ཐབས་འཕྲུལ་དང་ འཛུལ་སྤྱོད་ལེ་ཤ་ཅིག་ལུ་ གསང་ཡིག་འདི་ ཧ་ཅང་གིས་ གལ་ཅན་ཨིན། དེ་ཡང་ འགྲུལ་འཕྲིན་ ཡང་ན་ གློག་རིག་ཁ་ཕྱེ་ནི་ ཝའི་ཕའི་ནང་འཛུལ་ནི་ ཡང་ན་ ཁྱོད་རའི་གློག་འཕྲིན་ནང་འཛུལ་ནི་ ཐ་ན་ ཁྱོད་རའི་གནས་སྡུད་ལུ་ གསང་བརྡ་བཀོད་ནི་ལུ་ཡང་ གསང་ཡིག་འདི་དགོཔ་ཨིན། གསང་ཡིག་སྒྲིང་སྒྲིང་ཅིག་ བཟོ་ནི་འདི་ ལཱ་འཇམ་ཤོས་ཨིན་རུང་ ཁྱོད་རའི་གནས་སྡུད་ ཉེན་སྲུང་འབད་ནི་ལུ་ ཐབས་ལམ་སྦོམ་ཅིག་ཨིན། རང་གི་གསང་ཡིག་དེ་ འཕྲལ་འཕྲལ་སྦེ་ར་ སོར་སྒྱུར་འབད་བ་ཅིན་ ཉེན་སྲུང་ལེགས་ཤོམ་འབད་ཚུགསཔ་ཨིན། ཁྱོད་རའི་ཐབས་འཕྲུལ་ ཡང་ན་ གློག་འཕྲིན་ཁ་བྱང་དེ་ ཉུང་མཐའ་ ཟླཝ་གསུམ་གསུམ་ནང་ ཚར་རེ་སོར་སྒྱུར་འབད་བ་ཅིན་ ལེགས་ཤོམ་ཨིན། དེ་ལས་ ཁྱེད་རའི་རླབས་འཕྲིན་གྱི་ ལམ་འཕྲུལ་དེ་ (Wi-Fi router) ལོ་རེ་ནང་ཐེངས་གཉིས་རེ་ སོར་སྒྱུར་འབད་དགོ། རིམ་ལཱ་གཞན་གྱི་དོན་ལུ་ གསང་ཡིག་དེ་ ཉུང་མཐའ་ ལོ་རེ་ནང་ཚར་རེ་སོར་དགོ།

གསང་ཡིག་སྒྲིང་སྒྲིང་བཟོ་ནི་གི་ བསླབ་བྱ་དག་པ་ཅིག་ ཡོད་མི་དེ་ཡང་།

  • > ཁ་བྱང་རེ་རེ་ལུ་ གསང་ཡིག་མ་འདྲཝ་་རེ་ ལག་ལེན་འཐབ་དགོ།
  • > ནམ་ར་འབད་རུང་ ཚིག་མཛོད་ནང་ཡོད་པའི་མིང་ཚིག་ ལག་ལེན་མ་འཐབ།
  • > ནམ་ར་འབད་རུང་ བཟའ་ཚང་འཐུས་མི་ ཆ་རོགས་ ཡང་ན་ གཅེས་འཛིན་སེམས་ཅན་ཚུ་གི་ མིང་དང་སྐྱེས་ཚེས་ཚུ་ ལག་ལེན་མ་འཐབ།
  • > གསང་ཡིག་སྒྲིང་སྒྲིང་དེ་ རིང་སུ་སྦེ་ ཡིག་འབྲུ་༡༥ དེ་ཅིག་ལུ་ དམིགས་གཏད་བསྐྱེད་དགོ།
  • > ག་ཐོབ་སྦེ་ ཡིག་ཆུང་དང་ ཡིག་ཆེན་ དེ་ལས་ དམིགས་བསལ་ཡི་གུ་དང་རྟགས་ཚུ་ བཙུགས་དགོ།

མི་མང་ཤོས་ཅིག་གིས་ མགུ་རྙོག་ཅན་གྱི་གསང་ཡིག་ཚུ་ སེམས་ཁར་དྲན་ཚུགས་པར་ ལཱ་ཁག་གཏངམ་ཨིན། ་ཐབས་ལམ་གཞན་ཅིག་ ཡིག་ཨང་ཚིག་ཚོགས་ ལག་ལེན་འཐབ་དགོ། དཔེར་ན་ WIw8,mlbtmcitt (‘When I was eight, my little brother threw my cat in the toilet’).བཟུམ་ཨིན། ཡི་གུ་རེ་རེའི་འགྲེལ་བཤད་རྐྱབ་པའི་སྐབས་ ༼ང་ལོ་༨ འབདཝ་ད་ ངེའི་ནུ་གཅུང་ཆུང་ཀུ་དེ་གིས་ ངེའི་བྱི་ལི་ གསང་སྤྱོད་ནང་ བཀོ་བཏང་ཡི་༽ ཟེར་ཨིན་པས།

