར་གཞི་ཅིག་ བརྩམ་བཅུགཔ་ཨིན།

༼ང༽ འཐུང་ཆུ་བཀྲམ་སྤེལ་ སྒེར་སྡེ་ལུ་སྤྲོད་ཡོད་པའི་ ཁྲོམ་ཚོགས་ཅིག་ནང་ ཆུ་ལུ་བརྟེན་པའི་བཤལ་ནད་ཀྱི་ ནད་ཡམས་ཚབས་ཆེན་ཅིག་ཐོན་ནུག། དེ་གིས་སྐབས་ ནད་ཡམས་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ འཚོལ་དགོཔ་ཨིན། མི་སེར་ཚུ་གིས་ སྒེར་སྡེ་གིས་བཀྲམ་མི་ཆུ་ ཉོ་མ་ཚུགས་པར་ གཙང་སྦྲ་མེད་པའི་ ཤར་ཆུ་དང་ རྫིང་ཆུ་ནང་ལས་ སྤྱོད་དོ་ཡོདཔ་ཨིན་ན? ཡང་ན་ སྒེར་གྱི་འཐུང་ཆུ་བཀྲམ་སྤེལ་ལས་སྡེ་གིས་ ཟད་འགྲོ་མར་ཕབ་རྐྱབ་སྟེ་ འཐུང་ཆུ་བཀྲམ་སྤེལ་འཕྲུལ་ཁང་ནང་ འཐུང་ཆུའི་སྤུས་ཚད་ཀྱི་གནས་ཚད་ མར་འབབ་སོང་ཡོདཔ་ཨིན་ན? དེ་གི་རྒྱུ་རྐྱེན་གྱི་སྐོར་ལས་ ང་བཅས་ཀྱིས་ ཚན་རིག་པ་དང་གཅིག་ཁར་ བློ་སླབ་དགོ།

ཁྱོད་ཀྱིས་ དཔག་འཆར་ཁ་གསལ་དེ་ གཏན་འཁེལ་བཟོ་ཞིནམ་ལས་ ཞིབ་འཚོལ་གྱི་འཆར་གཞི་ཅིག་ བརྩམ་དགོཔ་ད་ དེ་གི་གྲངས་སུ་ཚུད་དགོཔ་ཡང࿒

  • > འབྱུང་ཁུངས་འཚོལ་ནི།
  • > སྒྲུབ་བྱེད་ཀྱི་ཁྱད་ཚད་བཟོ་ནི།
  • > ཐབས་ལམ་སྐོར༌ གྲོས་ཐག་བཅད་ནི།
  • > དུས་ཚོད་ཀྱི་འཆར་གཞི་ཅིག་བཟོ་ནི་དང་།
  • > མ་དངུལ་གྱི་འཆར་གཞི་ཅིག་བཟོ་ནི།

ལེའུ་འདི་ནང་གི་ འོག་གི་དོན་ཚན་ཚུ་ནང་ གོ་རིམ་དེ་ཚུ་ ག་དེ་སྦེ་ བརྩམ་དགོཔ་ཨིན་ན་གི་སྐོར་ལས་ སྤྱི་དོན་ཅིག་བཀོད་འོང་། ཤུལ་མའི་ལེའུ་ཚུ་ནང་ གོ་རིམ་དེ་ཚུ་ རེ་རེ་བཞིན་དུ་ ག་དེ་སྦེ་ བསྟར་སྤྱོད་འབད་ནི་ཨིན་ན་ རྒྱས་ཤིང་རྒྱསཔ་སྦེ་ གསལ་བཤད་འབད་འོང་།

མཐའ་མཇུག་ལུ་ ཁྱོད་ཀྱིས་ཁྱོད་རའི་གནས་ཚུལ་དེ་ ཚིག་ཉུང་ལ་དོན་གསལ་བའི་ མགོ་རྒྱན་ཅིག་གི་ཐོག་ལས་ འགོ་བཙུགས་དགོ། གནས་ཚུལ་དེ་གི་ མཐར་ཐུག་གི་མགོ་རྒྱན་དེ་ འདི་ལུ་གནས་མི་ཚུགསཔ་འོང་། ཨིན་རུང་ ཁྱོད་ཀྱིས་སྲུང་དེ་ལུ་གཙོ་བོར་བཏོན་ནི་ལུ་ མགོ་རྒྱན་དེ་གིས་ ཕན་ཐོགས་འབད་འོང་། དེ་མ་ཚད་ གནས་ཚུལ་དེ ངོ་སྤྲོད་འབད་ནི་དང་ གནས་ཚུལ་ལས་ཁང་ཅིག་གིས་ གནས་ཚུལ་དེ་ ག་དེ་སྦེ་ བཏོན་དགོཔ་ཨིན་ན་ རྩལ་རིག་གི་ཐོག་ལས་ མནོ་བསམ་གཏང་ནི་ལུ་ཡང་ ཕན་ཐོགས་འོང་།