ལྷག་མི་ཚུ་གི་སེམས་བཀུག་ཐབས་ལུ་ ཁྱོད་ཀྱིས་གནས་ཚུལ་གྱི་ སྙིང་དོན་ངོ་མ་ནང་འཛུལ་ཏེ་ ཁོང་གི་སེམས་ཁར་ འབྱུང་ཚུགས་པའི་ ནུས་པ་ཅན་གྱི་ འཆར་སྣང་གསལ་སྟོན་འབད་དགོ། ཨེ་མི་རི་ཀའི་ བརྡ་བརྒྱུདཔ་གོངམ་ ཨིསི་ཊི་ཕིན་ ཕེརེནཀ་ལིན་གྱིས་བསམ་འཆར་བཤད་དོ་བཟུམ་འབད་བ་ཅིན་ གནས་ཚུལ་ལྷག་མི་ཚུ་གི་ སེམས་བཀུག་ཐབས་ལུ་ འགོ་བཙུགས་པའི་སྐབས་ སྒེར་དོན་གྱི་བཅུད་དོན་ ཐོག་ལས་ མཐོང་སྣང་ནུས་པ་ཅན་ཅིག་གིས་ འགོ་བཙུགས་དགོ་ཟེར་ཨིན་མས། གནས་ཚུལ་ཡོངས་རྫོགས་འདི་ ཤུལ་ལས་གསལ་བཏོན་འབད་དགོཔ་ལས་ ངོ་སྤྲོད་སྐབས་ ཁ་གསལ་མདོར་བསྡུས་ཅིག་མ་གཏོགས་ དགོཔ་མེད་ཟེར་ཨིན་པས། དེ་འབདཝ་ད་ ཁྱོད་ར་གིས་མཐོང་མཐོངམ་ཚུ་ དྲང་པོའི་ཐོག་ལས་ འབྲི་དགོཔ་གལ་ཆེ། ཁྱོད་རའི་གནས་ཚུལ་གྱི་ འགྲོས་དང་མ་མཐུན་པའི་མཐོང་སྣང་ཚུ་ སྤང་དགོཔ་དང་ ཡང་ན་ བྱུང་རྐྱེན་ཚུ་ འོས་འབབ་མེད་པར་ སྤྲོ་བ་ཅན་བཟོ་ནི་གི་རྩིས་རྐྱབ་ནི་མི་འོང་། གནས་ཚུལ་ལྷག་མི་ཚུ་གིས་ བློ་གཏད་ཚུགསཔ་བཟོ་ནི་འདི་ ཁག་ཆེཝ་ལས་ འགོ་དང་འགོ་ལས་ བདེན་འཛིན་རེ་མ་ཚུགས་པའི ལོ་རྒྱུས་ཐོག་ལས་ འགོ་བཙུགས་པ་ཅིན་ ཁྱོད་རའི་འབད་རྩོལ་ དོན་མེད་འགྱོ་འོང་།

ཞིབ་འབྲས་ཚུ་ མཐའ་བསྡོམས་འབད་དེ་ དངོས་དོན་ཚུ་གི་ཐོག་ལས་ བདེན་ཁུངས་བཟང་ནི་ཚུ་འབད་དགོ། བརྗོད་ཚིག་འདི་ཚུ་ སྣང་བ་གང་ཤར་ཐོག་ལས་ ལག་ལེན་འཐབ་ནི་དང་ སྒྲུབ་བྱེད་ཚུ་ མཐའ་དཔྱད་གྲུབ་འབྲས་དང་ འབྲེལ་བ་བཟོ་ཐངས་ཚུ་ལུ་བརྟེན་ཏེ་ ཁྱོད་རའི་གནས་ཚུལ་ལུ་ གནོད་པ་འབྱུང་བཅུག་ནི་མི་འོང་། གལ་སྲིད་ དེ་སྦེ་འབད་བ་ཅིན་ ཁྱོད་རའི་གནས་ཚུལ་ཚུ་ ཏན་ཏན་མེདཔ་འགྱོ་འོང་། སྟབས་མ་ལེགས་པའི་སྐབས་ ཁྱོད་ར་ལུ་ ཁ་ཉེས་བཀལ་བའི་ ཉེས་འཛུགས་ཕོག་སྟེ་ ཁྱོད་རའི་བརྩི་མཐོང་ལུ་ཡང་ ཐོ་ཕོག་འོང་།

སེམས་ཁར་ངེས་དགོ་པའི་ བསླབ་བྱ་དག་པ་ཅིག་ གཤམ་ལུ་བཀོད་དེ་ཡོད།