ཁྱོད་ཀྱི་གསང་ཡིག་ བརྟག་དཔྱད་འབད་ནི་དང་ དུས་རྒྱུན་ཁྱིམ་ནང་གི་གློག་རིག་ཅིག་ ཡང་ན་ མགྱོགས་ཚད་གནམ་་མེད་ས་མེད་ཡོད་མི་ གློག་རིག་ཅིག་གིསཧམ་སྤྱོདའབད་ནི་ལུ་ དུས་ཡུན་ག་དེམ་ཅིག་དགོཔ་ཨིན་ན་གི་ བརྡ་མཚོན་སྟོན་ནི་ལུ་ ཕན་ཐོགས་ཡོད་པའི་ཡོངས་འབྲེལ་འཆར་སྒོ་ ལེ་ཤ་ཅིག་ཡོད། དེ་བཟུམ་གྱི་ཡོངས་འབྲེལ་འཆར་སྒོ་གཅིག་འདི་ https://password.kaspersky.com.ཨིན། འཆར་སྒོ་འདི་བཟུམ་ཚུ་ནང་ ཁྱོད་རའི་གསང་ཡིག་ངོ་མ་དེ་བཙུགས་པ་ཅིན་ ཉེན་སྲུང་ལུ་གནོད་ཉེན་ཡོདཔ་ལས་ འདི་དང་ཆ་འདྲཝ་གཅིག་གི་ནུས་ཤུགས་ལུ་ བརྟག་དཔྱད་འབད་དེ་བལྟ་གནང་།

ཁྱོད་རའི་ཁ་བྱང་ གེ་ར་གི་དོན་ལུ་ གསང་ཡིག་རེ་རེ་བཞིན་དུ་ སེམས་ཁར་བཞག་མ་ཚུགས་པ་ཅིན་ “KeePass” (keepass.info) ཡང་ན་(“Safe in Cloud” (safe-in-cloud.com).བཟུམ་གྱི་རིམ་ལུགས་ཚུ་ལག་ལེན་འཐབ་གནང་། འདི་ཚུ་གིས་ ཁྱོད་ཀྱི་གསང་ཡིག་ཚུ་ ཉེན་སྲུང་ཐོག་ལུ་གསོག་འཇོག་འབད་དེ་ བརྡ་དོན་ལུ་གསང་བརྡ་བཀོད་ཞིནམ་ལས་ གསང་ཡིག་ཨམ་ སྒྲིང་སྒྲིང་ཅིག་ བཙུགསཔ་ད་རྐྱངམ་གཅིག་ འཛུལ་སྤྱོད་འབད་བཏུབ་ཨིན། སྤྱིར་བཏང་གིས་ ལག་ཆས་འདི་ཚུ་དང་གཅིག་ཁར་ གསང་ཡིག་བཟོ་སྐྲུན་པ་ཅིག་འོངམ་ཨིན། འདི་བཟུམ་མའི་ལག་ཆས་ཚུ་ ཁྱོད་རའི་འགྲུལ་འཕྲིན་གྱི་ རིམ་ལུགས་མཛོད་ཁང་ཡང་ཡོད།

གསང་ཡིག་གསོག་འཇོག་དང་ ཉེན་སྲུང་གིས་མ་དོ་བར་ ཐེངས་གཅིག་གི་གསང་ཡིག་ (one-time-passwords (OTP)) ལག་ལེན་འཐབ་ནི་དེ་ ལེགས་ཤོམ་ཡོད། གསང་ཡིག་འདི་ཚུ་ ལས་ཡུན་གཅིག་གི་དོན་ལུ་མ་གཏོགས་ ཆ་གནས་མེདཔ་ད་ དེ་ཡང་ ཚད་ལྡན་གསང་ཡིག་ཅིག་གི་ཁ་སྐོང་ལུ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ འདི་ལུ་བདེན་རྟགས་གཉིས་དཔྱད་ཟེར་སླབ་ཨིན། (2-factor-authentication (2FA)) ཐེངས་གཅིག་གི་གསང་ཡིག་འདི་ (OTP) ཆས་ཚང་འགྲུལ་འཕྲིན་གྱི་རིམ་ལུགས་ “Google Authenticator” (Android/iOS), “Authenticator Plus” (Android) དང་ “2STP Authenticator” (iOS)ཚུ་བརྒྱུད་དེ་བཟོ་སྐྲུན་འབད་མི་ ཡིག་འཕྲིན་ཐོག་ལས་གཏང་ནི་ ཡང་ན་ དམིགས་བསལ་ངོ་རྟགས་ཅིག་གི་ཐོག་ལས་ གཏངམ་ཨིན་མས། ཞབས་ཏོག་ལེ་ཤ་ དཔེར་ན་ ཕེསི་བྷུག་ ཇི་མེལ་ ཡང་ན་ ཊུ་ཡི་ཊར་བཟུམ་ཚུ་གིས་ཐེངས་གཅིག་གི་གསང་ཡིག་བྱིནམ་ཨིན། གློག་འཕྲིན་ཞབས་ཏོག་བྱིན་མི་གཞན་(mailbox.org) གྱིས་ བདེན་རྟགས་གཉིས་དཔྱད་ཡང་བྱིནམ་ཨིན། ཐེངས་གཅིག་གི་གསང་ཡིག་དང་བཅས་ འཕྲལ་འཕྲལ་ར་ དུས་མཐུན་བཟོ་དོ་ཡོད་པའི་ ཞབས་ཏོག་གི་ཐོ་ཡིག་ཅིག་ twofactorauth.orgནང་ལས་ཐོབ་ཚུགས།