༡.༤.༣ མི་མང་ཐབས་འཕྲུལ་ཚུ་ ཉེན་སྲུང་གི་ཐོག་ལས་ལག་ལེན་འཐབ་ནི།

༡.༤.༣ མི་མང་ཐབས་འཕྲུལ་ཚུ་ ཉེན་སྲུང་གི་ཐོག་ལས་ལག་ལེན་འཐབ་ནི།


མི་མང་གི་ཐབས་འཕྲུལ་ཚུ་ ལག་ལེན་འཐབ་ནི་འདི་སྤང་དགོ། བརྡ་དོན་སྤྲོད་ལེན་ ཉེན་སྲུང་ཅན་བཟོ་ནི་ལུ་ རང་གི་ཐབས་འཕྲུལ་ཚུ་ ལག་ལེན་འཐབ་དྲག། མི་མང་གི་ཐབས་འཕྲུལ་དེ་ ཧེ་མ་ག་གིས་སྤྱོད་ཅི་ག་ ཡང་ན་ དེ་ནང་ལུ་གནོད་ཉེན་ག་ཅི་ གཞི་བཙུགས་འབད་ཡི་ག་ ང་བཅས་ཀྱིས་མི་ཤེས། གལ་སྲིད་ མི་མང་གི་གློག་རིག་ཅིག་ ལག་ལེན་འཐབ་དགོཔ་བྱུང་པ་ཅིན་ སྤྱོད་སྒྲིག་འབད་བཏུབ་པའི་ སྤྱི་མཐུད་ཐབས་འཕྲུལ་ཅིག་ འབག་འོང་དགོ། ཐབས་འཕྲུལ་འདི་གིས་ མི་མང་གློག་རིག་ ལག་ལེན་འཐབ་པའི་སྐབས་ དེའི་བྱ་ལས་དེ་ ལག་ལེན་འཐབ་མ་དགོ་པར་ གནས་སྐབས་ལག་ལེན་རིམ་ལུགས་བཟུམ་ཅིག་སྦེ་ ལཱ་འབད་བཏུབ་ཨིན། ནང་དོན་དེ་ རིམ་མེད་ལག་ལེན་གློག་ཤེས་ (RAM) ནང་ གློག་རིག་གི་ཡུན་ཐུང་གློག་ཤེས་ནང་ སྲུང་བཞག་འབདཝ་ལས་ ལས་ཡུན་ཐེངས་ཅིག་གི་དོན་ལུ་རྐྱངམ་གཅིག་ ཆ་གནས་ཡོད། ཁྱོད་ཀྱིས་གློག་རིག་དེ་ སྒོ་བསྡམས་པའི་བསྒང་ལས་ གནད་སྡུད་ ཡང་ན་ ལས་སྣ་ཚུ་ ག་ནི་ཡང་ མི་མང་ཐབས་འཕྲུལ་ནང་ སྲུང་བཞག་མི་འབད།

ཁྱོད་ཀྱིས་ལག་ལེན་རིམ་ལུགས་སོ་སོ་ཅིག་ སྤྱོད་ནི་ཨིན་པ་ཅིན་ ཐབས་འཕྲུལ་ལུ་ སྤྱོད་སྒྲིག་འབད་དགོ། དཔེར་ན་ སྤྱོད་སྒྲིག་འབད་ཡོད་པའི་ སྤྱི་མཐུད་ཐབས་འཕྲུལ་ཅིག་ནང་ ལི་ནགསི་རིམ་ལུགས་ཅིག་ གཞི་བཙུགས་འབད་བཏུབ། ཁྱོད་རའི་ཝིན་ཌོསི་གློག་རིག་ནང་ལས་ སྤྱོད་སྒྲིག་འབད་ཞིནམ་ལས་ ལི་ནགསི་རིམ་ལུགས་ཅིག་ནང་ ལཱ་འབད་བཏུབ་ཨིན། དེ་འབདཝ་ད་ སེམས་ཁར་བཞག་དགོཔ་ཅིག་ ཁྱོད་རའི་གློག་རིག་ནང་ གནས་སྡུད་ག་ནི་ཡང་ སྲུང་བཞག་འབད་འབདཝ་མི་འོང་། སྤྱོད་སྒྲིག་འབད་བཏུབ་པའི་ སྤྱི་མཐུད་ཐབས་འཕྲུལ་ཅིག་ གསར་བཟོ་འབད་ནི་འདི་ འཇམ་ཏོང་ཏོ་མེན། གལ་སྲིད་ ཁྱོད་ཀྱིས་ཐབས་ལམ་འདི་ ལག་ལེན་འཐབ་ནི་སྦེ་ སེམས་ཐག་བཅད་པ་ཅིན་ ཡོངས་འབྲེལ་ནང་ཡོད་པའི་ སློབ་སྟོན་ལུ་བལྟ་དགོ།

