ཁྱོད་ཀྱིས་གཞི་རྟེན་ཞིབ་འཚོལ་ དུམ་གྲ་ཅིག་འབད་ཚརཝ་ད་ ཁྱོད་རའི་འགོ་ཐོག་གི་ དཔག་འཆར་དེ་ ཕྱི་འགྱུར་ཨིན་པའི་ ཚོར་སྣང་བྱུང་པ་ཅིན་ དེ་ལུ་རྣམ་རྟོག་མ་ལངས་པར་ ཁྱོད་རའི་གནས་ཚུལ་གྱི་སྲུང་དེ་ བརྡ་དོན་གསརཔ་དང་འཁྲིལ་ཏེ་ བསྐྱར་སྒྲིག་འབད་དགོ། ཞིབ་དཔྱད་ལེགས་ཤོམ་ཅིག་འབད་ནི་ལུ་ གོ་ཡངསས་དྲགས་སྦེ་ བཞག་དགོཔ་འདི་ ཁྱད་ཆོས་གལ་ཅན་གཅིག་ཨིན། བདེན་ཁུངས་ཅན་གྱི་ བརྡ་དོན་གསརཔ་ཐོབ་མི་ཚུ་ འགྱོ་བཏུབ་རུང་མ་བཏུབ་རུང་ འགོ་ཐོག་གི་དཔག་འཆར་ནང་ སྦང་བཙོང་སྟེ་བཙུགས་ནི་གི་ རྩིས་མ་རྐྱབ།

རྒྱབ་རྟེན་འདི་ གཞི་བཙུགས་འབད་དེ་ ཁྱོད་རའི་ཞིབ་འཚོལ་དེ་ལུ་ གཏིང་ཟབ་སྦེ་འགྱོ་ཞིནམ་ལས་ འབྲེལ་བ་མེད་པའི་གནད་དོན་ཚུ་ བཀོ་བཏང་དགོ། རང་གི་དྲན་ཐོ་ཚུ་ ཡིག་སྣོད་ནང་བཙུགས་ཏེ་བཞག་པ་ཅིན་ ཤུལ་མའི་གནས་ཚུལ་ཅིག་ལུ་ ཕན་ཐོགས་ཚུགསཔ་འོང་། གཞུང་འབྲེལ་གྱི་བསམ་བཀོད་ ཁུངས་ལྡན་ཚུ་ལུ་བལྟ་ཞིནམ་ལས་ སྤྲོ་བ་ཅན་གྱི་འབྱུང་ཁུངས་དང་ འབྲེལ་གནད་ཅན་ཚུ་ལུ་ གཙོ་རྟགས་བཀལ་དགོ། ཁྱོད་རའི་མནོ་འཆར་སྦེ་ ཡོད་མི་ཚུ་གི་ཚབ་ལུ་ སྒྲུབ་བྱེད་ངེས་གཏན་ཚུ་འཚོལ་དགོ།་འདི་གི་སྐབས་ལུ་ ཁྱོད་ཀྱིས་གནད་དོན་དེ་གི་སྐོར་ལས་ ལྷག་པར་དུ་ ཧ་གོ་ཚུགས། རང་ལུ་ཁྲིམས་དོན་གྱི་ཉེས་འཛུགས་ འོང་ནི་མེདཔ་ཅིག་བཟོ་དགོ། རང་གིས་བདེན་དཔྱད་འབད་མ་ཚུགས་མི་ ག་ཅི་ར་ཡོད་རུང་ བཀོ་བཞག་དགོ། ཁྱོད་རའི་དྲན་ཐོ་ནང་ རྒྱབ་འགལ་གྱི་གནད་དོན་ཡོད་མེད་བལྟ་ཞིནམ་ལས་ ཡོད་པ་ཅིན་ མཐུན་སྒྲིག་འབད་ཚུགས་མི་ཚུགས་བལྟ་དགོ། ཁྱོད་རའི་ཕྱོགས་ལྷུང་ཅན་གྱི་ འབྱུང་ཁུངས་ཚུ་གིས་ དེ་གི་སྐོར་ལས་ ག་ཅི་སླབ་ནི་འདུག? བསམ་འཆར་ཚུ་གེ་ར་ དྲན་ཐོ་བཀོད་ཞིནམ་ལས་ ལོག་ཅི་ལོག་ཅི་ བདེན་དཔྱད་འབད་དགོ།

ཁྱོད་ར་ ལཱ་འབད་ཡི་ར་འགྱོ་བའི་བར་ན་ ག་དེ་སྦེ་ འགྱོ་དོ་ཡོདཔ་ཨིན་ན་གི་སྐོར་ལས་ ཁྱོད་རའི་རྩོམ་སྒྲིགཔ་ལུ་ སྙན་ཞུ་འབད་བ་ཅིན་ ཁོ་ལུ་ཤོག་གྲངས་བདེ་སྒྲིག་འབད་ནི་ལུ་ ཕན་ཐོགས་འོང་། དེ་ཡང་ཁྱོད་ཀྱིས་ ག་དེ་མགྱོགས་མགྱོགས་འབད་དགོ། དེ་མ་ཚད་ དམའ་འབེབས་དང་ ཁྲིམས་ཀྱི་གནད་དོན་རེ་ཡོད་པ་ཅིན་ རྩོམ་སྒྲིགཔ་ལུ་སླབ་དགོ། རྩོམ་སྒྲིགཔ་གིས་ མཐའ་དཔྱད་འགྱོ་མི་གནས་ཚུལ་དེ་ བསླབ་བྱའི་དོན་ལུ་ ཁྲིམས་རྩོདཔ་ཅིག་ལུ་ གཏང་ནི་འོང་།

ཤུལ་མའི་ལེའུ་དེ་ནང་ ཞིབ་འཚོལ་གྱི་ལཱ་ འགོ་བཙུགསཔ་ད་ཅིག་ཁར་ ཁྱོད་རའི་གནད་སྡུད་ ཉེན་སྲུང་འབད་ཐངས་ཚུ་ སྟོན་ནི་ཨིན།