༣.༢. རྩོད་རྙོག་ནང་འཛུལ་ནི་མི་འོང་།


དྲི་བ་བཀོད་པའི་སྐབས་ འཕྲལ་འཕྲལ་སྦེ་ དྲི་བ་དཔེར་ན་ མི་ངོམ་འདི་གིས་ དྲག་ཐོག་དབང་བཙོང་དང་འབྲེལ་བ་ཡོད་པའི་སྐོར་ལས་དང་ བརྩེ་འབྲེལ་ཚུ་གི་ཐད་ ཁ་ཉེས་ཕོག་ཡོད་པའི་སྐོར་ལས་ འདྲི་དགོཔ་འཐོན་ཏེ་ ཁོང་མགོ་མཐོམ་སི་སི་བཟོ་དགོཔ་འཐོན་འོང་། དྲི་བ་དཔེར་ན་ “ངེ་གི་དྲིས་ལན་འདི་གིས་ད་ལྟོ་ཚུན་ཚོད་ བསམ་འཆར་མ་འདྲཝ་་་་་་?” “ངེ་གི་རྩོམ་སྒྲིགཔ་གིས་ དྲི་བ་འདི་ཁྱོད་ལུ་མ་བཀོད་པར་བཞག་ཟེར་སླབ་མས་་་་་་་་་?” ཟེར་བའི་དྲི་བ་ཚུ་བཀོད་དེ་་དགོ། དེ་འབདཝ་ད་ ཤོབ་རྐྱབ་ནི་མི་འོང་། ཡང་ན་ གནས་ཚུལ་འབྱུང་ཁུངས་གཞན་ངོས་འཛིན་འབད་དགོ། དཔེར་ན་ ཁྱོད་ཀྱིས་ “གལ་སྲིད་ ཁྱོད་ཀྱིས་ཤེས་པ་ཅིན་སྤྲོ་བ་བསྐྱེད་འོང་། དེ་ཡང་ འབྱུང་ཁུངས་སོ་སོ་ཅིག་ལས་ ཁོང་གི་མཐོང་དོ་བཟུམ་འབད་བ་ཅིན་་་་་” ཡང་ན་ “འཐོར་གཏམ་་འདི་བཟུམ་ཅིག་འདུག།དེ་འབདཝ་ད་ ང་བཅས་གེ་ར་གིས་ཤེས།འདི་ཚུ་བདེན་མེད་ཀྱི་གཏམ་འོང་སྲིད་ཟེར་” ཟེར་མི་བཟུམ་སླབ་དགོ