རིན་མེད་སྟོང་མར་ཐོབ་པའི་ ཀུན་ཐོབ་རླབས་འཕྲིན་གྱི་མཐུད་འབྲེལ་ཚུ་ཡང་སྤང་དགོ། དེ་ཡང་ མཐུད་འབྲེལ་དེ་ནང་ གཞན་མི་ག་འཛུལ་ཏེ་ཡོད་ག་ ང་བཅས་ཀྱིས་མ་ཤེསཔ་མ་ཚད་ མི་ངོ་དེ་གིས་ ཁྱོད་ལུ་གནོད་ཉེན་རྐྱབ་མི་རྐྱབ་ཡང་ ཤེས་མི་ཚུགས། སྟོང་མར་ཐོབ་པའི་ རླབས་འཕྲིན་ (Wi-Fi) ལུ་ མཐུད་འབྲེལ་འབད་དེ་ གློག་རིག་ཡོངས་འབྲེལ་འཐབ་པའི་སྐབས་ ཨ་རྟག་ར་ དངོས་མེད་སྒེར་སྤྱོད་ཡོངས་འབྲེལ་ (VPNs) ཚུ་ ལག་ལེན་འཐབ་དགོ། དེ་གིས་སྒེར་གསང་དུམ་གྲ་ཅིག་ བྱིན་ཚུགསཔ་ཨིན།

ཝིན་ཌོསི་༡༠ འབད་མི་ ལག་ལེན་རིམ་ལུགས་ཅིག་ནང་ སྤྱི་མཐུད་ཐབས་འཕྲུལ་ སྤྱོད་སྒྲིག་འབད་ཐངས་ཀྱི་ དཔེ་ཅིག་ https://www.youtube.com/watch?v=wzuCgm7dIEc ནང་ཡོད།


ཉེན་སྲུང་ཅན་གྱི་གདམ་ཁ་གཞན་: ལི་ནགསི།

ལི་ནགསི་འདི་ གློག་རིག་དང་ ཆས་ཚང་འགྲུལ་འཕྲིན་གྱི་དོན་ལུ་ གློག་རིག་ཚན་རིག་པ་ཚུ་གིས་ ལག་ལེན་འཐབ་མི་ ཉེན་སྲུང་ཅན་གྱི་ ལག་ལེན་རིམ་ལུགས་ཅིག་ཨིན། དེང་སང་གི་ཐོན་སྐྱེད་ ཡང་ན་ མཉེན་ཆས་ཐུམ་ཚན་འདི་ཚུ་ ལག་ལེན་རིམ་ལུགས་ གཞན་ཚུ་བཟུམ་སྦེ་ འཇམ་ཏོང་ཏོ་སྦེ་ གཞི་བཙུགས་འབད་བཏུབ། དེ་ཚུ་གི་གྲས་ལས་ དར་ཁྱབ་ཡོད་མི་ ‘Ubuntu’, ‘openSUSE’, ‘Debian’, ‘Mint’ དང་ ‘Elementary OS’ ཚུ་ཨིན།

ལི་ནགསི་འདི་ རིན་མེད་སྟོང་མར་ཐོབ་པའི་ ཀུན་ཐོབ་མཉེན་ཆས་ བྱ་སྟབས་བདེ་ཏོག་ཏོ་ཨིན། མི་ག་ར་གིས་ འབྱུང་ཁུངས་གསང་ཡིག་དང་ ནོར་བ་ གནོད་ཉེན་ཚུ་ བདའ་ཟུན་ནི་ཨིནམ་ལས་ ལག་ལེན་རིམ་ལུགས་ གཞན་ཚུ་དང་འཕྱདཔ་ད་ མགྱོགས་པ་ར་ ཧ་གོ་སྟེ་ སྐྱོན་བཅོས་འབད་ཚུགསཔ་ཨིན། རིམ་ལུགས་འདི་ ཝིན་ཌོསི་དང་ ཨེ་པཱལ་བཟུམ་སྦེ་ དར་ཁྱབ་མེདཔ་ལས་ གནོད་མཉེན་ (virus) ཡང་ ལེ་ཤ་མི་འོང་། ལོ་བསྟར་བཞིན་དུ་ ལི་ནགསི་གིས་ ཁོང་རའི་བཀྲམ་སྤེལ་ཐོན་སྐྱེད་ དྲག་ཤོས་ཀྱི་ ཐོ་ཡིག་ཅིག་ དཔེ་སྐྲུན་འབདཝ་ཨིན།

ལི་ནགསི་གི་སྐོར་ལས་ འགྲེལ་བཤད་ཐུང་ཀུ་ཅིག་ https://www.youtube.com/watch?v=JsWQUOEL0N8. ནང་ལུ་ཐོབ་ཚུགས།
ཐོན་སྐྱེད་ཀྱི་དོན་ལུ་ འབྲེལ་མཐུད་ཚུ་ ཐོབ་ས་ཡང་ https://tails.boum.org/ ༼ཉེན་སྲུང་ཆེ་ཤོས་དང་ སྤྱི་མཐུད་ཀྱི་དོན་ལུ་ཡང་ ལག་ལེན་འཐབ་བཏུབ་༽ ། https://elementary.io ༼འབྲེལ་ཁའི་ (interface) བཟོ་བཀོད་དྲག་ཤོས༽ ། http://www.ubuntu.com༼ལེབ་ཀྲོབ་ཀྱི་དོན་ལུ་ཡོངས་གྲགས་ཅན་དང་ལེགས་ཤོམ༽ https://www.opensuse.org ༼ལག་ལེན་འཐབ་ངོ་བདེ་ཏོག་ཏོ༽ ། https://www.debian.org ༼གློག་གནས་ཀྱི་དོན་ལུ་ལེགས་ཤོམ༽ ། https://www.linuxmint.com ༼ལག་ལེན་འཐབ་ངོ་བདེ་ཏོག་ཏོ༽ །